ཁྱུང་དཀར་བ་ཀུན་བཟང་ཚེ་རིང་།

      ཁྱུང༌བཟང་། དངོས་མིང་ལ་ཀུན་བཟང་ཚེ་རིང་ཟེར། 1974ལོའི་ཟླ3པར་རེབ་གོང་སྨད་པ་ཁྱུང་བོ་རུ་ལྟེ་ཁྲག་འཕོས། རང་ལོ་བརྒྱད་པ་ནས་བཟུང་ཁྱུང་བོ་སློབ་གྲྭ་སོགས་རིམ་པར་འགྲིམས་ཏེ་སློབ་གྲྭའི་སློབ་གསོ་མྱངས། 1995ལོའི་ཟླ་བདུན་པར་རྨ་ལྷོ་དགེ་ཐོན་སློབ་གྲྭ་ནས་སློབ་མཐར་ཕྱིན་ཏེ། ཕ་ཡུལ་ཁྱུང་བོ་རུ་དགེ་རྒན་གྱི་བྱ་བ་བསྒྲུབས། 1998ལོའི་ཟླ9པར་མཚོ་སྔོན་དགེ་ཐོན་སློབ་ཆེན་དུ་ཞུགས་ནས་ཟབ་སྦྱོང་བྱས། 2002ལོའི་ཟླ9བ་ནས་ད་ལྟའི་བར་དུ་རེབ་གོང་མི་རིགས་བཅའ་སྡོད་སློབ་གྲྭ་རུ་དགེ་རྒན་གྱི་ལས་ཀ་གཉེར་དང་གཉེར་བཞིན་པ་ལགས་ཤིང༌། ཕོ་ལོ་བཅུ་བདུན་ནས་རྩོམ་ཡིག་འབྲི་སྦྱོང་གི་ལས་ལ་ཞུགས་ཏེ། ཞིང་ཆེན་ཕྱི་ནང་གི་གཞུང་སྒེར་དུས་དེབ་དང་ཚགས་པར་སོགས་སུ་ལྷུག་རྩོམ་དང་སྙན་ངག འབོལ་རྩོམ་གྱིས་གཙོས་པའི་བརྩམས་ཆོས་སུམ་བརྒྱར་ཉེ་བ་བཀོད་མྱོང་བ་དང༌། ཞིང་ཆེན་རིམ་པའི་བྱ་དགའ་ཡང་ཐེངས་ལྔ་དྲུག་ཙམ་ཐོབ་མྱོང༌།
     ཁོས་ནམ་རྒྱུན་ང་རང་ཆེས་དགའ་བ་ནི་རྩོམ་རིག་ཡིན་ཡང༌། མི་ཞིག་དང་མི་རིགས་ཤིག་ལ་ཆེས་གལ་ཆེ་བ་ནི་སློབ་གསོ་རེད། དེ་བས་ན་ང་རང་ཉིད་ཀྱིས་ཁ་གཡང་དང་སྡུག་ཡུས་ལྟ་བུའི་ཚིག་སྦྱོར་ལས། བརྩེ་སེམས་དང་རེ་བཞག་གིས་བརྟས་པའི་སློབ་གསོ་ལག་ལེན་གྱི་བྱ་བར་ནུས་ཤུགས་རྒྱག་འདོད་ཆེ་ཟེར།


འབྲེལ་གཏུག་ཞལ་པར། 13897136129 0973-8321291
གློག་རྡུལ་ཡིག་ཟམ། qunzang@yahoo.com.cn
QQཨང་གྲངས། 591530358
 

青ICP备08000069号
QQ:568095347
E-mail:liamrgbm@yahoo.com.cn

པར་དབང་རེབ་གོང་བོན་མང་དྲ་བར་དབང་བས་གཞན་གྱིས་མི་སྤྱོད་པར་མཁྱེན།
བོད་ཀྱི་ཆ་འཕྲིན་ལག་རྩལ་དྲ་བས་ལག་རྩལ་ཕྱོགས་ནས་རོགས་སྐྱོར་བྱས་པར་ཐུགས་རྗེ་ཆེ་ཞུ།