བོན་མང་དྲུང་ཡིག་བསོད་ནམས་གཡུང་དྲུང་།
བསོད་ནམས་གཡུང་དྲུང་། རེབ་གོང་རིག་པ་འབྱུང་བའི་ཡུལ། བློན་ཆེའི་སྔགས་ས་སྡེ་བར་ལྟེ་ཁྲག་འཕོས། རང་ལོ་གཉིས་ཀྱི་སྟེང༌། ཕ་མ་གཉིས་ཀྱིས་ཁྲིད་ནས་ཕ་གཞིས་སྙན་བཟང་རུ་ཞོལ་མར་འབྱོར། ནར་སོན་ནས་རྒྱ་ཡེ་སྙིང་རྒྱལ་བྱམས་ལས་འདོན་རྟ་དབྱངས་གསུམ་དང་སྔཊ་ཀྱི་ཕྱག་ལེན་སོཊ་ཀྱི་ཟབ་ཁྲིད་ཞུས། དེ་ནས་རིམ་བཞིན་༧སྐྱབས་རྗེ་བོན་བརྒྱ་རིན་པོ་ཆེ་དང་རྔ་ཡུལ་དགེ་བཤེས་ནམ་མཁའ། གཡུང་གླིང་ཤེས་རབ་མཆོག་ལྡན། མངའ་རིས་བསྟན་འཛིན་དབང་གྲགས། གཉའ་ཚུལ་ཁྲིམས་ཉི་མ། ཁྱུང་དཀར་བཟོད་པ་འགྱུར་མེད་སོགས་བླ་མ་དང་དགེ་བའི་བཤེས་གཉེན་བཅུ་ཕྲག་གཉིས་ལ་ཉེ་བའི་ཐུགས་བཅུད་བླངས། སྟོད་ཀྱི་གངས་དཀར་ཏི་སེ་ནས་སྨད་རྒྱ་ནག་གླང་ཆེན་འགྱིང་རི་ཡན་གྱི་གནས་རི་འགྲིམས། དེ་ནས་ཁྲི་ཀའི་སྤྱི་སྟོང་ཆེ་འབྲོག་རུ་དཔོན་ཚང་གི་སྦྲ་གུར་སློབ་ཆུང་དང་སྟོང་སྐོར་སློབ་ཆུང༌། ཁྱུང་མོ་དགེ་རྒྱས་སློབ་གླིང་སོཊ་སུ་བགྲང་བྱ་བརྒྱད་ལྷག་ལ་དགེ་རྒན་གྱི་བྱ་བ་གཉེར། ད་ལྟ་རེབ་བོན་མང་གི་དྲུང་ཡིག་དང་གངས་ཏི་སེ་བོན་གཞུང་རིག་མཛོད་དཔེ་ཚོགས་ཀྱི་ཞུས་ཆེན་པའི་འགན་འཁུར་མུས་སུ་གནས།། འབྲེལ་གཏུག་ཞལ་པར། 13997433716 |


