༄༅། །བསྟན་འབྱུང་རིག་པའི་ཤན་འབྱེད་ནོར་བུ་ཀེ་ཏ་ཀའི་དོ་ཤལ་ཞེས་བྱ་བ་བཞུགས།

ཀྱི་འཁྲུངས་ལོ་སོགས་ལ་དག་སྣང་ཕྱོགས་མེད་མ་གཏོགས་བྱིས་བློས་ངེས་བཟུང་མ་དམིགས་སོ།།
   གནམ་རི་སྲོང་བཙན་གྱི་སྲས་སྲོང་བཙན་སྒམ་པོ། དེ་ལ་བཙུན་མོ་གཉིས་ཡོད་དེ། རྒྱ་བཟས་བསྟན་གཙོའི་སྐུ་ཚབ་རྒྱ་ནག་ནས་གདན་དྲངས། དེའི་ཐུགས་ཀར་རྒྱལ་བུ་ཀུན་དགའ་འོད་ཀྱི་ནོར་བུ་གཞུག་ཀྱང་ཟེར། བལ་བཟས་ཐུབ་པའི་སྐུ་ཚབ་གདན་དྲངས་ནས་བོད་ཀྱི་མཆོད་གནས་སུ་བཀུར་བ་ཡིན་ནོ།། རྒྱལ་པོ་དེ་ཡི་སྲས་གུང་བཙན་མང་བཙན། ཁྲི་སྡེ་གཙུག་བརྟན་དང་རྒྱལ་རབས་ལྔའོ།། དེ་རྗེས་ལྕགས་ཕོ་རྟའི་ལོར་རྒྱལ་རབས་སུམ་ཅུ་སོ་བརྒྱད་པ་ཁྲི་སྲོང་ལྡེ་བཙན་འཁྲུངས་སོ།། དེ་ཡན་ཆད་ལ་རྒྱལ་གཤེན་མྱེས་ཨག་ཚོམ་ཅན། བསྟན་པ་མཉམ་ཆགས་ཀྱི་དུས་ཡིན་ནོ།།
    གཉིས་པ་ཆོས་བསྟན་བོད་དུ་བྱུང་ཚུལ་ནི། ལྷ་ཐོ་ཐོ་རི་སྙན་ཤལ་གྱི་རིང་ལ་ཆོས་ཀྱི་དབུ་བརྙེས། སྲོང་བཙན་སྒམ་པོའི་རིང་ལ་སྲོལ་བཏོད། ཁྲི་སྲོང་ལྡེ་བཙུན་གྱིས་གཞུང་བསྲང༌། ཁྲི་རལ་པ་ཅན་གྱིས་དར་ཞིང་རྒྱས་པར་མཛད་དོ།། དེ་ཡང་ཐོ་རི་སྙལ་ཤལ་གྱི་དུས་སུ་མདོ་ཟ་མ་ཏོག་གི་བཀོད་པ་དང༌། སྤང་བསྐོང་ཕྱག་རྒྱ་པའི་མདོ་དང༌། ཤེལ་གྱི་མཆོད་རྟེན་གཅིག་བཅས། ལ་ལས་གནམ་ནས་བབ་ཟེར། ལ་ལས་རླུང་གིས་ཁྱེར་ཟེར། དོན་དུ་ པཎྜི་ཏ་ བློ་སེམས་འཚོ་དང༌། ལོ་ཙཱ་བ་ལི་བོན་ཆོས་དགེ་གཉིས་ཀྱིས་ཁྱེར་ནས་རྒྱལ་པོ་ལ་ལྐོག་ཏུ་ཕུལ་ཞིང་ལྐོག་ཏུ་སྤྱོད་པས་མཚན་ཡང་གཉན་པོ་གསང་བར་གསོལ། དེ་ནས་སྲོང་བཙན་སྒམ་པོས་ཐོན་མི་སམ་བྷོ་ཊ་རྒྱ་གར་ལ་བརྫངས་ནས་འཕགས་ཡུལ་གྱི་རིག་གནས་འགའ་ཞིག་བསླབ། སླར་བོད་དུ་ཕེབས་ནས་སངས་རྒྱས་ཕལ་པོ་ཆེ་དང༌། སྤྱན་རས་གཟིགས་ཀྱི་མདོ་རྒྱུད་ཉི་ཤུ་རྩ་གཅིག་པ་སོགས་ཆོས་འགའ་ཡང་བསྒྱུར། རྒྱ་གར་གྱི་ཡིག་རིགས་ཡིན་པར་བཏགས་ནས་བོན་གྱི་ཡིག་གཟུགས་རྣམས་ཀྱང་བཅོས། སུམ་ཅུ་པ་དང་རྟགས་ཀྱི་འཇུག་པ་སོགས་བརྡ་དང་རྣམ་དབྱེའི་བསྟན་བཅོས་འགའ་ཡང་མཛད་དོ།། རྒྱལ་པོ་རང་གིས་ཡི་དམ་གྱི་ལྷ་སྤྱན་རས་གཟིགས་བྱས་པས་མི་དང་མི་ལབ་པའི་ཚུལ་དུ་ཆོས་ཞུ་ཆོག་པར་བྱུང་ཟེར། བོན་གྱི་རྫོགས་ཆེན་བསྒྲགས་པ་བསྐོར་གསུམ་ལ་བལྟས་ནས་གབ་པ་མངོན་བྱུང་ལ་སོགས་དྲང་ངེས་ཀྱི་ཆོས་འགའ་ཞིག་མཛད་ནས་བཙུན་མོ་དང་སྲས་བློན་རྣམས་ལ་བསྟན་པར་གྲགས་སོ།།
    ཁྲི་སྲོང་ལྡེ་བཙན་གྱི་དུས་སུ་ཟ་ཧོར་གྱི་ཆོས་རྗེ་བྷོ་དྷི་ས་ཏྭ་དང༌། ཨོ་རྒྱན་གྱི་སློབ་དཔོན་པདྨ་འབྱུང་གནས། ཁ་ཆེའི་མཁན་པོ་བི་མ་ལ་མི་ཏྲ་དང༌། སིང་གཱ་ལའི་སློབ་དཔོན་དཱ་ན་ཤྲི་ལ་དང༌། རྒྱ་ནག་གི་མཁན་པོ་ཧ་ཤང་སྟེ་་ པཎ་ཏྲི་ཏ་ལྔ་དང༌། ལོ་ཙཱ་བ་སྐ་བ་དཔལ་བརྩེགས། ཅོག་རོ་ཀླུའི་རྒྱལ་མཚན། སྣ་ནམ་ཡེ་ཤེས་སྡེ། གཉག་ཛྙ་ཎ་ཀུ་མ་ར། རྨ་རིན་ཆེན་མཆོག་དང་ལོ་ཆེན་ལྔ། གནུབས་བནུབསནམ་མཁའི་སྙིང་པོ་སོགས་ལོ་ཆུང་ལྔ་སྟེ། ལོ་པཎ་བཅོ་ལྔ་ཙམ་གྱིས་མདོ་སྔགས་ཀྱི་ཆོས་མང་པོ་བསྒྱུར་བར་མཛད། བ་གོར་བཻ་རོ་ཙ་ན་སོགས་བོད་མི་བདུན་རབ་ཏུ་བྱུང་བས། ཕྱིས་ལོ་ཙཱ་ཤེས་པའི་མཁས་པ་མང་དུ་བྱུང༌། གནུབས་བནུབསནམ་མཁའི་སྙིང་པོ་སོགས་འགའ་ཞིག་གྲུབ་པའང་ཐོབ། དེ་སྐབས་རྒྱལ་པོ་དང་པད་འབྱུང་རྣམས་ནི་སྔར་བོན་གྱི་རྫོགས་ཆེན་ཐུགས་གཤིས་ལ་ཤར་བའི་དབང་གིས། རྫོགས་ཆེན་སེམས་སྡེ་དང་ཀློང་སྡེ་དང་མན་ངག་གི་སྡེ་རྣམས་དར་ཆེ་བ་བྱུང་འདུག ཕྱིས་རྒྱ་ནག་ཧ་ཤང་གིས་བཟང་རྟོག་ངན་རྟོག་ཐམས་ཅད་བཀག་ནས་ཅི་ཡང་དྲན་པ་མེད་པ་ཞིག་སྒོམ་དགོས་ཟེར། དེ་ལ་མཁས་པ་ཀ་མ་ལ་ཤིའ་ལས་ལྟ་ལོག་ཏུ་བསྒྲུབས་ནས་སུན་དབྱུང་བའི་སྒོམ་དོན་རིམ་གསུམ་མཛད། ཁྲི་རལ་པ་ཅན་གྱི་དུས་སུ་པཎ་ཏྲི་ཏ་ཛི་ན་མི་ཏྲ་སོགས་སྤྱན་དྲངས་ནས་འཕགས་ཡུལ་གྱི་ཆོས་མང་པོ་བསྒྱུར་ཏེ་བཤད་ཉན་གྱི་སྲོལ་བཏོད་ནས་དར་ཞིང་རྒྱས་པར་མཛད་དོ།།
གཉིས་པ་ནུབ་ཚུལ་ལ་གཉིས། རང་ལུགས་དང༌། གཞན་ལུགས་སོ།། དང་པོ་ནི། རྒྱལ་པོ་ཁྲི་སྲོང་ལྡེ་བཙན་དགུང་ལོ་བཅུ་བདུན་ལོན་པ་ནས་བོན་ལ་མི་དགའ་བར་བྱུང༌། དེ་དུས་མོན་གྱི་རྒྱལ་ཕྲན་བན་ར་ལིས་གསེར་གྱི་ཉི་མ་ས་ལ་བྱིངས་པར་རྨིས་པའི་ལོ་དེར། རྒྱ་གར་ནས་བན་དྷེ་ནུས་པ་ཅན་འགས་དབང་ཕྱུག་རླུང་ཞགས་ནག་པོའི་སྒོ་ནས་བོད་ཀྱི་རྒྱལ་བློན་རྣམས་དབང་དུ་བསྡུས་སོ།། བྷོ་དྷི་ས་ཏྭ་བོད་ཀྱི་ནལ་ཕྲུལ་ཡིན་པས་བྱིས་པའི་དུས་སུ་བོན་གཤེན་འགས་རྩོག་ནལ་གྱི་གདོན་དུ་བཟུང་ནས་མཐའ་རས་སུ་སྤྱུགས་པར་གྲགས། རྒྱ་བལ་རྣམས་སུ་ལོ་ཙཱ་སྦྱངས་ནས་ཕྱིས་ཆོས་ལ་མཁས་པར་བྱུང༌། དེ་ནས་བོད་དུ་ཕེབས་ཏེ། སྔོན་གྱི་སྙིང་འཁོན་ལྟ་བུས་ཞེ་ངན་བཟུང་ནས་བོན་དང་གཤེན་ལ་དོས་འཛུགས་ཀྱི་གཙོ་བོར་མཛད། དེ་སྐབས་རྒྱལ་དང་སྐུ་གཤེན་གཉིས་པོ་དབང་དང་མངའ་ཐང་དོ་མཉམ་ཡོད་པ་ལ་ཐུགས་མ་བཟོད་ནས་རྒྱལ་པོའི་སྙན་ལ་ཕྲ་མ་འདི་ལྟར་གཡོས་སྐད། བོན་གཤེན་མཐུ་དབང་དྲེགས་ཆེ་བས། རྒྱལ་སྲིད་བོན་གྱིས་ཁྱེར་བ་ཐེ་ཚོམ་མི་གདའ་ཞུས། དེ་ནས་རྒྱལ་པོའི་ཐུགས་ལ་གདོན་ཞུགས་ཤིང༌། སློབ་དཔོན་འགའ་ཞིག་གིས་ཁ་ལོ་བསྒྱུར་ནས་སྤང་དུ་མི་རུང་ལེའུ་བོན་སྤངས། འབོར་དུ་མི་རུང་ཟླ་རོགས་བཙུན་མོ་བོར། བགྱོན་བཀྱོནདུ་མི་རུང་སྐུ་གཤེན་མཐའ་རུ་སྤྱུགས་པའི་ལས་ལ་བརྩོན་པས། དེའི་ཚེ་སྲིད་པའི་ལྷ་རྒོད་དང་རྗེའི་མགུལ་ལྷ་མཐུར་ནས་བོད་དུ་མི་དགེ་བ་མང་དུ་བྱུང༌། ཐང་ལྷ་ཡར་བཞུགས་ཞལ་བྱང་དུ་གཟིགས་ནས་ཁ་འཛིན་དང་བྲལ། དེ་ཡང་ནུབ་སྔ་བ་བོན་གྱི་འདུལ་བ་ནུབ་སྟེ། ཁྲི་སྲོང་གི་གོང་དུ་ཡ་གོང་དང་ཕམ་ཤི་བའི་བརྒྱུད་མཐའ་འདུལ་བ་སྡེ་གཉིས་ནང་འཁྲུགས་ནས་བསྟན་པ་སིལ་བུར་གྱུར་པའི་ཚེ། ཡ་གོང་བའི་རྗེས་འཛིན་སྡེ་བཙུན་རབ་གསལ་དང༌། ཕམ་ཤི་བའི་རྗེས་འཛིན་ཅོ་བཙུན་ཡེ་ཤེས་གཉིས་ལས་ཚུལ་ཁྲིམས་རྫོགས་པའི་དྲང་སྲོང་མུ་ཟི་གསལ་བཟང་ཞེས་ཚེའི་དངོས་གྲུབ་ཐོབ་པ་དེ་ཉིད་མ་འོངས་བསྟན་པའི་ས་བོན་མཛད་པའི་ཆེད་དུ་མདོ་སྨད་རྨ་རི་དེའུ་གསུམ་གྱི་བྲག་ཕུག་ཏུ་མི་ལོ་སུམ་བརྒྱའི་ཡུན་ཙམ་དུ་འགོག་པ་ལ་བཞུགས། ཁ་ཅིག་གིས། སྙོམས་འཇུག་ཡུན་ཚད་མི་ལོ་སྟོང་དང་བརྒྱད་བརྒྱ་གསུངས་པ་དང༌། ཁ་ཅིག་གིས། དྲུག་བརྒྱ་དང་བརྒྱད་བརྒྱ་གསུངས་པ་རྣམས་ནི་ངེས་བཟུང་མ་མཆིས་ཏེ། རིག་པས་དཔྱད་ན་མཁས་མཆོག་སྒ་སྟོན་ཚུལ་རྒྱན་གྱིས་བཞེད་པ་འདི་རང་དག་པར་སྙམ་མོ།།
     དེ་ནས་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱི་ཐུགས་ལ་བོན་བསྣུབས་ཆོས་ལ་འཇུག་དགོངས་ཀྱང༌། གནས་སྐབས་གཡོ་སྒྱུའི་ཐབས་ལ་བརྟེན་ནས་བན་བོན་གཉིས་ཤག་དང་རྩལ་འགྲན་དགོས་ཟེར། དེར་རྣ་ནམ་མང་ཞིམ་ལ་སོགས་བོན་ལ་དགའ་བའི་བློན་པོ་རྣམས་ཕྱོགས་གཅིག་ཏུ་བྱས། ཤཱཀྱའི་བྲ་བ་ལ་སོགས་ཆོས་ལ་དགའ་བའི་བློན་པོ་རྣམས་ཕྱོགས་གཅིག་ཏུ་བྱས། དེ་ནས་བན་བོན་ཤག་མཁས་པ་མཐུ་ཆེ་བ་རྣམས་སྦྲན་བཏང་བས། བོན་པོ་སྟོང་རྒྱུང་མཐུ་ཆེན་དང༌། དྲན་པ་ནམ་མཁའ་དང༌། སེ་ལྡེ་མེ་གསུམ་དང༌། སྐུ་གཤེན་གྱིམ་བུ་དང༌། ཁྱུང་པོ་སྟག་སྒྲ་དུང་གཙུག་དང༌། སྙ་ཆེན་ལི་ཤུ་དང༌།སྤེ་ནེ་གུ་དང༌། རྨ་བོན་ཐུག་ཀ་དང༌། ཅོ་ཟ་བོན་མོ་རྣམས་བཞུགས་སོ།། བན་དེ་པདྨ་འབྱུང་གནས་དང༌། བྷོ་དྷི་

青ICP备08000069号
QQ:568095347
E-mail:liamrgbm@yahoo.com.cn

པར་དབང་རེབ་གོང་བོན་མང་དྲ་བར་དབང་བས་གཞན་གྱིས་མི་སྤྱོད་པར་མཁྱེན།
བོད་ཀྱི་ཆ་འཕྲིན་ལག་རྩལ་དྲ་བས་ལག་རྩལ་ཕྱོགས་ནས་རོགས་སྐྱོར་བྱས་པར་ཐུགས་རྗེ་ཆེ་ཞུ།