༄༅། །བསྟན་འབྱུང་རིག་པའི་ཤན་འབྱེད་ནོར་བུ་ཀེ་ཏ་ཀའི་དོ་ཤལ་ཞེས་བྱ་བ་བཞུགས།

བུའོ།།
རབ་བྱུང་དང་པོའི་ས་སྟག་ལོར་ཁུ་ཚ་ཟླ་འོད་འབར་གྱིས་སྤ་གྲོ་ཕུག་གཅལ་ནས་ཕུར་པ་རྒྱུད་འགྲེལ་བཅས་ཟབ་གཏེར་མང་དུ་རྙེད་ནས་རོང་གི་མགར་སྟོན་ཁྲོ་རྒྱལ་ལ་གནང༌། མགར་སྟོན་ཕུར་པ་བསྒྲུབས་པས་ཚེའི་དངོས་གྲུབ་བོད་ལོ་ཉིས་བརྒྱ་བཞུགས་པའོ།། སྤ་གྲོ་ནས་གཏེར་ཐོན་ཏེ་ལོ་ཞེ་དགུ་འདས་པའི་མེ་སྟག་ལོར་ཁྱེའུ་གཉེན་འཐིང་ངམ། གཉན་སྟོན་ཤེས་རབ་རྡོ་རྗེས་གཙང་འཕྲང་ནུ་མའི་བྲག་ནས་ཁམས་ཆུང་པོད་བརྒྱད་མ་སོགས་མདོའི་སྡེ་དང༌། འབུམ་ཏིག་ལ་སོགས་འབུམ་གྱི་སྡེ་དང༌། ཁྲི་རྗེ་ལུང་བསྟན་ལ་སོགས་ལུང་གི་སྡེ་དང༌། དབུ་ཚད་ལ་སོགས་རིག་པའི་སྡེ་མང་པོར་ཐོན་ཀྱང་འགའ་ཞིག་ཆོས་སུ་བསྒྱུར་པས་དེའི་བཀའ་ཆད་དུ་མཛེ་དང་རྐང་འཐིང་བྱུང་ཡང་ཟེར། འདི་ཙམ་ན་ཞང་ཞུང་ནས་སྦས་པའི་རྣལ་འབྱོར་རྒོད་ཀྱི་ཐུལ་པ་གསོལ་བ་ཞིག་བྱོན་པས། སེ་ཀར་སྟོན་པ་དང༌། རྨ་སྟོན་སྲོལ་འཛིན་རྣམས་དང་མཇལ་ཏེ་མཚན་གྱེར་མི་ཉི་འོད་དུ་གསོལ།
    རིག་འཛིན་འདི་བས་རབ་བྱུང་གཉིས་པའི་ས་བྱི་ལོར་དང་ར་ཁྱུང་རྫོང་ནས་རྩ་རྒྱུད་གསང་བ་བསེན་ཐུབ་སོགས་ཟབ་གཏེར་མང་དུ་ཐོན་ཅིང༌། ཨ་གསལ་ཉམས་ལེན་ལྔ་སྐོར་སོགས་སྙན་རྒྱུད་ཀྱི་ཐོག་མ་འདི་ནས་བརྩིའོ།། དེ་ནས་ལོ་བཞིར་འདས་པའི་ཆུ་འབྲུག་ལོར་བཞོད་སྟོན་དངོས་གྲུབ་གྲགས་ཀྱིས་རྫོགས་ཆེན་ལུང་དྲུག་ལ་སོགས་སེམས་ཕྱོགས་ཀྱི་བོན་སྡེ་མང་པོ་ལྷོ་བྲག་ཁོམ་འཐིང་ནས་བསྙེམས་ཀྱང་ཁག་ཅིག་བན་དེར་ཤོར་སྐད་དོ།། རྨ་ལྷ་རྒོད་ཐོག་པས་གཏོ་བུ་ཕོ་བྱང་མོ་བྱང་སོགས་ཤམ་པོའི་གཏེར་ཀྱང་འདི་ཙམ་ན་རྙེད།
    རབ་བྱུང་གསུམ་པའི་ཆུ་ཡོས་ལོར་དཔོན་གསས་ཁྱུང་རྒོད་རྩལ་གྱིས་གཏེར་ཁ་བཅུ་གསུམ་ཙམ་ཐོན་པའི་ཐོག་མར་ཟང་ཟང་ལྷ་བྲག་ནས་ལུང་བསྟན་ལྡེ་མིག་སོགས་བྱུང་བ་ནི་བྱང་གཏེར་གྱི་གཙོ་བོར་འདོད་དོ།། གཞན་ཡང་རྒྱལ་སྲས་གོ་སྡེ་འཕགས་པས་རྐེ་ཕུ་ན་རོའི་གོང་ནས་རྙེད་པའི་རྣམ་རྒྱལ་མདོ་གཟུངས་ཀྱི་སྐོར་བསམ་འཕེལ་ནོར་བུ་ལས་ཀྱང་ཆེས་ལྷག་པ་འདི་དང༌། བོན་ཞིག་གཡུང་དྲུང་གླིང་པས་སྤ་གྲོ་སྟག་ཚང་ནས་བཏོན་པའི་རྫོགས་ཆེན་གསེར་ཐུར་དང་རིགས་སྔགས་ཀྱི་སྐོར་འགའ་ཞིག་དང༌། སྔར་གཟི་བོན་རྒུར་པོས་གཡའ་མ་གཡུ་རལ་ནས་བཏོན་པའི་སྔགས་ཀྱི་རྫོང་འཕྲང་ཉི་འོད་རྒྱན་སོགས་དབུས་ཀྱི་གཏེར་འཕྲོ་དང་བཅས་པ་གཡས་རུའི་སློབ་དཔོན་འགའ་ལ་བརྒྱུད་འདུག་གོ།
    དེ་ཙམ་ན་མདོ་སྨད་དུ་དམ་པ་རང་གྲོལ་ལ་སྙན་རྒྱུད་ཀྱི་བཀའ་བབ། སྙན་རྒྱུད་ཀྱི་བོན་སྡེ་མང་པོ་གྲུབ་ཐོབ་ཤར་པ་རྣལ་འབྱོར་ལ་གནང༌། དེས་ཏོག་གི་རྒྱལ་མཚན་སོགས་ལ་བརྒྱུད་ནས་དབུས་གཙང་དུ་དར་བའོ།། གཞན་ཡང་ལས་ཅན་གང་ཟག་མཚན་ལྡན་དྲུང་མུ་ཧ་ར་དང༌། གླིང་གཤེན་བློ་གྲོས་རྒྱལ་མཚན་སོགས་ནི་སྟོང་རྒྱུང་དང་དངོས་སུ་མཇལ་ནས་སྙན་རྒྱུད་མང་པོར་ཐོབ་སྟེ་བྲུ་ཞུ་གཤེན་གསུམ་ལ་བརྒྱུད་དོ།། དེ་ལྟར་གྲགས་ཆེའི་གཏེར་འབྱུང་འགའ་ཞིག་ཐོ་ལམ་དུ་བཀོད་པ་ཡིན་གྱི། ཞིབ་པར་འདོད་ན་གཞན་དུ་བལྟའོ།།
   གཏེར་དང་སྙན་རྒྱུད་དེ་དག་གི་བསྟན་པའི་བདག་པོ་རྒྱལ་ཐེབས་བྲུ་ཞུ་སྤ་རྨེའུ་བཞི་ལ་ཐུག་པས། དེ་དག་གི་གདུང་རབས་རགས་རིམ་ཙམ་བཀོད་ན། 
    དང་པོ་རྒྱལ་རིགས་བྲུ་ཤ་བ་བྱུང་བའི་ཚུལ་ནི། ལྷ་དབང་བརྒྱ་བྱིན་གྱི་སྐུ་ལས་གྲོལ་བའི་ལྷ་བུ་དྲི་མེད་མཛེས་པ་ཞེས་བྱ་བས་ཕྱག་ཆ་གཡུ་རྔ་དེང་བ་ཞིག་བསྣམས་ནས་འཛམ་བུ་གླིང་དུ་འགྲོ་བའི་དོན་བྱེད་པར་དགོངས་ཏེ་རི་རབ་ཀྱི་ཟུར་ལ་བྱོན་ནས་གཟིགས་པས། ཨོ་རྒྱན་དང་ཐོད་གར་གྱི་ཡུལ་དུ་བདུད་ངམ་ལེན་སྲོག་ཐག་བྱ་བས་མི་དགེ་བ་སྣ་ཚོགས་བསྟན་ཅིང་ཡོད་ཙམ་ན། དེ་འདུལ་བར་དགོངས་ཏེ་གས་ཀྱི་གནམ་གྱི་སྐར་ཁུང་ནས་ཐོད་གར་རྒྱལ་པོའི་གསས་མཁར་གྱི་རྩེ་ལ་བབ་པས་ཀུན་གྱིས་ངོ་མཚར་སྙམ་སྟེ་མཚན་བྲུ་ཤ་གནམ་བོན་སྤྱི་བརྟོལ་དུ་འདགས་སོ།། ལྷ་སྲས་དེས་བདུད་ངམ་ལེན་སྲོག་ཐག་བཏུལ་ནས་ཨོ་རྒྱན་དང་བྲུ་ཤའི་རྒྱལ་བློན་རྣམས་ལ་སེམས་ཕྱོགས་ཀྱི་བོན་བསྟན་པས་འདི་སྣང་ལ་སྐྱོ་བ་སྐྱེས་ཏེ་རྒྱལ་སྲིད་བྲུ་ཤ་ལ་ཕུལ་སྐད་དོ།། དེ་ནས་བོད་རྒྱལ་བཙད་པོ་ཙེ་སྡེའི་དུས་སུ་མྱེས་ཆེན་པོ་གནམ་བོན་སྤྱི་བརྟོལ་གྱི་སྲས་རྒྱུད་བྲུ་ཤ་གསེར་གྱི་བྱ་རུ་ཅན་ལྔ་བོད་དུ་སྤྱན་དྲངས་ནས་མཆོད་གནས་སུ་བཀུར། ལྔའི་ཆུང་བ་ལ་སྲས་ཞིག་བྱུང་བས། མཚན་ལྡོང་རིགས་གོང་དཀར་ཟེར། ས་སྐྱ་ཀ་ར་ནར་བཞུགས། དེ་ལ་སྲས་གཉིས་བྱུང་བའི་ཆུང་བ་ཉི་མ་དཔལ། དེ་ལ་སྲས་གསུམ་བྱུང་བའི་དཔལ་ལེགས། དཔལ་རྩེགས། དཔལ་མགོན་དང་གསུམ། དཔལ་མགོན་གྱི་སྲས་བྲུ་ཆེན་ནམ་མཁའ་གཡུང་དྲུང་སྟེ། སྤྲུལ་སྐུ་གཤེན་ལ་བཏུགས་ནས་མཛོད་ཕུགས་ཞུས། དེ་ལ་སྲས་བཞི་འཁྲུངས་པའི་འབྲིང་བ་ཁྱུང་གི་རྒྱལ་མཚན་ནི་བསམ་ཡས་སུ་ཆོས་ཀྱི་སྡེ་སྣོད་ཀུན་ལ་བློ་སྦྱངས། ཁྲོ་ཚང་འབྲུག་ལྷ་ལས་སྡོམ་པ་བླངས། ཡབ་དང་གཤེན་འབྲིག་མཚམས་པ་ཆེན་པོ་ལས་ལྷོ་གཏེར་མ་ལུས་པ་གསན། སློབ་མ་རྟོགས་ལྡན་ཕོ་མོ་བརྒྱ་རྩ་ཙམ་སྨིན་པར་འདུག བྲུ་ཆེན་ཡབ་སྲས་དེ་གཉིས་ཀྱིས་རྒྱལ་རིགས་བྲུ་ཤའི་བསྟན་པའི་སྲོལ་ཚུགས་པ་ཡིན་ནོ།། སྲས་ཐ་ཆུང་པདྨ་རྒྱལ་མཚན་ལ་རྗེ་བཙུན་གཡུང་དྲུང་བླ་མ་དང༌། ཡེ་ཤེས་གྲུབ་གཉིས་འཁྲུངས་ཤིང༌། རྗེ་བཙུན་གྱིས་རབ་བྱུང་དང་པོའི་ཆུ་བྱི་ལོར་བྲུའི་ཕོ་བྲང་ལྷུན་གྲུབ་དབེན་ས་ཁ་བཏབ་ཅིང་བཤད་སྒྲུབ་གཉིས་ཀྱི་རྒྱལ་མཚན་བསྒྲེངས་པར་མཛད། མཁས་བཙུན་བཟང་གསུམ་གྱི་ཡོན་ཏན་ལྡན་ཅིང་འབྲེལ་ཚད་དོན་ལ་སྦྱོར་བའི་བཤེས་གཉེན་ཡིན། གསང་མཚན་རིག་འཛིན་དྲུང་མུ་ཅི་པར་ཡང་ཟེར། རྒྱལ་ཆེན་ཤེལ་ཁྲབ་བཀའ་འོག་བཙུད་ནས་སྲུང་མར་བསྐོས། བཀའ་བརྒྱུད་མི་ལ་དང་དུས་མཉམ་ཡིན། ཡེ་ཤེས་གྲུབ་ཀྱི་སྲས་ཉི་ཟླ་གཉིས་ཏེ། གཅེན་པོ་བྲུ་སྟོན་ཉི་མ་རྒྱལ་མཚན་ནི་སྤྲུལ་སྐུ་རྨ་སྟོན་དང་མཇལ་ནས་བྱང་གཏེར་ཀུན་གྱི་དབང་ལུང་མན་ངག་དང་བཅས་པ་ཞུས། བཀའ་ལྷོ་བྱང་གཉིས་ཀྱི་སྡེ་སྣོད་ཐམས་ཅད་མཁྱེན་ཅིང་བཀྲོལ། ཞི་ཁྲོའི་ལྷ་ཞལ་གཟིགས། གཙུག་ལག་ཁང་སོགས་འདུས་བྱས་ཀྱི་དགེ་རྩ་རྒྱ་ཆེར་བསགས། སྐུ་ཚེའི་སྟོད་ལ་ཁྱུང་གི་རྒྱལ་མཚན་ལས་རབ་ཏུ་བྱུང་བས། གཅུང་པོ་ཟླ་བ་རྒྱལ་མཚན་རྨོན་དཀར་ན་ཡར་ཆད་པས་གདན་ས་རང་ལ་བྲུ་རྒྱུད་མེད་པའི་དབང་གིས་ཁབ་བཞེས་དགོས་བྱུང༌། ཁྲོ་ཚང་འདུལ་རྒྱུད་བྲུ་ཤ་ཉི་མར་ཆད་ཟེར་བའི་གཏན་ཚིགས་དེ་ཡིན། སྐུ་ཚེའི་སྨད་ལ་མེ་གཉོས་རྣམ་གཉིས་སོགས་རྒྱལ་ཐེབས་ཀྱི་སློབ་མ་མང་དུ་བྱུང་ཞིང༌། གདུལ་བྱ་དང་ཕྲིན་ལས་ཆེན་པོར་འཕེལ་བའོ།། བྲུ་རྗེ་ཁུ་དབོན་གཉིས་ཀྱི་རྒྱུད་འཛིན་བསྟན་པའི་གསལ་སྒྲོན་དམ་པ་མཚན་ལྡན་གཡོར་པོ་མེ་དཔལ་དང༌། གཉོས་སྟོན་ཚུལ་ཁྲིམས་རྒྱལ་མཚན་ནམ་སློབ་དཔོན་དབྱར་མོ་ཐང་པ་ཞེས་གྲགས་པའི་རྒྱལ་ཐེབས་དེ་གཉིས་ཀྱིས་དབང་ལུང་བཤད་གསུམ་གྱི་བསྟན་པའི་ཆུ་བོ་ཚུགས་པར་ཡིན་ཀྱང༌། གདུལ་བྱ་སྐལ་པ་དམན་སྐྱོན་གྱིས་སྐུ་ཚེའི་སྨད་ཙམ་ན། མེ་དཔལ་ཁམས་གཞི་འཁྲུགས། གཉོས་རྒྱལ་སྤྱན་འགྲིབ་པ་སོགས་ཀྱི་རྐྱེན་ལ་ལྟོས་ནས་གཡུང་དྲུང་ཡེ་དབང་སོགས་དབང་ལུང་འགའ་ཞིག་རྩ་འགག་ཏུ་

青ICP备08000069号
QQ:568095347
E-mail:liamrgbm@yahoo.com.cn

པར་དབང་རེབ་གོང་བོན་མང་དྲ་བར་དབང་བས་གཞན་གྱིས་མི་སྤྱོད་པར་མཁྱེན།
བོད་ཀྱི་ཆ་འཕྲིན་ལག་རྩལ་དྲ་བས་ལག་རྩལ་ཕྱོགས་ནས་རོགས་སྐྱོར་བྱས་པར་ཐུགས་རྗེ་ཆེ་ཞུ།