༄༅། །བསྟན་འབྱུང་རིག་པའི་ཤན་འབྱེད་ནོར་བུ་ཀེ་ཏ་ཀའི་དོ་ཤལ་ཞེས་བྱ་བ་བཞུགས།

སོ ང་སྐད་དོ།། མེ་གཉོས་རྣམ་གཉིས་ཀྱི་ཞལ་སློབ་འ་ཞ་བདུད་རྩི་རྒྱལ་མཚན་ནི་ལུང་གྲགས་ཀྱི་སྐྱེས་བུ་ཡིན་ཅིང༌། དེའི་དབོན་པོ་མཚན་ལྡན་བློ་གྲོས་རྒྱལ་མཚན་ནི་ལྟ་དགོངས་ལ་ཐུགས་འབྱོངས་ནས་ཡི་དམ་ལྷ་ཞལ་གཟིགས། དབུ་ཚད་དང་གསང་སྔགས་ཀྱི་བོན་ལ་མངའ་བསྙེམས། བཀའ་ལྷོ་བྱང་དབུས་གསུམ་གྱི་གཏེར་གྱི་བདག་པོར་གནང་ནས་ཏི་ཀ་དང་ལག་ལེན་མ་མཛད་པ་ནི་ཆེར་མེད་དོ།། དེ་ལྟར་མེ་གཉོས་རྣམ་གཉིས་དང༌། འགྲོ་མགོན་ཁུ་དབོན་བཞི་ནི་མཁས་པར་བློ་སྦྱངས། བཙུན་པར་ཁྲིམས་སྲུང༌། རྩེ་གཅིག་ཏིང་ངེ་འཛིན་གྱི་དོན་ལ་གནས་པའི་གང་ཟག་ལགས་སོ།། ཉི་རྒྱལ་གྱི་སྲས་བྲུ་ནམ་མཁའ་རྒྱལ་མཚན། དེ་ལ་སྲས་བཞི་བདོག་པ། བྲུ་སྟོན་དར་མ། ལྷའི་གཡུང་དྲུང༌། ཡོན་ཏན་རྒྱལ་མཚན། བྲུ་སྲི་ཐུབ་དང་བཞིའོ།། ཡོན་ཏན་རྒྱལ་མཚན་གྱི་སྲས་མཉམ་མེད་འདུལ་བ་རིན་པོ་ཆེ་ཞེས་གདུལ་བྱ་དཔག་ཏུ་མེད་པ་སྨིན་པའི་སྐྱེས་བུ་དེ་ཡིན། སྲི་ཐུབ་ཀྱི་སྲས་ནམ་གཡུང༌། ཉི་མ་བ། འདུལ་བ་གཡུང་དྲུང༌། སློབ་དཔོན་རྒྱལ་བ་གཡུང་དྲུང༌། རྟོགས་ལྡན་ནམ་མཁའ་འོད་ཟེར་དང་ལྔ་བྱོན། དེའི་ནང་ནས་མཁས་བཙུན་རྒྱལ་བ་རིན་པོ་ཆེ་ནི་མཉམ་མེད་འདུལ་བ་རྒྱལ་མཚན་གྱི་ཞབས་སུ་གཏུགས་ནས་ཐོས་བསམ་སྒོམ་གསུམ་གྱི་ཤེས་རབ་སྦྱངས། ཟབ་མོའི་གདམས་ངག་ཐམས་ཅད་བུམ་པ་གང་བྱོས་ཀྱི་ཚུལ་དུ་བླངས། སྟོད་ཀྱི་རྟོགས་ལྡན་དད་པ་ཤེས་རབ་ལས་ཞང་ཞུང་སྙན་རྒྱུད་ཀྱི་ཟབ་གདམས་བཞེས་ནས་ཉམས་ལེན་མཛད། རེས་འགའ་ལྷུན་གྲུབ་དབེན་ས་ཁར་བྱོན་ཏེ་སྡེ་སྣོད་འཆད་པའི་སློབ་དཔོན་མཛད། རེས་འགའ་དབེན་པའི་གནས་སུ་ཉམས་ལེན་རྐྱང་འདེད་མཛད་ནས་གཅིག་པུར་བཞུགས། རེས་འགའ་རྟོགས་ལྡན་བརྒྱ་ཕྲག་ཙམ་གྱི་ལམ་སྣ་དྲངས་ཏེ་ཁྲིད་གདམས་སྤེལ་བ་སོགས་ངོ་མཚར་ཆེ་བའི་ཕྲིན་ལས་སྐྱོང་ངོ༌།། ནམ་མཁའ་གཡུང་དྲུང་གི་སྲས་ཆེ་བ་ནམ་མཁའ་རྒྱལ་མཚན། བར་པ་མཚུངས་མེད་བསོད་ནམས་བློ་གྲོས་ཏེ་སྒྲུབ་རྒྱུད་བསྟན་པའི་ཤིང་རྟ་དགོངས་པ་རང་གྲོལ་གྱི་སྐྱེས་བུ་དེའོ།། ཐ་ཆུང་མཁས་གྲུབ་ནམ་མཁའ་བསོད་ནམས་དང་གསུམ་བྱོན། འདུལ་བ་གཡུང་དྲུང་གི་སྲས་མཐའ་བྲལ་བསོད་ནམས་རྒྱལ་མཚན་དང༌། རྒྱལ་མཚན་འོད་ཟེར་གཉིས་སོ།། འོད་ཟེར་གྱི་སྲས་མཚན་ལྡན་རྣམ་རྒྱལ་ཀ་ར། དེའི་སྲས་གཞོན་རྒྱལ་བའོ།། ནམ་མཁའ་རྒྱལ་མཚན་གྱི་སྲས་སྤྲུལ་སྐུ་ཚེ་དབང་རྒྱལ་མཚན་དང༌། མཁས་བཙུན་ནམ་མཁའ་རིན་ཆེན། ད་ར་བ། རིན་ཆེན་རྒྱལ་མཚན། ཀུན་དགའ་དང་ལྔ་བྱོན། རྣམ་རྒྱལ་ཀ་རའི་ཞལ་སློབ་མཁས་གྲུབ་རིན་ཆེན་བློ་གྲོས། དེའི་ཞལ་སློབ་མཉམ་མེད་ཤེས་རབ་རྒྱལ་མཚན། དེ་ནས་བཟུང་བྲུ་རྒྱུད་བཏང་སྙོམས་སུ་ཤོར་ནས་མཁན་རབས་འགའ་ཞིག་གིས་རྒྱུད་ཁ་མཐུད་དེ་སྤེལ་བ་འདུག་མ་གཏོགས། བྲུ་ཤ་ད་ར་བའི་སྲས་ཡེ་རྒྱལ། དེ་ནས་བྲུ་སྟོན་ཤེས་རབ་སེང་གེ་སོགས་བསྟན་འགྲོར་ཕན་པའི་བླ་མ་མང་བ་ཞིག་བྱོན་འདུག་ཀྱང༌། ཕྱིས་གངས་ཅན་གྱི་ལྗོངས་འདིར་འགངས་ཆེ་བའི་གདུང་རབས་ཕལ་མོ་ཆེ་སྟོངས་པའི་སྐབས་སུ། རབ་བྱུང་བཅུ་བཞི་པའི་ནང་ཙམ་བྲུ་ཡི་གདུང་ལས་པཎ་ཆེན་ལྔ་པ་འཁྲུངས་ཤིང༌། དེའི་ནུ་བོ་ཆོས་སྒོར་ཞུགས་པ་སོགས་ཀྱི་རྐྱེན་ལ་བརྟེན་ཏེ་བྲུ་ཤའི་འགྲོ་དོན་མཁའ་སྤྱོད་ཀྱི་གནས་སུ་བསྡུས་སོ།། དེ་ཡང་དྲན་པའི་ལུང་བསྟན་ལས། བྲུ་ཡི་གདུང་ལ་སོགས་གསལ་བར་གསུངས་ཤིང༌། སླར་ཡང་ལྷ་དབང་སྤྲུལ་པས་བསྟན་པ་གསོ་བ་སོགས་ཀྱི་ལུང་བསྟན་པས་བརྟག་གོ།།
    འོ་ན་གཡས་རུའི་མཁས་གྲུབ་སློབ་དཔོན་བཅོ་བརྒྱད་གང་ཞེ་ན། བྲུ་ཆེན་ནམ་མཁའ་གཡུང་དྲུང་ནས་མཁས་གྲུབ་རིན་ཆེན་བློ་གྲོས་ཀྱི་བར་ཏེ། བྲུ་ཆེན་ཡབ་སྲས་བྲུ་རྗེ་ཁུ་དབོན་བཞི། མེ་གཉོས་རྣམ་གཉིས་འགྲོ་མགོན་ཁུ་དབོན་བཞི་དང་བརྒྱད། འདུལ་བ་རྒྱལ་བ་ནམ་འོད་བསོད་རྒྱལ་བཞི་དང་བཅུ་གཉིས། བསོད་བློ་ནམ་བསོད་ཚེ་དབང་ནམ་རིན་བཞི་དང་བཅུ་དྲུག རྣམ་རྒྱལ་ཀ་ར་མཁས་གྲུབ་རིན་བློ་གཉིས་དང་བཅོ་བརྒྱད་དོ།།
    གཉིས་པ་དབང་ལྡན་ཞུ་ཡི་གདུང་རབས་ནི། སྣང་བ་འོད་ལྡན་ལས་གྲོལ་བའི་མིའུ་རུས་དྲུག་གི་ནང་ཚན་སྨུག་པོ་ལྡོང་གི་རིགས་ལས་སྟོད་ན་བ་ཚབ་དང་འབྲི་གཡས་གཉིས་བྱུང་བ་ལས། ཞུ་འདི་འབྲི་གཡས་ལས་ཆད་པ་གདའ། དེ་ཡང་བོད་ཀྱི་རྒྱལ་རབས་བརྒྱད་པ་གྲི་གུམ་བཙད་པོ་གྲི་རུ་གུམ་པའི་དུས། སྲས་སྤུ་ལྡེ་གུང་རྒྱལ་གྱིས་ཟ་འོག་གི་གུར་ཕུབ་ནས་བོན་གཤེན་མང་པོ་གདན་དྲངས། འདུར་དང་འདྲེན་ཆོག་རྒྱ་ཆེན་པོ་ལ་བརྩོན་པས། ཀུན་གྱི་ནང་ནས་འདུར་དང་ལ་ཟླ་ལ་མཁས་པའི་བོན་པོ་ལྕགས་ཀྱི་བྱ་རུ་ཅན། སྲིད་པའི་གཏོ་རབས་མ་ལུས་ཐུགས་ལ་རྫོགས། འདུར་ལུགས་སུམ་བརྒྱ་དྲུག་ཅུ་ས་ལེ་གསལ་བ་ཞིག་ཡོད་དེ། དེས་རྒྱལ་གྱི་གྲི་འདུར། ཐུགས་རིག་དབྱིངས་སུ་སྤར་བས། རྒྱལ་སྲས་དགྱེས་ཏེ་གསེར་དང་གཡུའི་རྡེལ་མ་ཕུལ་ནས་མཆོད་གནས་སུ་བཀུར། འདུར་བོན་དེས་ཀྱང་གཤེན་པོ་རྣམས་ལ་གསེར་གྱི་འགྱེད་མཛད་པར་བཤད་དོ།། དེ་ནས་ཞུ་ཡས་ཀྱི་ཐོག་མའི་དཔོན་གསས་སོ།། དེ་ནས་མི་རབས་ཁ་ཤས་སོང་མཚམས་དབལ་བོན་སྲིད་འཁོར་བྱ་བ་ཕ་ཝང་རྟ་ལ་ཆིབས་ནས་གཤེགས་པ་ཞིག་བྱུང༌། དེའི་སྲས་སྲིད་རྒོད། དེའི་སྲས་སྨན་རྒོད། དེའི་སྲས་སྲིད་གཤེན་སྐལ་པ་བཟང་པོ། དེའི་སྲས་མེ་དཔལ་ཐར་བ་བྱ་བ་འཁྲུངས། འདི་ཡང་འདུར་ལ་མཁས་པ་ཞིག་བྱུང་སྟེ། གཙང་ཤབ་ཀྱི་ས་ཆར་གླུ་གར་མཁན་གྱིས། ལོ་བརྒྱད་ཅུར་ལོན་ནས་ཤི་ན་ཆོག། མེ་དཔལ་ཐར་པས་འདུར་ན་ཨང༌།། ཟེར་བ་བྱུང་ངོ༌།། དེའི་དུས་སུ་སྐྱིད་མཁར་སྔོ་ཕུག་གི་མཚོ་འགྲམ་དུ་གཟིམ་ཁང་ཕུབ་ནས་བཞུགས། དེ་ལ་སྲས་གཉིས་བྱུང་བའི་ལྷ་འབུམ་དང༌། ལྷ་ལེགས་སོ།། ལྷ་འབུམ་གྱི་སྲས་ཞུ་བོན་ཚོར་གྲགས། ལྷ་ལེགས་ཀྱི་སྲས་དབང་ལྡན་ཞུ་ཡས་ལེགས་པོ་ཡིན། ཞུ་སྒོམ་ཁྲོ་བོ་ཟེར་བའང་ཁོང་གི་མཚན་ཡིན་ནོ།། བཀའ་ལྷོ་གཏེར་གྱི་བསྟན་པ་འཇོག་ས། དོན་གྱི་རྒྱུད་འཛིན་དམ་པའོ།། ལེགས་པོའི་སྲས་སྐྱིད་པོ། དེའི་སྲས་སྔགས་སེམས་མཚན་ཉིད་ཀྱི་བང་མཛོད། སྐལ་ལྡན་བརྒྱ་ཕྲག་དུ་མའི་གཙུག་རྒྱན། མཉམ་མེད་སྨྲ་བའི་སེང་གེ་སྐྱེ་སེ་རིན་པོ་ཆེ་བྱོན། སྐྱེས་བུ་འདི་ལ་རྨེའུ་སྟོན་སྒོམ་རྣམ་གཉིས་དང༌། གྲུབ་ཐོབ་ཉི་མ་སེང་གེ བྲུ་རྗེ་བཙུན་སོགས་སྐྱེས་ཆེན་ཕལ་ཆེར་འདིའི་ཞབས་སུ་གཏུགས་པའི་རྣམ་ཐར་འདུག་གོ། སྐྱེ་སེ་ལ་སྐུ་ཡི་སྲས་བཞི་བྱོན་པའི་ཆེ་བ་སྒྲོལ་བ་གཤེན་རྒྱལ་ནི་འབྲེལ་ཚད་དོན་དང་ལྡན་པའི་གཤེན་པོ་ཡིན། དེ་འོག་ཇོ་མཁར། དེ་འོག་ཇོ་ཐོག ཐ་ཆུང་ཞུ་སྒོམ་འཁྲུལ་ཞིག་གོ། ཇོ་ཐོག་གི་སྲས་ཆེ་བ་ཁྲོ་རྒྱལ་འབར་ཏེ། ཆུང་ནས་དད་བརྩོན་ཤེས་རབ་དང་ལྡན། རྨེའུ་རི་ཁྲོད་པ་དང༌། རྗེ་བཙུན་ཡར་མེ་བ་གཉིས་ལས་འདུལ་བའི་སྡེ་སྣོད་གསན། རི་ཞིང་གི་དགོན་པ་བཏབ། འགྲོ་དོན་ནུས་པའི་སློབ་མ་མང་དུ་བྱུང༌། ཁོང་ལ་བཙུན་ཆུང་གི་དུས་སུ་ཞུ་བཙུན་དོན་ལྡན་ཟེར། བསྙེན་རྫོགས་ཀྱི་དུས་སུ་ཡེ་ཤེས་རིན་ཆེན་ཟེར། གདན་སའི་དུས་སུ་སངས་རྒྱས་ཞུ་ཆེན་ཟེར། ཡུལ་སྐད་ལ་ལར་སངས་རྒྱས་ཞུ་མོ་ཆེ་ཡང་ཟེར། འདི་དུས་ཁྱུང་དབུས་རིན་པོ་ཆེ་དབུས་གཙང་དུ་བྱོན་པ་དང་མཇལ་ནས་ཐུགས་

青ICP备08000069号
QQ:568095347
E-mail:liamrgbm@yahoo.com.cn

པར་དབང་རེབ་གོང་བོན་མང་དྲ་བར་དབང་བས་གཞན་གྱིས་མི་སྤྱོད་པར་མཁྱེན།
བོད་ཀྱི་ཆ་འཕྲིན་ལག་རྩལ་དྲ་བས་ལག་རྩལ་ཕྱོགས་ནས་རོགས་སྐྱོར་བྱས་པར་ཐུགས་རྗེ་ཆེ་ཞུ།