༄༅། །བསྟན་འབྱུང་རིག་པའི་ཤན་འབྱེད་ནོར་བུ་ཀེ་ཏ་ཀའི་དོ་ཤལ་ཞེས་བྱ་བ་བཞུགས།

དམ་གཅིག་ཏུ་འདྲེས། ཞུ་ཁྱུང་གཉིས་འབྲེལ་སྔ་བ་དེ་ནས་ཡིན། ཞུ་ཆེན་འདི་བསྟན་རྩིས་ལ་ལར་རབ་བྱུང་གསུམ་པའི་ཆུ་ཡོས་ལོར་བལྟམས་ཟེར་བ་མི་དག་སྟེ། རབ་བྱུང་གཉིས་པའི་སྤྲེལ་ལོའི་སྟག་ཟླའི་ཚེས་ལྔ་ལ་བལྟམས་པའི་འཁྲུངས་རབས་རྒྱས་པར་མཐོང་ངོ༌།། དེའི་གཅུང་པོ་ལྷུན་གྲུབ་འབར་ལ་སྲས། བོན་སྟོན་དང༌། ཇོ་བདེ་གཉིས་བྱུང༌། བོན་སྟོན་ལ་སྲས་བཞི་བྱུང་བའི་གདུང་འཛིན་སློབ་དཔོན་ཁྲོ་རྒྱལ་ཡིན། ཇོ་བདེའི་སྲས་ཤར་ཆེན་པོ་རྒྱལ་མཚན་དར་ཡིན། ཁོང་སངས་རྒྱས་ཞུ་ཆེན་ལས་བསྙེན་པར་རྫོགས། རེས་ཤིག་ན་ལ་སྟོད་ས་སྐྱའི་དགོན་དུ་བྱོན་ནས་འགྲོ་མགོན་ཆོས་རྒྱལ་འཕགས་པ་མཇལ། བླ་མ་འཕགས་པ་བོད་ཤིང་སྒོ་ཅན་གྱི་བདག་པོ་ཡིན་ཀྱང་ཕྱག་ལེན་གནང་ནས་ཚེ་སྔོན་བདག་གི་སློབ་དཔོན་ཡིན་གསུངས། དེ་དུས་ཞུ་ལ་ཆེ་བའི་ཡིག་ཚང་ཐོབ་སྐད་དོ།། ཁྲོ་རྒྱལ་གྱི་སྲས་ནམ་མཁའ་རྒྱལ་མཚན། ནམ་མཁའ་གཡུང་དྲུང༌། རིན་ཆེན་དར་དང་གསུམ་ཡིན། ནམ་མཁའ་གཡུང་དྲུང་གི་སྲས་མཁས་ཆེན་ཤེས་རབ་འོད་ཟེར། འགྲོ་མགོན་ལྷུན་གྲུབ་འོད་ཟེར། སློབ་དཔོན་ཤེས་རབ་བློ་གྲོས། འོད་ཟེར་རྒྱལ་མཚན། རྒྱལ་རིན་པ་རྣམས་ཡིན་ནོ།། ཤེར་འོད་ཀྱི་སྲས་མཁས་ཆེན་གྲགས་པ་རྒྱལ་མཚན་ཏེ་སྡེ་སྣོད་སྨྲ་བའི་དབང་ཕྱུག་དེ་ཡིན། དེའི་སྲས་ཆུང་བ་ཡེ་ཤེས་བཟང་པོ་ནི་ལུང་གྲགས་ཀྱི་སྐྱེས་བུ་ཡིན་ཏེ། ལུང་བསྟན་ལས། ཞུ་ལ་ཡེ་ཤེས་བཟང་པོ་དང༌།། སྤ་ལ་དཔལ་ལྡན་བཟང་པོ་དང༌།། སུམ་བྷར་གྲགས་པ་བཟང་པོ་གསུམ།། སྟོང་རྒྱུང་ང་ཡི་བྱིན་རླབས་བུ།། ཞེས་སོ།། འགྲོ་མགོན་གྱི་སྲས་ཡེ་ཤེས་བློ་གྲོས། དེའི་སྲས་བློ་གྲོས་ཆེན་པོ་དང༌། རིན་ཆེན་རྣམ་རྒྱལ། འོད་ཆེན་པ་དང་གསུམ། གོང་གི་སློབ་དཔོན་ཤེས་རབ་བློ་གྲོས་ཀྱི་སྲས་ཁྱུང་རྒོད་ཤེས་རབ་རྒྱལ་མཚན། དེའི་སྲས་ཀུན་དགའ་ལྷུན་གྲུབ་སོགས་སོ།། ཡང་སློབ་དཔོན་རྒྱལ་རིན་པའི་སྲས་ཚུལ་ཁྲིམས་བློ་གྲོས། གྲགས་ཆུང་བ། སེང་གེ་དང་གསུམ། ཚུལ་བློའི་སྲས་ཡོན་ཏན་རྒྱ་མཚོ་སོགས་སོ།། སེང་གེའི་སྲས་ཞུ་བྱ་བྲལ་བ་དང༌། ཀུན་བཟང་གཉིས་སོ།། དེ་ཡང་དྲན་པའི་ཁ་བྱང་ལས། རི་ཞིང་གཡུ་འབྲང་ཕྱུག་མོ་ཡིས།། དབང་ལྡན་ཞུ་ཡི་གདུང་རྒྱུད་འཕེལ།། ཞེས་གསུངས་པ་ལྟར་ཞུ་ཡས་ཀྱི་སྐུ་ཕྲེང་འདི་ཀུན་ལ་ཁྱབ་ཆེ་ཞིང་ནམ་ཡང་མི་ཆད་ལ་བར་བར་དུ་རིགས་ངན་གྱི་བར་ཆད་རེ་གཉིས་ཀྱང་འབྱུང་གསུངས་སོ།།
    གསུམ་པ་རྒྱལ་སྲས་སྤ་ཡི་གདུང་རབས་ནི། འོད་གསལ་ལྷ་གནས་ནས་སངས་པོ་འབུམ་ཁྲི་དང་ཆུ་ལྕམ་རྒྱལ་མོ་གཉིས་ཀྱི་གདུང་ལས་གྲོལ་བའི་ལྷ་བུ་སྤ་ལ་མཛེས་པ་ཞིག་རྩ་གསུམ་ལྷའི་གནས་སུ་བབས་ཏེ། ལྷ་རྣམས་ལ་བོན་འཁོར་བསྐོར། དེ་ནས་ལྷོ་གླིང་ཞང་ཞུང་གི་ཡུལ་དུ་བོན་བསྟན་སྤེལ་བར་དགོངས་ཏེ་ཞང་ཞུང་རྣམ་རྒྱལ་ལྷ་རྩེ་བྱ་བར་བབས། སྤྲུལ་པ་མི་འདྲ་བ་དུ་མ་བསྟན། དེ་ནས་ཏི་སེ་གངས་ཀྱི་ཤེལ་ཕུག་ཏུ་བྱོན་ནས་ལོ་གསུམ་ལ་མེ་རིའི་སྒྲུབ་པ་མཛད་པས་ཡི་དམ་མགོན་པོ་རྣམ་གསུམ་དང་དབྱེར་མེད་དུ་གྱུར་ཏེ་ཁྲི་མོན་ལྕགས་ཀྱི་བྱ་རུ་ཅན་ཞེས་གྲགས་སོ།། དེ་དུས་ས་ལ་ཞང་ཞུང་རྒྱལ་པོ་ཆེ། གནམ་ལ་ལྷ་བུ་སྤ་བ་མཛེས། ཞེས་གླེང་བ་བྱུང་སྟེ་གྲུབ་ཐོབ་སྤ་ཚང་དུ་གྲགས། དེའི་གདུང་རབས་རིན་པོ་ཆེའི་ཕྲེང་བ་ལྟར་བྱོན་པ་མཐའ་དག་བོད་རྒྱལ་རིམ་བྱོན་གྱི་མཆོད་གནས་སུ་བཀུར་ཞིང་བོན་བསྟན་ཕྱོགས་ཀུན་དར་བར་མཛད། དེའི་གདུང་ལས་སྤ་སྟོན་དཔལ་མཆོག་བྱོན་པ་དང་གཤེན་ཆེན་ཀླུ་དགའ་བྱོན་པ་དུས་མཉམ་སྟེ། སྤ་སྟོན་ཉིད་གཤེན་ཆེན་གྱིས་གཏེར་ཐོན་པ་ཐོས་ནས་འབྲིག་མཚམས་སུ་མཇལ་དུ་བྱོན་སྐབས། བླ་མ་སྐུ་བསྙུངས་བཞེས་པ་དང་ཐུག ལས་ཅན་གསང་སྔགས་ཀྱི་བདག་པོ་ཞིག་འདུག་གི་གསུངས་ནས་ཁྲོ་བོའི་དབང་བསྐུར། བྱིན་རླབས་ཀྱི་རྫས་རྣམས་དང༌། དཔེ་དང་ཆ་ལག་བཀྲོལ་བྱང་རྣམས་ཞིབ་པར་འཛི་བོན་དབང་རྒྱལ་ལ་མནོས་ཤིག་གསུངས་ནས་ལུང་བསྟན། དེ་ནས་འཛི་སྟོན་ལ་གཏུགས་ནས་ཞུས་ཏེ། ཞི་བའི་དོན་སྐོར་འགྲེལ་བ་སོགས་དཔེ་རྣམས་དང༌། འཆི་མེད་གཙུག་ཕུད་མན་ཆད་ནས་མཁས་པ་མི་བཞི་ཡན་ཆད་ཀྱི་ཕུད་གཏའ་སྨན་ཕབ། གར་མདུང་དང་བསེའི་གའུ་བཅས་ཕ་ནོར་བུ་ལ་གཏད་དོ་གསུངས་ཏེ་གནང་ནས་གསང་སྔགས་ཀྱི་བདག་པོ་བསྐོས་སོ།། དེ་ནས་ཡང་དབེན་དགོན་པར་ཁྲོ་བོ་བསྒྲུབས་པས་སྲིད་རྒྱལ་གཞུང་བཞིན་ལན་དྲུག་ཏུ་ཞལ་གཟིགས། ལན་གཅིག་དྲག་པོའི་ཚུལ་གྱིས་སྤྱན་ནས་ཀློག་འཁྱུག་པ་ཤངས་ནས་རླུང་འཚུབས་པ། སྙན་ནས་འབྲུག་ལྡིར་བ། རལ་པ་སྤྲིན་ལྟར་འཐིབས་པ། དུར་ཁྲོད་ཆས་ཀྱིས་བརྒྱན་ཅིང་སྤྱན་བཟློག་ཤངས་གཉེར་ཞལ་གདང་མཛད་ནས་ཕྱག་གིས་བྲང་ཤག་གིས་གཤགས་པའི་ཁོག་པའི་ནང་གི་རྩ་གསུམ་འཁོར་ལོ་དྲུག ཐུགས་ཀའི་འཁོར་ལོ་དབུས་ན་གཙོ་མཆོག་གི་སྐུ་གསལ་བར་གཟིགས། ཕུམ་དགུའི་སྨན་སྒྲུབ་ལ་བདུད་རྩིའི་ཟིལ་ཐིགས་འབབས་པ། དབལ་མོ་རྣམས་ཀྱིས་དཀྱིལ་འཁོར་ལ་སྐོར་བ་དང༌། ལུང་བསྟན་པའི་དབྱངས་བྱེད་ཅིང་འཁྲབ་ཤོན་བྱེད་པ་དང༌། བེ་དཀར་དང་སྡེ་རྒྱད་མི་མ་ཡིན་རྣམས་གུས་ནས། ན་མོ་ཉིད་དོ།། ༼མཆན་བུ། དཔེ་འདི་ཉིད་འདྲི་བཤུས་བྱེད་སར་ཆད་སྐྱོན་མང་བས་སྤ་ཚང་གི་གདུང་རབས་ཉུང་བསྡུས་འདི་ནི་ཕྲན་སྐལ་བཟང་དར་རྒྱས་ཀྱི་བསབ་བསྡུས་བགྱིས་པས་ནོར་འཁྲུལ་མཆིས་ན་བློ་ལྡན་རྣམས་ཀྱིས་བཅོས་པ་དང་ཕྱིས་དཔེ་ཁུངས་དག་རྙེད་ན་འདི་དོར་བྱའོ།།
    བཞི་པ་མཁས་པ་རྨེའུ་གདུང་རབས་ནི། སྲིད་པ་སངས་པོ་འབུམ་ཁྲིའི་སྐུ་རྒྱུད་ལས་གྲོལ་བའི་ལྡོང་ཡིག་ཚང་ཅན་གྱི་རྗེས་ལས་ཆད། སངས་རྒྱས་ཀྱི་རྒྱུད་པ་ཁྱད་པར་འཕགས། སྤྲུལ་སྐུའི་རྒྱུད་པ་ངོ་མཚར་ཅན། དེ་ཡང་རྨ་དང་རྨེའུ་གཉིས་སུ་ཡོད་པ་ལས། རྨེའུ་ཚང་གི་མི་རབས་ཀྱི་དང་པོ་ནི། སྲིད་པ་ངོམ་ལེན་སྐྱོལ་པོ་ཞེས་བྱ་བ་མིའི་འགྲོ་དོན་ལ་ཕེབས་པར་དགོངས་ནས་གཡུ་འབྲུག་སྔོན་མོ་རྟ་ལ་ཆིབས། ཕྱག་ཕྲེང་གི་ལྕག་བྱས་ནས་གངས་ལ་ཐུར་རྐྱ་རྒྱུག་ཅིང་ལྷ་རི་གྱང་མ་གྱང་ཐོའི་རྩེ་ལ་ཕེབས། རྗེ་གཉའ་ཁྲི་བཙན་པོ་ལ་དབང་བསྐུར་ནས་མཆོད་ཡུལ་དུ་བཀུར། དེ་ནས་གཡས་རུ་ཤངས་ཀྱི་ས་ཆར་བྲུད་ཀྱི་སྨན་མོ་གཡུ་རྩེར་ཕེབས་ནས་བཞུགས་སོ།། དེ་ལ་སྲས་གཉིས་བདོག་པའི་བདུད་འདུལ་བཙན་པོ་དང༌། གཡུ་གཤེན་ཐོད་དཀར་རོ།། དེ་ཡང་གུར་ཞོགས་ཀྱི་གནས་སུ་མཚེར་ས་བཟུང་བས་ཞོགས་སྟོད་ཞོགས་སྨད་གཉིས་སུ་བྱུང༌། ཞོགས་སྨད་པ་གཡུ་གཤེན་གྱི་སྲས་རྒྱུད་རྒྱལ་གྱི་ལྷུན་པོ། དེའི་སྲས་གྱད་གསུམ་པ། དེའི་སྲས་སྟོང་ཚབ་དང༌། པད་སྡོང་གཉིས། སྟོང་ཚབ་ཀྱི་སྲས་མདུང་ནག་ཅན། ཁོང་གཟུགས་ཆུང་བའི་རྨེའུ་སྦྲང་བུ་བཙན་ཡང་འབོད་དོ།། བྲག་ལ་ཕུར་པ་ཐེབས་པའི་མཐུ་ཆེ་བ་ཞིག་ཡོད་དོ།། དུས་རེས་ཤིག་ན་ཁོང་གིས་རྟ་ནག་གཅིག་ཞོན། བེར་ནག་གཅིག་གོན། ཞྭ་ནག་གཅིག་གསོལ། མདུང་ནག་གཅིག་བཟུང༌། ཁྱི་ནག་གཅིག་ཁྲིད་དེ་བྲུད་ཀྱི་ཤེལ་སྒང་ནས་མར་བྱོན་པས། ཡུལ་མི་རྣམས་ཀྱིས་སྙིང་དུ་མི་སྡུག་པ་ལྟས་ངན་ཟེར་ནས་ཁོང་བརྡུང༌། རྟ་འཕྲོག་བྱས་པས། ཚུར་བྱོན་ནས་སྒྲུབ་པ་མཛད་དེ་སེར་བ་ཕབ་པས། ཤྭ་རླབས་རྦུབས་ཀྱིས་ཞིང་དང་གྲོང་པ་མང་པོ་བརླག་སྐད་

青ICP备08000069号
QQ:568095347
E-mail:liamrgbm@yahoo.com.cn

པར་དབང་རེབ་གོང་བོན་མང་དྲ་བར་དབང་བས་གཞན་གྱིས་མི་སྤྱོད་པར་མཁྱེན།
བོད་ཀྱི་ཆ་འཕྲིན་ལག་རྩལ་དྲ་བས་ལག་རྩལ་ཕྱོགས་ནས་རོགས་སྐྱོར་བྱས་པར་ཐུགས་རྗེ་ཆེ་ཞུ།