༄༅། །བསྟན་འབྱུང་རིག་པའི་ཤན་འབྱེད་ནོར་བུ་ཀེ་ཏ་ཀའི་དོ་ཤལ་ཞེས་བྱ་བ་བཞུགས།

དོ།། ཀུན་གྱིས་མཐུ་ལ་བྲེད་ནས་འབུལ་བ་དང༌། བསྙེན་བཀུར་ཆེན་པོར་བྱེད་དོ།། དེ་ལ་སྲས་གསུམ་བྱུང་བའི་ཆེ་བ་རྨེའུ་སྟོན་རྩེགས་པ་ནི་མི་མ་ཡིན་བྲན་དུ་བཀོལ་ནུས་པ་ཞིག་བྱུང༌། འབྲིང་བ་རྨེའུ་རོག་དབལ་སོ་ནི་དྲག་པོ་ཕུར་པ་བསྒྲུབས་པས་རྔ་ལ་མེ་འབར། ཁྲ་སྤྱང་དངོས་སུ་རྒྱུག ཕྱག་འཁར་ས་ལ་བཙུགས་པས་ཀླུའི་དངོས་གྲུབ་ཆུ་མིག་བརྡོལ་བ་ཞིག་ཡོད་དོ།། ཆུང་བ་རྨེའུ་ཤཱཀྱ་བརྟན་ནི་ཡི་གེ་མི་ཤེས་ཡུལ་གྱི་གཙོ་བོ་མཛད་པ་ཞིག་ཡིན་ནོ།། དེ་ནས་རྨེའུ་རོག་དབལ་སོ་ལ་ཁབ་མ་མ་དད་དེ་ཟེར་བ་ཞིག་ཡོད། ཡབ་ཡུམ་གཉིས་ན་ཚོད་ཆེར་ཡོལ་ཀྱང་སྐུ་ལ་སྲས་མེད་པས། ཉིན་ཅིག་རྗེ་བཙུན་ཁྲོ་ཚང་འབྲུག་ལྷ་གུར་ཞོགས་སེ་བ་འོ་རུ་བྱོན་ནས་ཞག་འགའ་བཞུགས། ཁོང་ཡབ་ཡུམ་ལ་ལྟ་སྒོམ་གྱི་གདམས་ངག་འགའ་ཡང་བསྟན། རེས་ཤིག་ན་རྗེ་བཙུན་གྱི་ཞལ་ནས། མ་མ་དད་དེ་ངས་ཁྱོད་ལ་ཐུན་མོང་གི་དངོས་གྲུབ་ཅིག་སྦྱིན་ནོ་གསུངས་ཏེ། ལྗགས་མཆིལ་དང༌། ཚེམས་དྲེགས། ལུད་པ་རྣམས་བསྲེས་ནས་ཁྱོར་གང་གནང་སྟེ་འདི་ལྡོག་གསུངས། མ་མས་བལྡག་ཀྱང་ཞེ་སྨེ་ཞིང་སྐྱུགས་བྲོ་བར་བྱུང༌། རྗེ་བཙུན་གྱིས་ན་རེ། ཁྱོད་དེ་ཙམ་སྐྱུགས་བྲོ་མི་དགོས། རྟེན་འབྲེལ་བཟང་བ་ཡིན། སང་ཕོད་ཁྱེད་ལ་སྲས་ཞིག་འཁྲུངས་ཡོང་གསུངས། མ་མས་ཞུས་པས། སློབ་དཔོན་དེ་སྐད་མ་གསུངས། ང་མོ་ལོ་དྲུག་ཅུར་ལོན་པ་ཞིག་ལ་བུ་སྐྱེས་ན་མིས་ཀྱང་འཕྱ། ང་རང་ཡང་འཆི་འདྲ་འོང་ཞུས་པས། རྗེ་བཙུན་གྱིས་ཞལ་ནས། ཡེ་གཤེན་གཙུག་ཕུད་ཐུགས་སྤྲུལ་ཡིན།། བོན་བཀའ་རྒྱུད་གཤོག་པའི་སྟ་རེ་ཡིན།། མི་ནུབ་བསྟན་པའི་རྒྱལ་མཚན་ཡིན།། ཞལ་རས་སྨུག་ལ་ཐོད་པ་ཉག། སྐུ་ལུས་ཆེ་ལ་སྤྱན་རྩ་ཧུར།། མིང་ཡང་ལྷ་རི་གཉེན་པོར་ཐོགས། གསུངས་ནས་རྗེ་བཙུན་ཤངས་སུ་བྱོན། དེ་ནས་རབ་བྱུང་དང་པོའི་ལྕགས་སྤྲེལ་ལོར། སྟག་ཟླའི་ཚེས་བརྒྱད་ཀྱི་ཉིན་མོར་མཚན་དང་ལྡན་པའི་སྲས་ཞིག་འཁྲུངས། ཆུང་ནས་དད་པ་དང་ཤེས་རབ་ལྡན། སྔར་ཐུན་མོང་གི་དངོས་གྲུབ་ལེན་དུས་སྐྱུགས་བྲོ་ལྟས་པའི་སྐྱོན་གྱིས། སྲས་དེ་ཞལ་རས་མི་མཛེས་ཤིང༌། གདོང་པ་གཉེར་བ། ཐོད་པ་ཉག་ཉག་ཡོད་པ་ཞིག་བྱུང་ཟེར། ཅུང་ཟད་ནར་སོན་ཚེ་ཞུ་སྐྱེ་སེ་ཆེན་པོ་དང༌། སྤ་སྟོན་དཔལ་མཆོག བླ་མ་བྲུ་ཆེན། རྗེ་བཙུན་འབྲུག་ལྷ་རྣམས་ལ་བསྟེན་ནས་ཕྱི་ནང་གསང་བའི་དབང་ལུང་ཞུས། ཐོས་བསམ་གྱི་སྒྲོ་འདོགས་གཅོད། ཅོག་ལ་གཡུ་སྐྱིད་ཀྱི་བུ་ཆེན་གཡུ་སྒྲ་ལེགས་པ་ལས་ཁམས་བརྒྱད་གསན། འཆད་པ་དང༌། རྩོད་པ་དང༌། རྩོམ་པའི་སྙན་གྲགས་ཐོབ་ནས་རྩོད་བྲལ་གྱི་སྨྲ་བའི་སེང་གེར་གྱུར་ཏོ།། དགུང་ལོ་ཉི་ཤུ་རྩ་གསུམ་བཞེས་དུས། སྤྲུལ་སྐུའི་གདུང་རྒྱུད་ཆད་གྱུར་ན། སེམས་ཅན་འགྲོ་དོན་མི་འབྱུང་བས། ཉང་མོ་ཞིག་ཁབ་ཏུ་བཞེས། དེ་ལ་སྲས་མ་བྱུང་བས། སུམ་ཅུར་བཞེས་དུས་ལྷ་ཕུའི་ཆང་མ་ཞིག་ལ་སྲས་གསུམ་བྱུང་སྟེ། ཆེ་བ་རྒྱལ་སྲས་འཁོར་ལོ་རྒྱལ་པོ། བར་པ་མཁས་པ་དཔལ་ཆེན་ནོ།། ཆུང་བ་གསས་མཁར་བླ་མའོ།། དེ་ནས་སྤྲུལ་སྐུ་ལྷ་རི་གཉེན་པོ་ལ་ཡི་དམ་ལྷའི་ཞལ་གཟིགས། མ་སྲིང་མཁའ་འགྲོའི་ལུང་བསྟན། དག་པ་མཁའ་སྤྱོད་ཀྱི་མཇལ་སྣང༌། མ་དག་རིགས་དྲུག་གི་མཐོང་སྣང༌། མི་མ་ཡིན་གྱི་ཞབས་ཏོག་ཞུ་ཚུལ་སོགས་ཀྱི་རྣམ་ཐར་མང་དུ་འདུག་གོ། སྐབས་སྐབས་སུ་དབུས་གཙང་སྐལ་ལྡན་མང་པོས་གདན་དྲངས་ནས་འཆད་ཉན་གྱི་བོན་འཁོར་བསྐོར་ཏེ་ལས་ཅན་མུ་མཐའ་མེད་པའི་ལམ་སྣ་དྲངས་སོ།། ཐུན་མོང་གི་གྲུབ་རྟགས་ནི། དན་འཕགས་བ་ཟི་སྒོམ་པས་ཁྲོ་བོའི་དབང་ཆེན་ཞིག་ཞུས་སྐབས་བླ་མའི་སྐུ་གཙོ་མཆོག་མཁའ་འགྱིང་རྒྱན་དང་ཆ་ལུགས་རྫོགས་པ་ཞིག་སྐད་ཅིག་གསུམ་གྱི་ཡུན་དུ་མཐོང༌། སྐྱིད་མཁར་སྔོ་ཕུག་ཏུ་བླ་མ་ཞུ་ཡི་མདུན་དུ་ཕེབས་དུས། གཡས་རུ་གཙང་པོའི་ཁ་ནས་གྲུ་གཟིངས་གང་ལའང་མ་བརྟེན་ནས་ཆུ་ཡི་ཕ་ཀིར་ཕེབས། སེ་བ་འོ་རུ་བདུད་རྩི་སྨན་སྒྲུབ་མཛད་དུས་སྐུ་གཅིག་བཞུགས་ཁྲིར་བཞུགས། གཅིག་གིས་སྨན་འཛབ་ཀྱི་སྣ་དྲངས་ནས་བསྐོར་བ་མཛད། གཅིག་ཆང་ཚང་དུ་ཕེབས་ནས་སྐྱེམས་གསོལ་བ་ཀུན་གྱིས་མཐོང་བས་མོས་པ་ཚུད་ཅིང་སྤྲུལ་སྐུ་ཡིན་པར་ཤེས་སོ།།
    ཉིད་ཀྱི་སློབ་མ་བསྟན་པའི་གསལ་སྒྲོན་ནུས་པ། སྟོད་ན་རྩིས་གཉལ་གཉིས། མཁས་བཙུན་ཇོ་སྲས་དང་གསུམ། བར་ན་གཉའ་ཁྱུང་གཉིས། མཐའ་བཞི་ཡེ་གཡུང་དང་གསུམ། སྨད་ན་དབུས་པ་མི་བཞི་སོགས་མཐའ་ཀླས་པར་བྱུང་ངོ༌།། སྐུ་ཚེའི་ཚེ་ཚད་དགུང་ལོ་བདུན་ཅུ་རྩ་གཉིས་བཞུགས་ནས། འགྲོ་བའི་དོན་དུ་སྐུ་གདུང་རིང་བསྲེལ་མང་དུ་བཞག་པའོ།། སྤྲུལ་སྐུ་ལྷ་རི་གཉེན་པོ་འཁྲུངས། ལོ་བཅུ་དགུ་ཙམ་སོང་བའི་ས་ཕོ་སྟག་གི་ལོར་རྨེའུ་ཤཱཀྱ་བརྟན་དང༌། ཉང་མོ་རྡོ་རྗེ་མཚོ་གཉིས་ལ་གསེར་ཐོག་ལྕེ་འབྱམས་ཀྱི་སྤྲུལ་པ་རྨེའུ་དམ་པ་དགོངས་མཛོད་འཁྲུངས། ཁོང་བྱིས་པའི་དུས་སུ་ཐོ་ཅོ་ཀུ་རེ་ལ་དགའ་བས་མིང་བཙན་ལ་སྐྱིད་འདོགས། བྱིས་པའི་ཟླ་བོ་རྣམས་ཀྱིས་མགོ་ཡང་ཡང་བཅག་པས་བྱིས་པ་མགོ་ཆག་ཀྱང་འབོད་དོ།། དགུང་ལོ་བརྒྱད་ཙམ་བཞེས་དུས་སུ་ཡབ་ཡུམ་དབང་གིས་གཅོད་དེ་ཁང་དམར་གྱི་བུ་མོ་ཞིག་ཆུང་གཉེན་བྱས་ནས་བླངས། རེས་ཤིག་ན་ཁོང་འཁོར་བ་ལ་སྐྱོ་ཤས་བྱུང༌། མི་རྟག་པ་རྒྱུད་ལ་ཤར་ནས་བུ་མོ་དེ་ལ་སྨྲས་པ། བདག་གིས་དགེ་སྦྱོར་ཞིག་བྱེད་འདོད་འདུག་པས་འབྲལ་ལམ་གསུངས་ཀྱང་མ་ཉན་ནོ།། ཉིན་ཅིག་ན་ཤིང་དབྱི་མང་གིས་མེ་རྒྱག་ཅིང༌། སྐུ་ལུས་ལ་དུག་ཐར་ནུ་གཅོད་པའི་ཞོ་བྱུགས་པས་སྐྲངས་པ་དང་རྨ་ཤུ་བྱུང་བ་རྣམས་བསྟན་ནས། བདག་མཛེ་བྱུང་བ་འདྲ་བས་ཁྱིམ་དང་འབྲལ་ལམ་བྱས་པས་རུང་ཟེར་རོ།། དུས་དེར་ཉེས་པའི་བཙོན་ནས་ཐར་པ་ལྟ་བུའི་དགའ་བ་སྐྱེས་ཏེ། སྐྱིད་མཁར་སྔོ་ཕུག་ཏུ་ཞུ་ཆེན་སྐྱེ་སེ་ལ་གཏུགས་ནས་བོན་གསན། བླ་མ་ཞུ་ཆེན་གྱི་ཐུགས་སུ་ཆུད་ཚད་མཁྱེན་ནས་སྔགས་སེམས་གཉིས་ལ་མཁས་པར་གྱུར། བྲུ་རྗེ་གཡུང་དྲུང་བླ་མ་དང༌། ཞུ་སྲས་སྒྲོལ་བ་གཤེན་རྒྱལ་གཉིས་ལས་བཀའ་ལུང་མང་དུ་གསན་ཅིང་དགེ་བསྙེན་གྱི་སྡོམ་པ་བླངས་པས་བྲུ་ཞུ་གཉིས་ཀྱི་མཚན་ལས་དྲངས་ཏེ་གཡུང་དྲུང་རྒྱལ་འདོགས། ལྷ་རི་གཉེན་པོ་དང་སློབ་དཔོན་སྒྲོ་ལག་པ་ལས་ཤེས་རྒྱུད་སྦྱངས། ཉང་སྟོད་དུ་གར་བསོད་གཞོན་ནུ་ལས་ཚད་མ་གསན་ཡང་རྟོག་གེའི་ཚིག་སྐམ་ལ་མ་མོས་ནས་བཞག་ཟེར། དབུས་སུ་བྱོན་ནས་མཚོ་གཡུང་མཁན་སློབ་རྣམ་གཉིས་ལས་བསྙེན་པར་རྫོགས་ནས། ཚུལ་ཁྲིམས་ཐམས་ཅད་མིག་གི་རྡུལ་ལྟར་དུ་བསྲུངས་པས་ཕྱིས་རྨེའུ་འདུལ་འཛིན་ཆེན་པོར་གྲགས་སོ།། དེ་ནས་དམ་པ་རིན་པོ་ཆེས་རྗེ་བཙུན་འབྲུག་ལྷ་དང༌། ཏྲེ་སྟོན་གོ་ཆ་རྣམས་ཀྱི་ཞལ་གདམས་ཐུགས་ལ་བསྐྱེད་ནས། གཡས་རུ་དཀར་པོའི་བྲག་དང༌། འོད་ཡུག་ཡོན་པོ་ལ་སོགས་གཡའ་རི་གངས་བྲག་རྣམས་ལ་རང་དོན་དུ་ལོ་བཅུ་གཉིས་ལ་སྒྲུབ་པ་མཛད་པས་དགོངས་པ་རང་གྲོལ་དུ་གྱུར། སྦས་པ་གསུམ་གྱི་ཉམས་ལེན་ལུས་གཞན་དང་ཁ་ལག་མི་བསྲེ་ནས་མཚམས་བསྡམས། ངག་གིས་ལོང་གཏམ་དང་ཀུ་རེ་སྤངས་ནས་སྨྲ་བ་བཅད། ཡིད་འདི་སྣང་གི་རྗེས་སུ་མི་འབྲེང་པར་མཛད་པས་ཐོད་རྒལ་གྱིས་ཉམས་ཤར། བྱང་ཆུབ་སེམས་དཔའི་ངང་སྒོམ་ཟིན། དབེན་

青ICP备08000069号
QQ:568095347
E-mail:liamrgbm@yahoo.com.cn

པར་དབང་རེབ་གོང་བོན་མང་དྲ་བར་དབང་བས་གཞན་གྱིས་མི་སྤྱོད་པར་མཁྱེན།
བོད་ཀྱི་ཆ་འཕྲིན་ལག་རྩལ་དྲ་བས་ལག་རྩལ་ཕྱོགས་ནས་རོགས་སྐྱོར་བྱས་པར་ཐུགས་རྗེ་ཆེ་ཞུ།