༄༅། །བསྟན་འབྱུང་རིག་པའི་ཤན་འབྱེད་ནོར་བུ་ཀེ་ཏ་ཀའི་དོ་ཤལ་ཞེས་བྱ་བ་བཞུགས།

 

ད་རུང་དུས་ཀྱིས་གདུང་བའི་རྨོངས་པ་འགའ།།
སྙིང་ལ་མུན་པས་ནོན་པ་སུ་ཡིས་བསལ།།

 

རྒྱལ་བའི་བསྟན་ལ་སྲི་ཞུ་སྤེལ་བ་དང༌།།
བསྟན་འཛིན་གཤེན་ལ་ཕན་པའི་གྲོས་འདེབས་ཀྱི།།
ལེགས་བཤད་རྨད་བྱུང་གསེར་གྱི་ཤིང་རྟ་འདིས།།
འགྲོ་ཀུན་མཁྱེན་གཉིས་སྣང་བ་རྒྱས་གྱུར་ཅིག།

བསྟན་པའི་ཤན་འབྱེད་བསྟན་འབྱུང་ག་པུར་ཐིགས།།
མ་རྟོགས་བློ་ཡི་ཚང་ཚིང་རྒྱས་པའི་ཁྲོད།།
ཕན་བྱེད་བདུད་རྩིའི་ཟེར་འཕྲོའི་བསོད་ནམས་གང༌།།
དུག་གསུམ་རིམས་ནད་སེལ་བའི་བཤེས་གྱུར་ཅིག།

བཀའ་དང་དགོངས་འགྲེལ་དྲི་མེད་པདྨའི་རྫིང༌།།
རྟོག་དཔྱོད་བློ་ཡིས་མ་ཟིན་ནོངས་འགལ་རིགས།།
ཚེ་རབས་བསགས་པའི་སྒྲིབ་དང་ལྷན་ཅིག་ཏུ།།
ཀུན་མཁྱེན་འགྲོ་བའི་བླ་མའི་སྤྱན་སྔར་བཟོད།།

ལེགས་བྱས་འདིས་མཚོན་དུས་གསུམ་རྣམ་པར་དཀར།།
འཛད་མེད་བསམ་འཕེལ་དབང་གི་རྒྱལ་པོ་ལྟར།།
ཡིད་ཅན་འདོད་རྒུ་འཇོ་བའི་གཏེར་གྱུར་ནས།།
སྲིད་གསུམ་བསྟན་པའི་རྒྱན་དུ་འབར་བར་ཤོག།
   ཅེས་པ་བསྟན་འབྱུང་རིག་པའི་ཤན་འབྱེད་ནོར་བུ་ཀེ་ཏ་ཀའི་དོ་ཤལ་ཞེས་བྱ་བ་འདི་ནི་འཕྲུལ་ངག་བདེན་པའི་བོན་ལ་ཐོས་པ་དང༌། བསམ་པ་དང༌། སྒོམ་པའི་དོན་གཉེར་ཅུང་ཟད་མངའ་བ། གཡས་རུ་གཙང་གི་འདུ་གནས་དཔལ་གཤེན་བསྟན་རབ་ལེགས་གཡུང་དྲུང་གླིང་གི་འབྲུ་རིགས་ཀྱི་སློབ་དཔོན་མཁས་གྲུབ་ལུང་རྟོགས་རྒྱ་མཚོའམ། མིང་གཞན་ཚངས་སྲས་ངག་གི་ཟླ་བ། དཔྱོད་ལྡན་ལྷ་ཡི་བཤེས་གཉེན་གྱིས་ཡངས་པའི་རྒྱལ་ཁམས་རྣམས་སུ་རིག་ཟིག་བརྩམས་པས་ཀུན་ལ་དར་ཞིང་ཕན་བདེའི་དགའ་སྟོན་འཕེལ་བའི་རྒྱུར་གྱུར་ཅིག ཐ་ཚན་མུ་ཙུག་སྨར་རོ།། དགེའོ།། །།

青ICP备08000069号
QQ:568095347
E-mail:liamrgbm@yahoo.com.cn

པར་དབང་རེབ་གོང་བོན་མང་དྲ་བར་དབང་བས་གཞན་གྱིས་མི་སྤྱོད་པར་མཁྱེན།
བོད་ཀྱི་ཆ་འཕྲིན་ལག་རྩལ་དྲ་བས་ལག་རྩལ་ཕྱོགས་ནས་རོགས་སྐྱོར་བྱས་པར་ཐུགས་རྗེ་ཆེ་ཞུ།