འོལ་གླིང་ལ་དཔྱད་པ་བཀའ་ལུང་རིག་པའི་ཚད་མས་ལོག་སྨྲའི་རྨོངས་ཚོགས་འཇོམས་པའི་ལེགས་བཤད་གསེར་གྱི་ཉི་མ།༼ལྟ་ཀློག་སྐོར༽

བར་ཤོག་ཅེས་སྨོན་ལམ་འདེབས་པ་དོན་མེད་དེ། གནས་འདི་ཉིད་འཁོར་ཞིང་ཐུན་མོང་བ་ལས། ཁྱད་དུ་འཕགས་པའི་དུས་བཞིའི་དྲོད་གྲང་ཆ་སྙོམས་པའི་དག་ཞིང་ཞིག་མ་ཡིན་པར་བླུན་པོ་གནག་རྫིས་ཀྱང་རྟོགས་པའི་ཕྱིར། མ་ཁྱབ་ཟེར་ན། ཁྱབ་དགོས་ཏེ། ངན་སོང་སྒོ་གཅོད་(ཤ༩༨) ལས། འོལ་མོ་ལུང་རིང་གནས་སུ་སྐྱེ་བར་ཤོག །ལུས་ངན་འཁོར་བའི་གནས་སུ་མི་སྐྱེ་ཞིང་། །ཞེས་དང་། དེ་ཉིད(ཤ༤༧)ལས། གནས་མཆོག་དམ་པ་འོལ་མོ་ལུང་རིང་ན། །དུས་བཞི་ཆ་སྙོམས་འཇིག་བྲལ་མེད་པ་དང་། རྩི་ཤིང་འབྲུ་སྨན་གཏེར་མཛོད་རྒྱས་པ་བཞིན། ཞིང་ཁམས་འདི་ཡང་དེ་བཞིན་བཀྲ་ཤིས་ཤོག །ཅེས་གསུངས་པའི་ཕྱིར། གཟི་བརྗིད་པོད་དང་བོ་བསྟན་པ་ཆགས་ཕེབས་པའི་མདོ(ཤ༣༡༩)གླིང་བཞིའི་ནང་ནས་ཀྱང་། ལྷོ་འཛམ་བུ་གླིང་ཞེས་བྱ་བའི་མིག་སོག་ག་གཡུ་ལས་གྲུབ་པའི་བརྡལ་པ། སོག་མཚོར་ལྷུན་པོར་གཏད་པའི་དབུས་སུ་གནས་མཆོག་དམ་པ་འོལ་མོ་གླིང་ཆེན་ཞེས་བྱ་བ། དབལ་སོ་གངས་ཀྱི་རྭ་བའི་ནང་དུ་ཆགས་ཏེ། དེ་ཡང་མུ་ཁྱུད་གདལ་བའི་ཁོར་མོ་ཁོར་ཁྱུད་ཀྱི་གླིང་ན་ཡངས་ལ་ཁོད་སྙོམས་ཤིང་གདལ་བ། ངོ་མཚར་ཕུན་སུམ་ཚོགས་པའི་ལྟས་སོགས་བསམ་ཡུལ་ལས་འདས་པ་སྤྲོས་ཤིང་། མང་དོགས་ནས་འདིར་མ་བྲིས་པས། རྒྱས་པ་གཟི་བརྗིད་ལ་གཟིགས་ན་ལེགས་སྙམ་པ་དང་ཆབས་ཅིག་མདོར་བསྡུས་ཏེ་ཅུང་ཙམ་བཀོད་པ། དེ་ཉིད(ཤ༤༠༦)གཞནཡང་སངས་རྒྱས་ཀྱི་ཞིང་དེ་ནི་བདེ་བར་གཤེགས་པའི་ཐུགས་རྗེའི་སྟོབས་ལས་གྲུབ་སྟེ། ཡེ་ནས་འཕོ་འགྱུར་དང་འཇིག་བྲལ་མེད་ཅིང་། བར་གྱི་བསྐལ་བ་རེ་རེ་ལ་འཇིག་རྟེན་གྱི་ཁམས་ཀྱང་མཐོ་བཅད་དང་ཟུར་བསྙལ་ཙམ་འཇིག་པ་ལྟར་ཅི་སྨྲོས་ཀྱི། དུས་ཀྱི་བསྐལ་བ་ལ་མེ་བདུན་ཆུ་གཅིག་འབྱུང་བའི་དུས་ཀྱང་། རབ་བཞིན་མཁའ་ལ་འཕགས་ནས་སྲིད་པ་ཡེ་སངས་ཀྱི་གནས་དང་འབྲེལ་བར་བཞུགས་སོ། ནམ་ཞིག་འཁོར་བ་དོང་སྤྲུག་བོན་ཉིད་དབྱིངས་སུ་འཁོད་པའི་དུས་ནས། བོན་ཉིད་དབྱིངས་སུ་མངོན་པར་རྫོགས་ཤིང་མཁའ་ལ་མཉམ་ཞིང་ཀློང་དུ་གདལ་བའོ། སངས་རྒྱས་ཀྱི་གནས་དང་ཞིང་ཁམས་ཀྱི་ལེའུ་སྟེ་གསུམ་པའོ། །ཞེས་གསུངས་པའི་ཕྱིར། ཡོངས་རྩེ་ཀློང་ཆེན་གྱི་ཚིག་བོར་དོན་ལ་སྒོམ་ཞིང་ལག་ལེན་ཉམས་རྟོགས་དང་བཅས་ཏེ་རྟོགས་ལྡན་གྱི་རྣལ་འབྱོར་པ་རྣམས་ཀྱིས་གཅིག་རྒྱུད་དུ་བཤད་པ(ཤ༩༠) གཤེན་ཡུལ་འོལ་མོ་གླིང་ཆེན་ནི། གླིང་མཆོག་ལྷོ་འཛོམས་གླིང་གིས་ཡོན་ཏན་གྱི་དབུས་ནི་ཡིན་པའོ། །གནས་མཆོག་དེའི་མིང་ལ་ནི། སྟག་གཟིག་ཡུལ་ཞེས་ཀྱང་བྱ། འོལ་མོ་ལུང་རིང་ཞེས་ཀྱང་བྱ། ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་ཞེས་ཀྱང་བྱའོ། ལྷོ་འཛོམས་བུ་གླིང་འདི་ན་ཡོན་ཏན་རིགས་ཐམས་ཅད་གང་ཡོད་ཀྱིས། གསུམ་གཉིས་གནས་དེ་རུ་ཡོད་པ་ཡིན། དབལ་སོ་གངས་ཀྱི་ར་བ་ལ། སྟག་གཟིག་གི་ཡུལ་དང་། ཞང་ཞུང་ཡུལ་གྱི་བར་ན། ཤར་དུ་འདོམས་གང་སྒོ་ཅིག་ཡོད། བར་ཏེ་གཅན་ཟན་གྱི་འཕྲང་དང་། མུན་པའི་ལམ་ལ་ཉིན་ལམ་དགུ་དགུ་ཙམ་ཡོད་པ་ནི་རིའི་ཁོང་སེང་གི་ནང་ན་ཡོད་པའོ། །ངོ་མཚར་ཅན་གྱི་ཡུལ་དེའི་གནས་ལུགས་ནི། གཡུང་དྲུང་དགུ་བརྩེགས་ཀྱི་རི་ནི། དབུས་རི་རབ་ཀྱི་ཚུལ་དུ་ཡོད། ཡུལ་ཆེན་རྣམས་ནི་གླིང་བཞི་ཡི་ཚུལ་དུ་ཡོད། ཡུལ་ཕྲན་རྣམས་ནི་གླིང་ཕྲན་གྱི་ཚུལ་དུ་ཡོད། མཚོ་རྣམས་ལྕགས་རིའི་ཚུལ་དུ་ཡོད། དེ་ཡང་སྟོང་གསུམ་གཅིག་ཆགས་པའི་ཚུལ་དུ་ཡོད་དེ། ནང་གི་གླིང་ཆེན་བརྒྱད་ནི་ཚངས་རྒྱུང་གི་ཚུལ་དུ་ཡོད། དེའི་ཕྱི་རིམ་ན་གླིང་བཅུ་གཉིས་ནི། སྟོང་སྤྱི་ཕུད་ཀྱི་ཚུལ་དུ་ཡོད། དེ་རྒྱབ་གླིང་བཅུ་གཉིས་ཡོད་པ་ནི། སྟོང་གཉིས་པ་བར་མའི་ཚུལ་དུ་ཡོད། དེ་རྒྱབ་གླིང་བཅུ་དྲུག་ཡོད་པ་ནི། སྟོང་གསུམ་པ་མཐར་ཐུག་གི་ཚུལ་དུ་ཡོད། གཤེན་ཡུལ་འོལ་མོ་ལུང་རིངས་དེ། སངས་རྒྱས་སྟོང་རྩ་གཉིས་བྱོན་པའི་གནས། ཡོན་ཏན་ཕུན་སུམ་ཚོགས་པའི་ཡུལ་ཡིན་པའོ། །ཞེས་གསུངས། སྲིད་པ་ལས་ཀྱི་གཏིང་ཟློག་རྩ་རྒྱུད་ཉི་ཟེར་སྒྲོན་མ(ཤ༢༣)ལས། འོལ་མོ་ལུང་རིང་ཕར་ཟད་ཤར་ཕྱོགས་ཐད་ཀ་ན། མུན་པ་སྨག་ནག་འཁོར་བ་ན། བདུད་རྗེ་ཁྱབ་པ་ལ་སོགས་བདུད་སྲིན་ལོག་པའི་ཞིང་ཁམས། འོལ་མོ་ལུང་རིང་གཡུང་དྲུང་དགུ་བརྩེགས་ནི། སངས་རྒྱས་སྟོང་དང་རྩ་གཉིས་འབྱོན་པའི་གནས། ཡོན་ཏན་ཆེན་པོ་ཕུན་སུམ་འཚོགས་པའི་ཡུལ། ཞིང་མཆོག་འདི་ལ་འཕོ་འགྱུར་འཇིག་བྲལ་མེད། ལོ(མེ)བདུན་ཆུ་ཅིག་དུས་ན་དཔག་ཚད་ཆིག་ལས་འཕགས། སྲིད་པ་ཡེ་སངས་ཡུལ་དང་འབྲེལ་བར་བཞུགས། དབལ་སོ་གངས་ལ་སྟག་གཟིག་ཡུལ་དང་ཞང་ཞུང་ཡུལ་གྱི་བར་དུ། འདོམ་གང་སྒོ་གཅིག་ཡོད། བར་དེར་གཅན་འཕྲང་མུན་གླིང་ཉིན་ལམ་དགུ་དགུས་ཆོད་པའོ། །ཏི་སེ་གངས་ཀྱི་ནུབ་ཕྱོགས་དམུ་ཡི་ཡུལ། ཤར་ཕྱོགས་རྒྱ་ཡི་ཡུལ། ལྷོ་ཕྱོགས་མོན་གྱི་ཡུལ། བྱང་ཕྱོགས་ལི་བལ་ཕྲོམ་དང་གངས་ཅན་བོད་ཀྱི་ཡུལ། ཞེས་གསུངས་པས། སྟག་གཟིག་གི་གངས་རྒྱལ་ཏི་སེ་བོད་ཡུལ་མངའ་རིས་ཀྱི་གངས་རི་མ་ཡིན་པ་དངོས་སུ་བསྟན་པའོ། །དེ་ཉིད་ཤོག་ངོས(༡༦༩)ལས། གཤེན་རབ་གསུང་གི་མཆོད་རྣམས་ཡི་གེར་བྲིས་ཏེ་དུང་ཤོག་དཀར་ལ་བཏབས། ཞང་ཞུང་སྟག་གཟིག་རྒྱ་བོད་ལོ་ཙ་ལ་བསྒྱུར། རྫུ་འཕྲུལ་ཞབས་ཀྱི་སྟག་གཟིག་བོན་རྣམས་བོད་དུ་སྤེལ། ཞེས་པའི་ལུང་དོན་དང་འགལ་ཏེ། རྫུ་འཕྲུལ་དང་མི་ལྡན་པའི་གང་ཟག་ཕལ་བ་རྣམས་གནས་དེ་རུ་བགྲོད་པ་མ་ཟད། སྟག་གཟིག་ནས་བོད་དུ་སྤེལ་ཞེས་པ་ཡང་སྐྱོན་ཡོད་པའི་ཕྱིར། མ་གྲུབ་ན། དེར་ཐལ། ཁྱོད་ལྟར་ན། འོལ་མོ་ལུང་རིང་བོད་ཡུལ་དུ་ཡོད་པ་འདོད་པའི་ཕྱིར། རྩ་དམ་ཁས། འདོད་ན། འཁོར་གསུམ། མེ་སྟོན་ཆེན་པོའི་ཞལ་ནས། བདག་བསྟོད་གཞན་སྨད་དེ་ཡིས་དོན་མི་འགྲུབ། གང་ཞིག་གཞུང་བཞིན་བྱས་ན་འདོད་པ་འགྲུབ། ཞེས་པའི་གསུངས་པའི་ཕྱིར། གཟི་བརྗིད་སྐྱེ་བཞེས་ཀྱི་མདོ(ཤ༤༡༡) ལས། འཇིག་རྟེན་ཁམས་ན་ཡུལ་རྒྱ་ཆེ་ཞིང་གྲངས་མང་ན་ཡང་། ཡུལ་ཕྱི་མ་ནི་ཆག་པ་དང་འཇིག་པ་ཅན་ཡིན་ལ། འཛམ་བུ་གླིང་གི་དབུས་དཀྱིལ་འཛམ་གླིང་སོག་ག་བོན་གྱི་འབྱུང་གནས། གནས་མཆོག་དམ་པ་འོལ་མོ་གླིང་ཆེན་ནི། དབལ་སོ་གངས་ཀྱི་ར་བ་དང་བཅས་ནས། བསྐལ་བ་ཆགས་གནས་འཇིག་སྟོང་བྱུང་ཡང་། ནམ་མཁའི་དབྱིངས་སུ་འཕགས་ནས་འཇིག་བྲལ་མེད་པར་གནས་པས་ན། བསྟན་པ་ཆགས་པའི་ཡུལ་ལ་དགོངས་པའོ། །བསྟན་པ་ཆགས་ཕེབས་པའི་མདོ(ཤ༣༧༢)། ཡུལ་ལ་དགོངས་ནས་ལྷོ་འཛམ་བུ་གླིང་ལ། ཡུལ་ཆེན་པོ་བཅུ་དྲུག ཡུལ་ཕྲན་སྟོང་དང་བཅས་ནས་གནས་ཏེ། དེའི་ནང་ནས་སྟག་གཟིག་བོན་གྱི་འབྱུང་གནས། ལྷོ་འཛམ་བུ་གླིང་གི་སོག་ག གནས་མཆོག་དམ་པ་འོལ་མོ་གླིང་ཆེན་ཞེས་བྱ་བ། འཇིག་བྲལ་དང་འཕོ་འགྱུར་མི་མངའ་བའི་ཕྱིར་བྱོན་པའོ། །ཞེས་གསུངས། སྤྱིར་དངོས་པོ་ཡིན་ན་མི་རྟག་ཡིན་པའི་མ་ཁྱབ་པ་ཁས་མ་བླངས་ཤིང་། ཚིག་སྤྱི་ཙམ་མ་གཏོགས་གོ་བ་མེད་པའི་མཁར་རྨེའུ་བ(མདའ་དང་འཕང་) (ཤ༢༣༡ཕ༤)ན་རེ། འཇིག་བྲལ་འཕོ་འགྱུར་མི་མངའ་ཞེས་པའི་རྒྱུ་མཚན། བྱང་སེམས་འཕགས་པ་བདུད་ཀྱི་ཆུ་བཞིས་འཇིག་པ་དང་བྲལ་བ་བཞིན། ཞིང་མཆོག་འདི་ཉིད་འབྱུང་བཞིས་འཇིག་པ་དང་བྲལ་ཞེས་པ་མ་གཏོགས། དངོས་པོ་ལས་གྲུབ་ཅིང་འགྱུར་དུ་མེད་པའི་

青ICP备08000069号
QQ:568095347
E-mail:liamrgbm@yahoo.com.cn

པར་དབང་རེབ་གོང་བོན་མང་དྲ་བར་དབང་བས་གཞན་གྱིས་མི་སྤྱོད་པར་མཁྱེན།
བོད་ཀྱི་ཆ་འཕྲིན་ལག་རྩལ་དྲ་བས་ལག་རྩལ་ཕྱོགས་ནས་རོགས་སྐྱོར་བྱས་པར་ཐུགས་རྗེ་ཆེ་ཞུ།