འོལ་གླིང་ལ་དཔྱད་པ་བཀའ་ལུང་རིག་པའི་ཚད་མས་ལོག་སྨྲའི་རྨོངས་ཚོགས་འཇོམས་པའི་ལེགས་བཤད་གསེར་གྱི་ཉི་མ།༼ལྟ་ཀློག་སྐོར༽

དོན་ལེགས་པར་མཛད་པའི་ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་སོ་སྐྱེས་ཕལ་བ་རྣམས་ཀྱི་ཡིད་ཆེས་རྗེས་དཔག་གི་གཞལ་བྱར་གྱུར་བས་གསང་བ་ལྐོག་གྱུར་ཞིག་ཡིན་པ་ལས། འཛམ་གླིང་སོག་གའི་དབྱིབས་ཅན་དང་རྟེན་དང་བརྟེན་པའི་འབྲེལ་བ་གྲུབ་པའི་གནས་ཤིག་མ་ཡིན་ནོ། །གཟུངས་དུས(མ༧༡༡)ལས། བསྐལ་བ་ངན་པ་དུས་ཀྱི་མཐའ། བདེན་རྫུན་ནོར་ལ་བརྗེ་བའི་དུས། ཁས་ཞན་མགོན་སྐྱབས་མེད་པའི་དུས། མ་སྲིང་མཁའ་འགྲོ་དཔང་པོ་བཅོལ། དཀར་ནག་ལས་ལ་ས་མ་ཡ། བཅོས་པའི་འཕྲིན་ལས་འགྲུབ་པར་མཛོད། ཅེས་པ། རྩོད་ལྡན་སྙིགས་མའི་དུས་འདིར་བདེན་རྫུན་གྱི་ཁྱད་པར་མི་ངོ་ནོར་ཕྱིར་དུ་གཏོང་བའི་སྐབས་ཡིན་པས། ལས་གང་ལ་འཇུག་ན། རྒྱུ་འབྲས་དང་ལས་དབང་ལ་བརྩི་བཀུར་ཆེར་བྱེད་ནས་བསྲེག་བཅད་བརྡར་བའི་གསེར་བཞིན་བྱེད་པ་ལས། ངན་པ་ལང་ཤོར་དུ་བཏང་ཚེ། མཁའ་འགྲོ་དང་བཀའ་སྐྱོང་སྲུང་མའི་ཚོགས་ལ་གཉེར་གཏད་པས། འཇིག་རྟེན་བོན་བརྒྱད་ཀྱི་དབང་གིས་བདེན་དོན་ཆེད་བསད་བྱས་ན་བཀའ་ཆད་ཕོག་ངེས། མཛད་མདོ་སོགས་བཀའ་དང་དཀའ་བརྟེན་གྱི་བསྟན་བྱར་གྱུར་བས་གངས་རྒྱལ་ཏི་སེ་དང་མ་ཕམ་གཡུ་མཚོ་སྤོས་རི་ངད་ལྡན་ཁ་འབབ་ཆུ་བཞི་སོགས་གདུལ་བྱ་ཐུན་མོང་གི་མངོན་གསུམ་གྱི་མཐོང་ཡུལ་དུ་གྱུར་བས། ཞང་ཞུང་སྒོ་པ་ཁྱུང་ལུང་དངུལ་མཁར་ཞེས་ཞང་ཞུང་གི་རྒྱལ་པོའི་མངའ་ཁོངས་སུ་བྱུང་། ཕྱིས་ཞང་ཞུང་བོད་ཀྱི་མངའ་འོག་ཏུ་བོད་རྒྱལ་ཁྲི་སྲོང་སོགས་ཀྱིས་བསྡུས་ཏེ། སྟོད་མངའ་རིས་སྐོར་གསུམ་ཞེས་པར་དེའི་སར་ཡོད་པའི་གངས་དཀར་ཏི་སེ་མ་ཕམ་གཡུ་མཚོ་འབབ་པའི་ཆུ་བཞི་སོགས་དོན་དངོས་མིན་ཡང་། ཚིགས་ཀྱི་གནས་མཆོག་གམ་ཡོན་ཏན་དབུས་ཀྱི་གནས་ཚབ་བྱེད་པ་ལ་སྐྱོན་གང་ཡང་མེད་དེ། སྒྲ་མཐུན་དོན་འཕགས་ཀྱི་ཁྱད་པར་ཡོད་པས་སོ། །དེས་ན་མངའ་རིས་སུ་ཡོད་པའི་གངས་རིན་པོ་ཆེ་ས་ཚིགས་ཀྱི་ཡུལ་དབུས་མཚོན་བྱེད་དམ་དག་ཞིང་འོལ་མོ་ལུང་རིང་གི་གནས་ཆེན་ཏི་སེའི་ཚབ་ཡིན་པ་ལས། དངོས་ནི་གོང་སྨྲས་ཀྱི་གཡུང་དྲུང་གསལ་བ་འོད་ཀྱི་གླིང་ཆེན་དུ་ཡོད་པ་སོགས་ཀྱི་ཁྱད་པར་གྱིས་ཧ་གོ་བར་བྱོས་ཤིག སླར་སྨྲས་པ།
སོ་སོའི་ས་ནས་བདེན་བདེན་གནས་ལུགས་རེ། །
ཁ་བརྒྱ་ལྕེ་སྟོང་ལེགས་ལེགས་རྫིག་ཉམས་ཀྱི། །
སྒྲོལ་ཤོམ་ཇི་འདྲ་བསྒྲིགས་ཀྱང་སྦྲུལ་གྱི་བདུད། །
མ་བཀྲོལ་ངང་གིས་ལྷོད་པར་དངོས་པོའི་གཤིས། །
ཀན་སུའུ་ཞིང་ཆེན་གྱི་ཁོངས་གཏོགས་རྩེ་ཞིག་གཡུང་དྲུང་བོན་བསྟན་འཕེལ་རྒྱས་གླིང་ནས་གངས་ཏི་སེའི་བོན་གཞུང་རིག་མཛོད་ལ་ཞུ་དག་པའི་འགན་ཁུར་སྐབས་བར་གསེང་དུ་བྲེལ་འཚུབ་ངང་བྲིས་པས། ཚིག་དོན་གང་གི་ཆ་ནས་ནོར་འཁྲུལ་ཡོད་ངེས་པས་མཁྱེན་ལྡན་མཁས་པའི་དབང་པོ་རྣམ་པའི་སྤྱན་སྔར ༢༠༠༩ ལོའི་ཟླ་བ ༧ པའི ༢༨ ཉིན་ཁྲི་རྒྱལ་གྱིས་ཁ་མིན་སེམས་གཏིང་ནས་མཐོལ་བཤགས་ཞུ་བ་དང་ཆབས་ཅིག་དགེ་འདོན་སྐྱོན་སེལ་བྱེད་པའི་རེ་བ་དང་བཅས། རྣམ་དཀར་དགེ་བའི་ཆ་གང་མཆིས་པ་དེ་དག་མ གྱུར་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བསྔོས་པ་དགེ་བར་གྱུར་ཅིག་གུ། ཛ་ཡནྟུ། །
༧ དཔྱད་གཞིའི་ཡིག་ཆ་འགའ་གླེང་བ། མདོ་དྲི་མེད་གཟི་བརྗིད་་་་་བཀའ་་་་་བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༢༠༠༠ལོའི་ཟླ་བ ༩
མདོ་གཟེར་མིག་་་་་བཀའ་་་་ཀྲུང་གོ་བོད་ཀྱི་ཤེས་རིག་དཔེ་སྐྲིན་ཁང་། ༡༩༩༡ ལོའི་ཟླ་བ ༦
མདོ་འདུས་་་་་བཀའ་་་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། སྣ་རིང་ཤོག་སེར་ཅན།
སྲིད་པ་ལས་ཀྱི་གཏིང་ཟློག་རྩ་རྒྱུད་ཉི་ཟེར་སྒྲོན་མ་་་་་བཀའ་་་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། སྣ་རིང་ཤོག་སེར་ཅན།
དྲི་མེད་རྩ་བའི་མདོ་་་་་བཀའ་་་་་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། སྣ་རིང་ཤོག་སེར་ཅན།
ཁྲོ་གཉེར་བསྐལ་བཟང་་་་་བཀའ་་་་་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། སྣ་རིང་ཤོག་སེར་ཅན།
སྐྱེ་སྒོ་གཅོད་པའི་མདོ་་་་་བཀའ་་་་་སྣ་ཐུང་དཔར་མ།
མདོ་གཡུང་དྲུང་ཀློང་རྒྱས་་་་་བཀའ་་་་་ལྷ་སའི་དཔར་མ།
མ་རྒྱུད་སངས་རྒྱས་བརྒྱུད་གསུམ་་་་་སྟོན་པ་ཀུན་ཏུ་བཟང་པོ་་་་་སྣ་ཐུང་དཔར་མ།
ཡེ་ཁྲི་མཐའ་སེལ་་་་་བཀའ་་་་་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། སྣ་རིང་ཤོག་སེར་ཅན།
ཞང་ཞུང་སྙན་རྒྱུད་་་་་བཀའ་་་་་སྣ་རིང་ཤིང་དཔར་མ།
མ་རྒྱུད་ཀྱི་སྒོམ་འགྲེལ་་་་་རྒྱལ་གཤེན་་་་་་སྣ་ཐུང་དཔར་མ། གཟུངས་འདུས་་་་་བཀའ་་་་་སྣ་རིང་དཔར་མ།
སྲིད་པ་རྒྱུད་ཀྱི་ཁ་བྱང་་་་་རིགས་འཛིན་སྟོང་རྒྱུང་སོགས་་་་་རྒྱ་གར་དཔར་མ་དཔེ་གཟུགས་དཔེ་རྒན་མ།
རྫོགས་ཆེན་ཡོངས་རྩེ་ཀློང་ཆེན་་་་་ལི་ཤུ་སྟག་རིང་་་་་རྒྱ་གར་དཔར་མ་དཔེ་གཟུགས་དཔེ་རྒན་མ།
སྲིད་པ་སྤྱི་སྐོང་སྣང་སྲིད་སྤྱི་མདོས་་་་་གཤེན་ཆེན་པོ་གཅེ་འོད་ནས་རིམ་པར་བརྒྱུད་པ་སངས་པོ་ཁྲིན་ཁོད་ཀྱིས་ཡི་གེར་བཏབ་པ་་་་་དཔེ་གཟུགས་དཔར་མ།
བསྟན་པའི་རྣམ་བཤད་དར་རྒྱས་གསལ་སྒྲོན་་་་་སྤ་བསྟན་རྒྱལ་བཟང་པོ་་་་་ཀྲུང་གོ་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། ༡༩༩༡ ལོའི་ཟླ་བ ༡༢
བྱང་ཆུབ་སྒྲུབ་ཐབས་ལམ་གྱི་རིམ་པ་་་་་མེ་སྟོན་ཤེས་རབ་འོད་ཟེར་དང་། གཤེན་སྟོན་ནམ་མཁའ་རྒྱལ་མཚན། ཝཱ་ཎ་གཡུང་དྲུང་བོན་དགེ་སློབ་ཁང་།༢༠༠༠
སྲིད་པའི་མཛོད་ཕུགས་ཀྱིས་འགྲེལ་བ་་་་་འ་ཞ་བློ་གྲོས་རྒྱལ་མཚན་་་་་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༠༨ ལོའི་ཟླ་བ ༧ པ། ལེགས་བཤད་རིན་པོ་ཆེའི་གཏེར་མཛོད་་་་་ཤར་རྫ་རིན་པོ་ཆེ་་་་་མི་རིགས་དཔེ་སྐྲུན་ཁང་། ༡༩༨༥ ལོའི་ཟླ་བ ༩ པ།
གཡུང་དྲུང་བོན་གྱི་བསྟན་འབྱུང་ཕྱོགས་བསྡུས་་་་་དཔལ་ལྡན་ཚུལ་ཁྲིམས་་་་་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༡༩༨༨ ལོའི་ཟླ་བ ༡༡ པ།
འབེལ་གཏམ་ལུང་གི་སྙིང་པོ་་་་་དཔོན་སློབ་བསྟན་འཛིན་རྣམ་དག་་་་་ཁྲི་བརྟན་ནོར་བུ་རྩེའི་དཔེ་མཛོད་ཁང་། ༢༠༠༥ ལོའི་ཟླ་བ་༡པ།
ཏི་སེའི་དཀར་ཆག་ཚངས་དབྱངས་ཡིད་འཕྲོག་་་་་གྲུབ་དབང་བསྟན་འཛིན་རིན་རྒྱན། བོད་ལྗོངས་མངའ་རིས་ས་ཁུལ་གྱི་སྨན་རྩིས་ཁང་གི་ལོ་དེབ་འཕར་མ ༢༠༠༣ བོན་སྒོ་ཨང་(༡༡)བོན་མཐུན་འབྲེལ་ལྷན་ཁང་། ༡༩༩༨
བོན་སྒོ་ཨང་(༩)པ་བོན་མཐུན་འབྲེལ་ལྷན་ཁང་། ༡༩༩༦ བོན་སྒོ་ཨང་(༨)པ་རྒྱ་གར་སྨན་རི་དགོན ༡༩༩༥ བོན་སྒོ་ཨང་(༡༦)པ་རྒྱ་གར་སྨན་རི་དགོན་གྱི་ལོ་དེབ། ༢༠༠༣ བོན་སྒོ་ཨང་(༡༨)པ་༢༠༠༥ སྨན་རི་དགོན་ལོ་དེབ།
བདེན་པའི་མཛོད་ཕུགས་་་་་སྒ་སྟོན་རིན་པོ་ཆེ་་་་་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༠༥ ལོའི་ཟླ་བ་ ༦
གྲུབ་མཐའི་སྐོར་གྱི་རྣམ་བཤད་་་་་དུང་དཀར་བློ་བཟང་འཕྲིན་ལས་་་་མི་རིགས་དཔེ་སྐྲུན་ཁང་། ༢༠༠༤ ལོའི་ཟླ་བ་ ༣
ལེགས་བཤད་ཕྱོགས་བསྒྲིགས་་་་་ཞང་བོད་རིགས་གཞུང་ཞིབ་འཇུག་ཁང་། ༡༩༩༧
ཕར་ཕྱིན་སྐབས་དང་པོ་་་་་ཀུན་མཁྱེན་་་་་ཝཱ་ན་མཐོ་སློབ་གཡུང་དྲུང་བོན་གྱི་དགེ་སློབ་ཁང་། ༢༠༠༡ ལོའི་ཟླ་བ ༡༡ པ།
ཕར་ཕྱིན་སྐབས་གསུམ་པ་་་་་རྣམ་དག་འོད་ཟེར་་་་་ཝཱ་ཎ་དགེ་སློབ་ཁང་། ༢༠༠༡ ལོའི་ཟླ་བ ༣ པ།
 

青ICP备08000069号
QQ:568095347
E-mail:liamrgbm@yahoo.com.cn

པར་དབང་རེབ་གོང་བོན་མང་དྲ་བར་དབང་བས་གཞན་གྱིས་མི་སྤྱོད་པར་མཁྱེན།
བོད་ཀྱི་ཆ་འཕྲིན་ལག་རྩལ་དྲ་བས་ལག་རྩལ་ཕྱོགས་ནས་རོགས་སྐྱོར་བྱས་པར་ཐུགས་རྗེ་ཆེ་ཞུ།