གཡུང་དྲུང་བོན་གྱི་བསྟན་འབྱུང་ཕྱོགས་བསྡུས། ༼ངོ་སྤྲོད་ཀྱི་སྐོར ༽

«སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པའི་བྱུང་བ་བརྗོད་པའི་ལེགས་བཤད་སྐལ་པ་བཟང་པོའི་མགྲིན་རྒྱན་རབ་གསལ་ཆུ་ཤེལ་ནོར་བུའི་དོ་ཤལ་བཞུགས་སོ། »


རྩོམ་སྒྲིག་པ།

གཡུང་དྲུང་བོན་གྱི་བསྟན་འབྱུང་ཕྱོགས་བསྡུས། ༼ངོ་སྤྲོད་ཀྱི་སྐོར ༽
དཔལ་ཚུལ། 


      «གཡུང་དྲུང་བོན་གྱི་བསྟན་འབྱུང་ཕྱོགས་བསྡུས»འདི་ནི་དང་ཐོག་ཁྱུང་སྤྲུལ་འཇིགས་མེད་ནམ་མཁས་དབུ་མཛད་པའི་ཐོག མཁས་དབང་དཔལ་ལྡན་ཚུལ་ཁྲིམས། སྔགས་བོན་རྒྱལ་མཚན་རྣམ་རྒྱལ། བཙུན་པ་གཡུང་དྲུང་ཡེ་ཤེས་སོགས་ཤེས་ལྡན་སློབ་མ་རྣམས་དང་། ཕྱོགས་སོ་སོ་ནས་ཕེབས་པའི་མཁྱེན་ལྡན་ཀློག་པ་པོ་སྨོན་སྲས་ནམ་མཁའ་གྲགས་པ། དགེ་བཤེས་བློ་གྲོས་རྒྱ་མཚོ། ཨ་མདོ་བ་མཁས་གྲུབ་དགེ་ལེགས། རྟོགས་ལྡན་ལུང་རྟོགས་ཉི་མ། སྐལ་བཟང་བསྟན་པའི་ཉི་མ་དང་། དགེ་སློང་བསྟན་འཛིན་དབང་གྲགས་བཅས་ལ་བཀས་བསྐུལ་ཏེ་བརྩམས་གནང་མཛད་ནས་གཏན་ལ་ཕབ་པ་ཞིག་ཡིན་འདུག


ངོ་སྤྲོད།


      འདི་ཡི་བརྗོད་དོན་ནི་འཇིག་རྟེན་གྱི་ཁམས་ལ་བྱུང་བ་དང་འབྱུང་འགྱུར་གྱི་དུས་སྐབས་སོ་སོར་མུན་སྣང་གི་བསྐལ་བ་བྱུང་ཚུལ། རྟེན་པ་སྣོད་ཀྱི་འཇིག་རྟེན་ཆགས་ཚུལ། ཕྱི་ནང་གྲུབ་མཐའི་ལུགས་ཀྱི་ས་ཡི་གོ་ལའི་དབྱེ་བ། ཉི་ཟླ་གཟའ་སྐར་གྱི་འགྲོས་སྟངས། གཡོ་བ་བཅུད་ཀྱི་སེམས་ཅན་གྲུབ་ཚུལ། མི་རིགས་ཀྱི་གྲོལ་ཁུངས། ལྷག་ཏུ་བོན་གྱི་བསྟན་པའི་བདག་པོ་སྟོན་པ་གཤེན་རབ་ཀྱི་བཀའ་བསྡུ་བཀྲལ་སྤེལ་གསུམ་མཛད་ཚུལ་རྒྱས་པ་དང་། ཕྱི་རྒྱུད་སྐུ་ཡི་སྤྲུལ་བའི་འདུལ་རྒྱུད། ནང་རྒྱུད་རྫོགས་པའི་སྐུ་ཡི་གསང་སྔགས་ཀྱི་བརྒྱུད་པ། གསང་རྒྱུད་བོན་གྱི་སྐུ་ཡི་སེམས་ཕྱོགས་ཀྱི་རྒྱུད་པ་སོགས་ཕྱི་ནང་གསུང་གསུམ་རྒྱུད་འཛིན་བྱུང་ཚུལ་རྣམས་རྒྱས་པར་བཀྲལ་བ་དང་། གདུང་རྒྱུད་འཛིན་པའི་སྐྱེས་བུ་དམ་པ་གཤེན་དང་། བྲུ། ཞུ། སྤ། རྨེའུ། ཁྱུང་། ཞིག་པོ་སོགས་ཀྱི་གདན་སར་རྒྱུད་འཛིན་རིམ་བྱོན། ཕྱིས་བྱུང་རྒྱལ་བ་མཉམ་མེད་ཆེན་པོ་གཙོ་བོར་གྱུར་བའི་གདན་ས་ཆེ་ཆུང་ཁག་གི་མཁས་གྲུབ་བླ་མ་རིམ་བྱོན་གྱི་ལོ་རྒྱུས། བཀའ་དང་བཀའ་བརྟེན་གྱི་དབྱེ་བ། བཀའ་མདོ་འབུམ་རྒྱུད་མཛོད། མདོ་སྔགས་སེམས་གསུམ་གྱི་དཀར་ཆག་ལེའུ་རྩིས་རྒྱ་ལ་ཁུངས་གཏུགས། སྔ་ཕྱིའི་བསྟན་པ་དར་ནུབ་བྱུང་ཚུལ་དང་རྒྱུ་རྐྱེན། བསྟན་པ་སྔ་དར་དང་ཕྱི་དར་དུས་སྐབས་སུ་བོན་གྱི་དགོན་སྡེ་ཆགས་རབས་དང་རིང་ལུགས་རྒྱུད་འཛིན་གང་ཡིན་གསར་བར་བསྟན་པ་བཅས་ལོ་རྒྱུས་ཡིག་ཆ་འདི་རྩོམ་འབྲིའི་དུས་ཡུན་ཅུང་རིང་ཞིང་མཁྱེན་ལྡན་དུ་མས་ཟིན་བྲིས་དང་ལེགས་སྒྲིག་གནང་བ་ཞིག་ཡིན་པས། བོན་ལུགས་གྲུབ་མཐའི་རྣམ་གཞག་ཙམ་མ་ཟད། སྤྱིར་ནས་བོད་ཀྱི་ལོ་རྒྱུས་དང་། རིག་གནས། ལྷག་དོན་གདོད་མའི་སྤྱི་ཚོགས་ལ་སོགས་པར་ཞིབ་འཇུག་བྱ་རྒྱུར་དགོས་པ་ལྡན་ངེས་ཤིག་ཡིན་པར་སེམས།


དཀར་ཆག


མཆོད་བརྗོད་དང་གླེང་གཞི།
ལེའུ་དང་པོ། སྣང་བའི་ཁམས་འབྱུང་བ་ཕྱི་སྣོད་འཇིག་རྟེན་ཆགས་ཚུལ་སྤྱི་དང་བྱེ་བྲག
ལེའུ་གཉིས་པ། སྲིད་རྩེ་ན་རག་བར་གྱི་སྲིད་པ་ནང་བཅུད་ཀྱི་སེམས་ཅན་གྱི་འགྲོ་བ་དྲུག་གྲུབ་ཚུལ།
ལེའུ་གསུམ་པ། བསྐལ་པ་གནས་དུས་ཚེ་གྲངས་རང་བཞིན་སོགས་ཀྱི་དབྱེ་བཤད་འབྱུང་ཚུལ།
ལེའུ་བཞི་བ། བརྒྱ་པའི་དཔལ་མགོན་སངས་རྒྱས་སྟོན་པའི་སྒྲོན་མ་བྱོན་ཏེ་བོན་བསྟན་པ།
ལེའུ་ལྔ་བ། སངས་རྒྱས་གཡུང་དྲུང་སེམས་དཔའ་རྣམས་བྱོན་རབས་དང་བཀའ་བསྡུ་མཛད་ཚུལ།
ལེའུ་དྲུག་པ། བོན་བསྟན་བཀའ་མདོ་སྔགས་སེམས་གསུམ་ཕྱོགས་བཅུའི་ཞིང་ཁམས་ཀུན་ཏུ་དར་ཚུལ།
ལེའུ་བདུན་པ། བོད་ཡུལ་བསྟན་པའི་ཉི་མ་བདུད་སྲིན་ལོག་སྨོན་དབང་གིས་ཐེངས་གཉིས་ནུབ་ཚུལ།
ལེའུ་བརྒྱད་པ། འཕྲུལ་ངག་གཡུང་དྲུང་བོན་གྱི་བཀའ་རྣམས་ནང་གསེས་བྱེ་བྲག་ཏུ་དབྱེ་བའི་ཚུལ།
ལེའུ་དགུ་བ། ཕྱི་ནང་གྲུབ་མཐའི་འདོད་ཚུལ་མུ་སྟེགས་རིགས་དང་རང་ལུགས་རྒྱུ་ཐེག་འོག་མ་བཞིའི་འདོད་ཚུལ།
ལེའུ་བཅུ་བ། ཕྱི་མཚན་ཉིད་ཀྱི་གྲུབ་མཐའ་བྱེ་མདོ་དབུ་སེམས་བཞིའམ་རྣམ་རང་སེམས་དཔའ་གཉིས་ཀྱི་ཚུལ།
ལེའུ་བཅུ་གཅིག་པ། ནང་གསང་སྔགས་ཀྱི་ཐེག་པ་རྒྱུད་སྡེ་རབ་འབྱམས་ཕྱི་ནང་གསང་བའི་བཞེད་ཚུལ།
ལེའུ་བཅུ་གཉིས་པ། བསྟན་འཛིན་སྐྱེས་བུའི་བྱོན་རབས་ལས་ཕྱི་སྤངས་ལམ་འདུལ་ཁྲིམས་ཀྱི་བརྒྱུད་པ་སྤྱི།
ལེའུ་བཅུ་གསུམ་པ། མཉམ་མེད་ཆེན་པོ་ནས་བཟུང་སྨན་རི་སོགས་གདན་ས་གསུམ་གྱི་མཁན་སློབ་རྣམས།
ལེའུ་བཅུ་བཞི་བ། གཤེན་དང་བྲུ་ཞུ་སྤ་རྨེའུའི་གདུང་འཁྲུངས་འདུལ་འཛིན་སྐྱེས་བུའི་བརྒྱུད་པ་སོ་སོ།
ལེའུ་བཅོ་ལྔ་བ། ནང་བསྒྱུར་ལམ་གསང་སྔགས་བརྒྱུད་པའི་བླ་མ་སྔ་དར་རིག་འཛིན་རྣམས་བྱོན་ཚུལ།
ལེའུ་བཅུ་དྲུག་པ། བསྟན་པ་ཕྱི་དར་གྱི་སྤྲུལ་སྐུ་གཤེན་གྱེར་རྨ་དབྱིལ་སོགས་གཏེར་སྟོན་རྣམས་བྱོན་ཚུལ།
ལེའུ་བཅུ་བདུན་པ། གཤེན་དང་བྲུ་ཞུ་སྤ་རྨེའུ་ཁྱུང་དྲུག་གི་གདུང་རབས་གདུང་འཛིན་དམ་པ་ཅི་རིགས་བྱོན་ཚུལ།
ལེའུ་བཅོ་བརྒྱད་པ། གསང་བ་གྲོལ་ལམ་སེམས་ཕྱོགས་བརྒྱུད་པའི་ཞང་ཞུང་སྙན་བརྒྱུད་བཀའ་སྐོར་གྱི་བླ་མ་རྣམས།
ལེའུ་བཅུ་དགུ་བ། བསྒྲགས་པ་གསུམ་དང་ཡེ་ཁྲི་སོགས་རྫོགས་ཆེན་གདམས་རིགས་བརྒྱུད་པའི་བླ་མ་རྣམས།
ལེའུ་ཉི་ཤུ་བ། ཨ་ཁྲིད་རྟོགས་ལྡན་ཉམས་བརྒྱུད་སོགས་དང་སེམས་ཕྱོགས་སྤྱིའི་བླ་བརྒྱུད་སྨད་ཆ།
ལེའུ་ཉེར་གཅིག་པ། བརྒྱུད་ཁོངས་དེ་དག་ཏུ་མ་གསལ་བའི་དམ་པ་འགའ་ཞིག་དང་ཁམས་་ཕྱོགས་ཕྱིས་བྱོན་རིགས།
ལེའུ་ཉེར་གཉིས་པ། ཞར་བྱུང་གཞན་སྡེ་ཕོ་ཚོད་ཅན་ཁ་ཅིག་ལ་རྩོད་སྤོང་མདོར་བསྡུས་བཤད་པ་དང་མཇུག་བསྡུ་བ།
གཡུང་དྲུང་བོན་གྱི་བསྟན་པ་སྔ་ཕྱིའི་དུས་སུ་དགོན་སྡེའི་ཆགས་རབས་མདོར་བསྡུས།
 

青ICP备08000069号
QQ:568095347
E-mail:liamrgbm@yahoo.com.cn

པར་དབང་རེབ་གོང་བོན་མང་དྲ་བར་དབང་བས་གཞན་གྱིས་མི་སྤྱོད་པར་མཁྱེན།
བོད་ཀྱི་ཆ་འཕྲིན་ལག་རྩལ་དྲ་བས་ལག་རྩལ་ཕྱོགས་ནས་རོགས་སྐྱོར་བྱས་པར་ཐུགས་རྗེ་ཆེ་ཞུ།