ཟླ་རེའི་ཚགས་ཉར ཟླ་དགུ་པ། 2017

ཀུན་རིག་ལས་བཞི་རྒྱུན་ལྔའི་ཆོ་ག་དངོས་སུ་དབུ་འཛུགས་གནང་བ།

གཤེན་གྱི་འབྱུང་ལྡན་༣༠༡བོད་ཟླ་བརྒྱད་པའི་ཚེས་དགུ་ཉིན་སྟེ། ཕྱི་ལོ་༢༠༡༧ཟླ་༩ཚེས་༢༩ཉིན་༧ཞྭ་དཀར་བསྟན་པའི་གཙུག་རྒྱན་༧སྐྱབས་རྗེ་རྒྱལ་བ་སྨན་རི་བའི་ཁྲི་འཛིན་སོ་གསུམ་པ་མཆོག་གི་སྐུ་གདུང་རིན་པོ་ཆེ་ཀུན་རིག་ལས་བཞི་རྒྱུན་ལྔའི་གོ་རིམ་ལྟར་གདུང་བསྲེགས་ཀྱི་མཆོད་འཕྲེང་རྒྱས་པར་བཤམས་ཏེ་ཆོ་ག་དངོས་སུ་དབུ་འཛུགས་གནང་བ། ཞིབ་ཏུ་ཀློག ཀུན་རིག་ལས་བཞི་རྒྱུན་ལྔའི་ཆོ་ག་དངོས་སུ་དབུ་འཛུགས་གནང་བ།

ཐུགས་གསོའི་འཚམས་འཕྲིན།

ཁམས་གསུམ་འགྲོ་བ་འདྲེན་པའི་དེད་དཔོན། མདོ་སྔགས་བསྟན་པ་ཀུན་གྱི་བདག་པོ། ལྔ་སྙིགས་མུན་པ་སེལ་བའི་སྒྲོན་མེ། ཞྭ་དཀར་གཡུང་དྲུང་བསྟན་པའི་གཙུག་རྒྱན། དཔལ་རྒྱལ་བ་སྨན་རི་བའི་ཁྲི་འཛིན་སོ་གསུམ་པ་ལུང་རྟོགས་བསྟན་པའི་ཉི་མ་རིན་པོ་ཆེ་མཆོག་གིས་འཇིག་རྟེན་ཡངས་པའི་ཁམས་འདིར་བསྟན་པ་དང་འགྲོ་བའི་དོན་མ་ལུས་པ་རེ་ཞིག་གྲུབ་ནས། ཐུགས་ཉིད་བོན་གྱི་སྐུ་ལ་མ་གཡོས་བཞིན་ཐུགས་རྗེའི་འགྲོ་འདུལ་གཞན་དུ་བསྒྱུར་བའི་ཚུལ་བསྟན་ནས་དཔལ་ལྡན་སྨན་རི་བའི་བླ་བྲང་དུ་སྐུ་ལ་མི་གཟོད་པའི་ཟུག་ཟེར་སོགས་གང་ཡང་མ་བྱུང་བར། སྔོན་བྱོན་འཇའ་ལུས་འཕོ་ཆེན་ཉེར་བཞིའི་རྣམ་ཐར་ཐུགས་ཉམས་སུ་བཞེས་ཏེ། སྐུ་ཆ་ལུགས་ལྔ་ལྡན་གྱི་ཐུགས་དམ་གཡོ་བ་མེད་པའི་ངང་ནས་གཟུགས་ ཞིབ་ཏུ་ཀློག ཐུགས་གསོའི་འཚམས་འཕྲིན།

ཤར་རྫའི་རྒྱལ་ཚབ་འཇིགས་མེད་དབང་ཕྱུག་ནས་ཐུགས་གསོའི་འཚམས་འཕྲིན།

      ༄༅།།ཁམས་གསུམ་འགྲོ་བའི་སྒྲོན་མེ་གྱེར་སྟོན་སྲོག་གི་ཀ་ཆེན་འཛམ་གླིང་བོན་གྱི་གཙུག་རྒྱན་དམ་པ་རྗེ་སྨན་རི་བའི་ཁྲི་འཛིན་སོ་གསུམ་པ་མཆོག་རེ་ཞིག་གདུལ་བྱ་རྟག་འཛིན་བ་རྣམས་སུན་ཕྱུང་བའི་ཕྱིར་དུ་དགུང་གྲངས ༨༩ བཞེས་མཐར། བོན་གྱི་གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་གི་བླ་བྲང་འོད་གསལ་འབར་བ་རུ། སྤྱི་ལོ་ ༢༠༡༧ལོའི་ཟླ་བ ༩ པའི་ཚེས ༡༤ཉིན་སྐུ་གཡོ་མེད་ཆ་ལུགས་ལྔ་ལྡན་ངང་ནས་དགོངས་པ་ཀ་དག་བོན་དབྱིངས་སུ་གཟིམ་སོང་བའི་ཚུལ་མཛད་པ་ལ་རྗེས་འཇུག་ང་ཚོ་བཟོད་པའི་གླགས་མི་རྙེད་པའི་སྐྱོ་གདུང་དང་ཡིད་ཕམ་ངང་ཧད་དེ་ལུས་བཞིན་དཔལ་ཤར་རྫ་བའི་རི་ཁྲོད་གོང་འོག་བར་གསུམ་ནས་ཉིན་གསུམ་ཙམ་ལ་གདུང་མཆོད་རྒྱས་འབུལ་ཞུས་པ་དང་གཞུག་ནས་འབུལ་རྩིས་ཡིན་པ་དང་། དེ་བཞིན་དུ་སྐྱབས་མཆོག་གང་གི་སྐྱབས་འོག་པ་ངེད་ཅག་ཤུལ་ལུས་པ་སེར་སྐྱ་ཡོངས་ནས་རྣམ་དཀར་དགེ་བའི་ཕྱོགས་སུ་ཅི་ནུས་དང་རྒྱལ་བ་སྨན་རི་བའི་བསྟན་པ་ཡུན་དུ་གནས་པའི་བྱ་བ་ལ་འབད་བརྩོན་གནང་རོགས་ཞེས་ཤར་རྫའི་རི་སུལ་ནས་ཨ་འཇིགས་ནས་གསོལ་བ་རྩེ་གཅིག་ཏུ་བཏབ་སྟེ་ཕུལ།

གདུང་མཆོད་འབོད་བསྐུལ།

ད་ལན་རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག་སྨན་རིའི་ཁྲི་འཛིན་རིན་པོ་ནང་དབྱིངས་ཀ་དག་གི་གྲོང་དུ་འཇུག་པ་ལགས་ན། འུ་ཅག་རིས་མེད་ཀྱི་དད་འདུན་པ་ཡོངས་ཀྱིས་རྗེ་བླ་མའི་གདུང་མཆོད་ལ་དམིགས་ནས་སོ་སོའི་འབྱོར་ནུས་གང་ཡོད་ཀྱིས་དགེ་བསྒྲུབ་སྡིག་སྤང་གང་ཐུབ་བྱེད་ ཞིབ་ཏུ་ཀློག གདུང་མཆོད་འབོད་བསྐུལ།

རེབ་གོང་བོན་མང་འདུས་སྤྱི་ནས་དགོངས་རྫོགས་གདུང་མཆོད་ཕུལ་བ།

༄༅། །འཛམ་གླིང་བོན་འབངས་ཡོངས་རྫོགས་ཀྱི་དབུ་ཁྲིད༧ཞྭ་དཀར་བསྟན་པའི་གཙུག་རྒྱན༧རྒྱལ་བ་སྨན་རི་བའི་ཁྲི་འཛིན་སོ་གསུམ་པ༧སྐྱབས་རྗེ་ལུང་རྟོགས་བསྟན་པའི་ཉི་མ་རིན་པོ་ཆེ་མཆོག་ནི། རྒྱལ་བ་གཤེན་གྱི་འབྱུང་ལྡན༣༠༡བོད་ས་མོ་སྦྲུལ་གྱི་ལོ་ཕྱི་ལོ༡༩༢༩ཧོར་ཟླ་ལྔ་པའི་ཚེས་བཅོ་ལྔ་ཉིན་མདོ་སྨད་ཤར་ཁོག་ཏུ་ལྗོངས་ལྡོང་ཚང་ཞེས་པའི་དུད་ཁྱིམ་ཆེན་པོ་དེར་ཡབ་ལྗོངས་ལྡོང་རྒྱལ་ལོ་དང་ཡུམ་བར་རོང་བཟའ་མཚོ་མོ་གཉིས་ཀྱི་སྲས་སུ་འཁྲུངས།

ཕྱི་ལོ༢༠༡༧ཟླ༩ཚེས༡༤ཉིན་གྱི་ཕྱི་དྲོའི་ཆུ་ཚོད་དྲུག་དང་སྐར་མ་ཉེར་ལྔའི་སྟེང་བོན་གྱི་གདན་ས་ཆེན་མོ༧དཔལ་གཤེན་བསྟན་སྨན་རིའི་གླིང་གི་བླ་བྲང་དུ་ཐུགས་དམ་གཡོ་བ་མེད་པའི་ངང་ནས་དགོངས་པ་བོན་དབྱིངས་སུ་ཐིམ་སོང་བའི་ཡིད་སྐྱོ་བའི་གནས་ཚུལ་འདི་ཐོས་འཕྲལ། རེབ་གོང་བོན་མང་འདུས་སྤྱི་ནས་ཀྱང་གཞུང་གི་བཀོད་སྒྲིག་ལྟར་ཚེས་བཅུ་དྲུག་ཉིན་ནས་རང་རང་གི་གསས་ཁང་སོ་སོ་ནས་དགོངས་རྫོགས་ཀྱི་གདུང་མཆོད་ལ་ཚེ་དབང་དང་ཞི་ཁྲོ་སོགས་ཀྱི་ཚོགས་འཁོར་རྒྱ་ཆེར་བསྐོར་བ་དང་། སྒྲུབ་སྡེ་སོ་སོའི་དགེ་བསྙེན་མ་རྣམས་ཀྱིས་ཀྱང་བསྙེན་གནས་ཡན་ལག་བརྒྱད་པའི་སྡོམ་པ་ལ་གནས་ཅི་ཐུབ་ཀྱིས་དགེ་སྒྲུབ་ཚོགས་བསགས་ཀྱི་ལས་ལ་འབད་བཞིན་པ་མ་ཟད། མར་མེ་སྟོང་ཕྲག་དུ་མས་མཆོད་པ་རྒྱ་ཆེར་ཕུལ་ནས་གདུང་སེམས་མཉམ་བསྐྱེད་དང་བཅས་དགེ་སྒྲུབ་ཁས་བླངས་སོགས་ཀྱི་གདུང་མཆོད་རྒྱ་ཆེར་སྤེལ་བའོ།། ཞིབ་ཏུ་ཀློག རེབ་གོང་བོན་མང་འདུས་སྤྱི་ནས་དགོངས་རྫོགས་གདུང་མཆོད་ཕུལ་བ།

བསྐལ་ཁུག་གི་སྟོན་པ་སྨན་རི་བར་གདུང་མཆོད་འབུལ་བ།

བསྐལ་ཁུག་གི་སྟོན་པ་སྨན་རི་བར་གདུང་མཆོད་འབུལ་བ།

རྫ་སྟེང་ཆེན་དགོན་མ་ལག་བུ་གསུམ་ནས།

                                        མྱ་ངན་དང་བཅས་ཞུ་བ།

བསྐལ་ཁུག་རྒུད་པ་མཐའ་དག་སེལ་བའི་གཉེན་གཅིག་དུས་ཀྱི་གཉན་འཕྲང་བརྒལ་བའི་དཔའ་བོ་རྒྱལ་བསྟན་ཉམས་པ་གསོ་བའི་སྨན་མཆོག་ལས་ཅན་འཁོར་བའི་འདམ་ལས་འདྲེན་པའི་ལམ་བུ་ཁམས་གསུམ་གྱི་བླ་ན་འཕགས་ཤིང་སྲིད་པ་གསུམ་གྱི་མཁའ་ལ་མངོན་པར་མཛེས་པའི་བོད་སྲིད་པའི་མི་ཆེན་དམ་པ་བོན་འགྲོ་བའི་སྐྱབས་མཆོག་བླ་མེད་སྐྱབས་རྗེ་རྒྱལ་བ་སྨན་རི་བའི་ཁྲི་འཛིན་སོ་གསུམ་པ་མཆོག་འདི་ལྟར་སྣང་སྲིད་ཀྱི་སྒྱུ་མའི་རོལ་རྩལ་ཐམས་ཅད་ངང་གིས་ཡལ་ནས་ནང་དབྱིངས་ཀ་དག་གི་གྲོང་ཆེ་ཆེན་པོར་བསྡུས་པའི་དུས་འདིར། བོན་འབངས་དང་རིས་མེད་ཀྱི་དད་འདུན་པ་ཡོངས་ནས་གདུང་མཆོད་དང་དགོངས་རྫོགས་ལ་བརྩོན་བཞིན་པའི་སྐབས་ལགས་ན། ངེད་རྫ་སྟེང་ཆེན་དགོན་དཔལ་གཤེན་བསྟན་མདོ་སྔགས་བསྟན་རྒྱས་གླིང་དང་། ཟེར་འཕྲོ་དགོན།  བོན་པོ་དགོན་བཅས་དགོན་མ་ལག་བུ་གསུམ་གྱིས་དབྲ་སྟོན་ཉེར་སྟོན་ཉེར་གཉིས་པ་ཚུལ་ཁྲིམས་དྲི་མེད་རྣམ་རྒྱལ་མཆོག་གི་བཀའ་དགོངས་གཞིར་བཟུང་སྟེ་སེར་སྐྱ་ཡོངས་རྫོགས་གནས་གཅིག་ཏུ་འཛོམས་ནས་ཚོགས་དང་མཆོད་པ་རྒྱ་ཆེན་པོས་དགོངས་རྫོགས་དང་གདུང་མཆོད་ཞུས་པ། ཞིབ་ཏུ་ཀློག བསྐལ་ཁུག་གི་སྟོན་པ་སྨན་རི་བར་གདུང་མཆོད་འབུལ་བ།

མདོ་སྨད་རྩེ་ཞིག་དགོན་དུ་མཁན་རིན་པོ་ཆེའི་གདུང་མཆོད་ལ་འཚོགས་པ།

རྩོམ་པ་པོ། རྩེ་འོད་སྣང་།     རྩོམ་ཁུངས། རེབ་གོང་བོན་མང་དྲ་བ།

རྒྱལ་བའི་མཛད་པ་འཁྲུལ་མེད་སྐྱོང་བའི་ལུང་རྟོགས་བསྟན་པའི་འོད་དཀར་པོ།།
རྒྱལ་བ་སྨན་རིའི་ཁྲི་འཛིན་སོ་གསུམ་བོན་འབངས་ཡོངས་ཀྱི་སྐྱབས་གཅིག་པུ།།
རྒྱལ་བ་གོང་མའི་མཛད་ལུགས་ཇི་བཞིན་མི་རྟག་དགོངས་པ་རྫོགས་ཚུལ་བསྟན།།
རྒྱལ་བ་ཉིད་དང་དབྱེར་མེད་གནས་པའི་སྐུ་མཆོག་ཁྱེད་ཀྱིས་རྗེས་བཟུང་མཛོད།།

དེ་ཡང་གཤེན་གྱི་འབྱུང་ལྡན་༣༠༡གི་ནང་ཚུན་སྤྱི་ལོ་༢༠༡༧ལོའི་ཟླ་༩ཚེས་༡༤ཉིན་བྱེས་ཀྱི་གདན་ས་ཆེན་མོ་དཔལ་ལྡན་སྨན་རིའི་བླ་བྲང་དུ་སྐྱབས་རྗེ་རྒྱལ་བ་སྨན་རི་བའི་ཁྲི་འཛིན་སོ་གསུམ་པ་ལུང་རྟོགས་བསྟན་པའི་ཉི་མ་རིན་པོ་ཆེ་མཆོག་ཐུགས་ཀློང་གཡོ་མེད་ཀྱིས་ངང་ནས་རེ་ཞིག་དགོངས་པ་རྫོགས་པའི་ཚུལ་མཛད་པ་ལགས་ན། ངེད་རྩེ་ཞིག་དགོན་གྱི་དད་འབངས་སེར་སྐྱ་ཀུན་གྱིས་རྩེ་ཞིག་ཚང་༧ཤེས་རབ་བསྟན་པའི་ཟླ་བ་མཆོག་གི་ཐུགས་བཀོད་ཇི་བཞིན།ཉིན་གསུམ་གྱི་རིང་ལ་གྲྭ་ཚང་འདུས་པ་རྒྱ་མཚོས་མཉམ་མེད་བླ་མའི་སྒྲུབ་གཞུང་གི་དཀྱིལ་འཁོར་ཞལ་ཕྱེས་ཐོག་བསྟོད་པ་རྣམ་རྒྱལ་ཁང་བཟང་དང་བླ་མའི་རྣལ་འབྱོར་མཁན་རིན་པོ་ཆེའི་གསོལ་འདེབས་སོགས་དབྱངས་ལ་བཏེགས་ཤིང་སེར་སྐྱ་ཀུན་གྱིས་གདུང་སེམས་མཉམ་བསྐྱེད་ངང་ངན་སོང་སྐྱེ་སྒོ་གཅོད་པའི་མདོ་ ཞིབ་ཏུ་ཀློག མདོ་སྨད་རྩེ་ཞིག་དགོན་དུ་མཁན་རིན་པོ་ཆེའི་གདུང་མཆོད་ལ་འཚོགས་པ།

རྩེ་དྲུག་བསྟན་འཛིན་འོད་ཟེར་མཆོག་གི་ཐུགས་འཕྲིན།

   ༧དུས་གསུམ་རྒྱལ་བ་ཀུན་གྱི་རྒྱལ་ཚབ་སྙིག་མའི་གདུལ་དཀའ་འདུལ་བའི་འདྲེན་པ་ཆེན་པོ་དཔལ་རྒྱལ་བ་སྨན་རི་བའི་མཁན་ཆེན་དམ་པ་༧ལུང་རྟོགས་བསྟན་པའི་ཉི་མ་རིན་པོ་ཆེ་མཆོག་བསམ་བཞིན་བསྐལ་ཁུག་བསྟན་པའི་མེ་རོ་གྱེན་དུ་སྤར་མཛད་མཚན་དཔེ་སྐུ་ཡི་བཀོད་པ་མི་མཇེད་འཇིག་རྟེན་གྱི་ཁམས་སུ་བསྟན་ནས། མཁྱེན་རྩེ་ནུས་པའི་ཡོན་ཏན་གྱི་བཀོད་པ་བསམ་མཐའ་ཡས་པར་མཛད་དེ། ཞྭ་དཀར་བོན་གྱི་བསྟན་སྲོག་དམ་དུ་འཛིན་པའི་འཕྲིན་ལས་ཟླ་མེད་མངོན་པར་འཕག་ཅིང་ལྟོས་བཅས་བུ་སློབ་དུ་མར་ཐུགས་རྗེའི་བརྩེ་བ་ཆེས་པོས་ཉེ་བར་བཟུངས་ནས་ཡངས་པའི་ཐ་གྲུ་ཀུན་ཏུ་ཞང་ཞུང་རིག་གནས་སྤྱི་དང་ཁྱད་པར་མདོ་སྔགས་བླ་མེད་ཀྱི་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་པར་མཛད་པ་སོགས་བསམ་མི་ཁྱབ་པའི་རླབས་ཆེན་གྱི་རྣམ་པར་ཐར་པ་བསྒྲངས་ལས་འདས་པར་སྐྱོངས་ཤིང་། སྐུ་གསུང་ཐུགས་གསུམ་གྱི་མཛད་འཕྲིན་མཐའ་དག་གེགས་མེད་མཐའ་རུ་ཕྱིན་ཏེ། ཁར་སང་གདན་ས་སྨན་རི་གླིང་དུ་གཟུགས་སྐུའི་བཀོད་པ་བོན་ཉིད་ཀྱི་ཀློང་དུ་བསྡུས་པའི་གནས་ཚུལ་གོ་ཐོས་བྱུང་བར་ཡིད་ཕམ་ཚད་མེད་བྱུང་བ་མ་ཟད། དམ་པ་གང་གི་ཐུགས་ཀྱི་བཞེད་དགོངས་མཐའ་དག་གེགས་མེད་ལྷུན་གྱིས་འགྲུབ་པ་དང་། བདག་ཅག་ལྟོས་བཅས་འགྲོ་བ་ཡོངས་ཀྱི་སྐྱབས་མགོན་མཆོག་དང་དབྱེར་མི་ཕྱེད་པའི་རྗེས་འཛིན་བསྟན་འགྲོའི་དཔལ་མགོན་དམ་པ་མི་འགྱང་མྱུར་བར་བདེ་འཁོད་ཡོང་བའི་རེ་ལྟོས་ཚད་མེད་ཞུ་བ་དང་ཆབ་གཅིག   གང་གི་དགོངས་རྫོགས་སུ་རང་དགོན་གྲྭ་བཙུན་ཡོངས་དང་ཕྱོགས་དང་རིས་སུ་མེད་པའི་རང་རེའི་སློབ་འབང་ལྷ་སྡེ་མི་སྡེ་ཡོངས་ཀྱིས་མཆོད་འབུལ་ཚོགས་བསགས་དང་དགེ་སྒྲུབ་སྡིག་སྤང་སོགས་རྣམ་དཀར་གྱི་བྱ་བ་རྒྱ་ཆེར་བསྒྲུབ་སྟེ་དམ་པ་གང་གི་བླ་ན་མེད་པའི་བཀའ་དྲིན་མཚོན་པར་བྱེད་ཐོག་དུས་གསུམ་འབྲལ་བ་མེད་པར་ཐུགས་བརྩེས་རྗེས་སུ་བཟུང་བའི་གསོལ་བ་ལན་བརྒྱར་འདེབས་པ་བཅས། 

རྩེ་དྲུག་བསྟན་འཛིན་འོད་ཟེར་ནས།༢༠༡༧/༩/༡༥

སྐྱང་སྤྲུལ་ནམ་མཁའ་བསྟན་འཛིན་རིན་པོ་ཆེའི་ཐུགས་འཕྲིན།

         ཞིབ་ཏུ་ཀློག སྐྱང་སྤྲུལ་ནམ་མཁའ་བསྟན་འཛིན་རིན་པོ་ཆེའི་ཐུགས་འཕྲིན།