ཉིན་འཁོར་ཚགས་ཉར: 2017 ལོའི་ཟླ 9 ཚེས 15 ཉིན།

གསལ་བརྡ།

༄༅། །རྒྱ་ཆེའི་དད་ལྡན་རྣམས་ཀྱི་སྙན་ལམ་དུ་ཞུ་རྒྱུར།

མཁྱེན་ཆུབ་བཞིན་༧ཞྭ་དཀར་བསྟན་པའི་གཙུག་རྒྱན་༧སྐྱབས་རྗེ་༧རྒྱལ་བ་སྨན་རིའི་ཁྲི་འཛིན་༣༣པ་ལུང་རྟོགས་བསྟན་པའི་ཉི་མ་དཔལ་བཟང་པོ་མཆོག་དགོངས་པ་གཞན་དོན་དུ་གཤེགས་ཏེ་ད་ལྟ་ཐུགས་དམ་གཡོ་མེད་བོན་གྱི་སྐུ་རུ་བཞུགས་པའི་སྐུ་གདུང་མཐོང་གྲོལ་རིན་པོ་ཆེ་ལ་མཇལ་བར་མོས་པའི་གང་གི་འཁོར་འབངས་རྣམས་ལ་ཕྱི་ལོ་ ༢༠༡༧ ཟླ་ ༩ ཚེས་༡༦ ཉིན་ནས་ཕྱི་ཟླ་ ༡༠ ཚེས་ ༢ ཉིན་སྐུ་གདུང་ཞུགས་འབུལ་ཞུ་བའི་བར་མཇལ་ཁའི་དུས་ཚོད་ཞུས་པ་ལགས་ན་དེ་ལུགས་དགོངས་འཇགས་འཚལ། མུ་མཐུད་ཀློག གསལ་བརྡ།

སྨན་རིའི་ཁྲི་འཛིན་སོ་གསུམ་མཆོག་དགོངས་པ་བོན་དབྱིངས་སུ་ཐིམ་པར་དགོན་སྡེ་དང་ཚོགས་ཁག་སོ་སོ་ནས་བསྐུར་བའི་མྱ་ངན་ཞུ་ཡིག(01)

མུ་མཐུད་ཀློག སྨན་རིའི་ཁྲི་འཛིན་སོ་གསུམ་མཆོག་དགོངས་པ་བོན་དབྱིངས་སུ་ཐིམ་པར་དགོན་སྡེ་དང་ཚོགས་ཁག་སོ་སོ་ནས་བསྐུར་བའི་མྱ་ངན་ཞུ་ཡིག(01)

ཡིད་སྐྱོ་བའི་གནས་ཚུལ།

དེ་རིང་ཕྱི་ལོ་༢༠༡༧ཟླ་༩ཚེས་༡༤ཕྱི་དྲོའི་ཆུ་ཚོད་དྲུག་དང་སྐར་མ་༢༥སྟེང་འཛམ་གླིང་བོན་འབངས་ཡོངས་རྫོགས་ཀྱི་དབུ་ཁྲིད་༧ཞྭ་དཀར་བསྟན་པའི་གཙུག་རྒྱན་༧སྐྱབས་རྗེ་༧རྒྱལ་བ་སྨན་རི་བའི་ཁྲི་འཛིན་སོ་གསུམ་པ་མཆོག་བོན་གྱི་གདན་ས་ཆེན་མོ་༧དཔལ་གཤེན་བསྟན་སྨན་རིའི་གླིང་གི་བླ་བྲང་དུ་ཐུགས་དམ་གཡོ་བ་མེད་པའི་ངང་ནས་དགོངས་པ་བོན་དབྱིངས་སུ་ཐིམ་སོང་བའི་ཡིད་སྐྱོ་བའི་ མུ་མཐུད་ཀློག ཡིད་སྐྱོ་བའི་གནས་ཚུལ།