ཟླ་འཁོར་ཚགས་ཉར: ཟླ་གསུམ་པ། 2018

རྒྱལ་ཁབ་རིམ་པའི་ལས་གཞི་བོན་གྱི་ཤེས་རིག་སྤྱི་དཔྱད་ཅེས་པའི་དབུ་འབྱེད་མཛད་སྒོ་སྤེལ་བ།

༢༠༡༧ལོའི་རྒྱལ་ཁབ་རིམ་པའི་སྤྱི་ཚོགས་ཚན་རིག་གི་གནད་ཆེའི་ལས་གཞི་བོན་གྱི་ཤེས་རིག་སྤྱི་དཔྱད་ཅེས་པའི་དབུ་འབྱེད་མཛད་སྒོ་ལྷོ་ནུབ་མི་རིགས་སློབ་ཆེན་དུ་འཚོགས་པ།
༢༠༡༨ལོའི་ཟླ༣པའི་ཚེས་༢༣ཉིན།
ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོའི་ལྷོ་ནུབ་མི་རིགས་ཞིབ་འཇུག་གླིང་གི་དགེ་རྒན་ཆེན་མོ།ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོའི་གངས་ལྗོངས་བོན་ཞིབ་འཇུག་ལྟེ་གནས་ཀྱི་འགན་འཛིན།འབུམ་རམས་པའི་མཛུབ་སྟོན་དགེ་རྒན་ཤར་བ་ཐོགས་མེད་ལགས་ཀྱིས་གཙོ་སྐྱོང་གནང་བའི་བོན་གྱི་ཤེས་རིག་སྤྱི་དཔྱད་ཅེས་པའི་ལས་གཞི་ནི་༢༠༡༧ལོའི་རྒྱལ་ཁབ་རིམ་པའི་སྤྱི་ཚོགས་ཚན་རིག་གི་གནད་ཆེའི་ལས་གཞིའི་གྲས་སུ་ཚུད་པ་དང་།༢༠༡༨ལོའི་ཟླ༣པའི་ཚེས༢༣ཉིན་ལས་གཞི་དེའི་དབུ་འབྱེད་མཛད་སྒོ་ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོར་དངོས་སུ་འཚོགས་ཤིང་།ཚོགས་ཐོག་ཏུ་དཔྱད་བརྗོད་ཆེད་མཁས་དང་ལས་གཞིའི་འགན་འཛིན་ཁོངས་མི་གཉིས་ལས་གྲུབ་པའི་སློབ་གྲྭའི་ཕྱི་ནང་གི་ཆེད་མཁས་དང་དགེ་རྒན་ཆེན་མོ་ཁག་གཅིག་ཕེབས་པ་རེད། མུ་མཐུད་ཀློག རྒྱལ་ཁབ་རིམ་པའི་ལས་གཞི་བོན་གྱི་ཤེས་རིག་སྤྱི་དཔྱད་ཅེས་པའི་དབུ་འབྱེད་མཛད་སྒོ་སྤེལ་བ།

སྐབས་དང་པོའི་ཞང་ཞུང་རིག་གནས་རྒྱལ་སྤྱིའི་ཚོགས་འདུའི་དཔྱད་རྩོམ་བསྡུ་ལེན་གྱི་བརྡ་ཐོ།

རྩོམ་པ་པོ།  ཞུང་ཀརྨ་རྒྱལ་མཚན།

སྐབས་དང་པོའི་བོད་ལྗོངས་ལྷ་ས་-མངའ་རིས་ཞང་ཞུང་རིག་གནས་རྒྱལ་སྤྱིའི་རིག་གཞུང་དཔྱད་གླེང་ཚོགས་འདུའི”དཔྱད་རྩོམ་བསྡུ་ལེན་གྱི་བརྡ་ཐོ།

བོད་འདི་ཉིད་ཀྲུང་གོའི་ནུབ་རྒྱུད་དང་། དེའི་ལོ་རྒྱུས་རིག་གནས་རྒྱུན་འཛིན་འཕེལ་རྒྱས་ནི་རྒྱལ་ཁབ་ཕྱི་ནང་གི་དོ་ཁུར་བྱེད་ས་གཙོ་བོ་ཞིག་ཡིན། དེ་སྔ་མཚོ་བོད་མཐོ་སྒང་དུ་དར་རྒྱས་བྱུང་མྱོང་ཡོད་པའི་ཞང་ཞུང་རིག་གནས་ནི་དུས་རབས་བརྒྱད་པའི་སྔོན་ན་བོད་ཀྱི་གཙོ་རྒྱུག་རིག་གནས་ཤིག་ཡིན་ལ། དེང་ཡང་དར་ལ་རྩི་མར་ཟིན་པ་བཞིན་བོད་ཀྱི་ཤེས་རིག་གི་ཆུ་ཀླུང་ཆེན་པོའི་ཀློང་ན་འདྲེས་ནས་ཡོད། གཞན་ཡང་ཤེས་རིག་དེས་མཐའ་སྐོར་རྒྱལ་ཁབ་རིག་གནས་ཀྱི་འཕེལ་རྒྱས་ལ་གཏིང་ཟབ་པའི་ཤུགས་རྐྱེན་ཐེབས་ཡོད། ལྷག་པར་དུ་དེང་རབས་ཀྲུང་གོས་ལག་བསྟར་བྱེད་བཞིན་པའི་“རྒྱུད་གཅིག་ལམ་གཅིག”འཕེལ་རྒྱས་ཀྱི་འཐབ་ཇུས་གལ་ཆེའི་རྒྱབ་ལྗོངས་འོག་དང་། ཞང་ཞུང་རིག་གནས་དང་། དཔལ་འབྱོར་སྤྱི་ཚོགས་ཀྱི་འཕེལ་རྒྱས། དེ་བཞིན་རྒྱལ་ཁབ་(ས་ཁུལ་)གཞན་དག་བར་གྱི་འབྲེལ་བ་ལ་ཞིབ་འཇུག་བྱ་རྒྱུ་ནི་དམིགས་བསལ་གྱི་གལ་ཆེའི་དོན་སྙིང་དང་ལྡན་པ་ཞིག་ཡིན། བོད་ཀྱི་ལོ་རྒྱུས་དང་རིག་གནས་ལ་ཞིབ་འཇུག་དང་སྔོག་འདོན་གཏིང་ཟབ་བྱ་ཆེད། ཞང་ཞུང་རིག་གནས་ཀྱི་སྲུང་སྐྱོང་དང་ཞིབ་འཇུག་ལ་སྐུལ་འདེད་ཤུགས་ཆེན་བཏང་སྟེ། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཆེན་པོ་དང་དར་རྒྱས་ཆེན་པོ་ཡོང་བར་ཞབས་འདེགས་ཞུ་དགོས། དེ་སྔ་“སྐབས་དང་པོ་དང་གཉིས་པའི་བོད་ལྗོངས་ལྷ་སའི་ཞང་ཞུང་རིག་གནས་རྒྱལ་ནང་གི་རིག་གཞུང་དཔྱད་གླེང་ཚོགས་འདུ”ལེགས་གྲུབ་བྱུང་བའི་རྨང་གཞིའི་སྟེང་། ད་ལྟ་རྒྱལ་སྤྱི་ཚོགས་འདུ་ཞིག་༢༠༡༨ལོའི་ཟླ་བ་དྲུག་པའི་ཚེས་༡༦ཉིན་ནས་ཚེས་༡༨བར་བོད་ལྗོངས་ལྷ་སའི་གཙང་ཡུལ་དཀྱིལ་འཁོར་སྐུ་ལྷ་དར་གདོང་གསོལ་མགྲོན་ཁང་ཆེན་དུ་སྐོང་འཚོག་བྱ་རྒྱུ་ཡིན། ད་ཆ་སྤྱི་ཚོགས་ལས་རིགས་ཁག་གི་ཞང་ཞུང་རིག་གནས་ཀྱི་ཆེད་མཁས་པ་དང་།

མུ་མཐུད་ཀློག སྐབས་དང་པོའི་ཞང་ཞུང་རིག་གནས་རྒྱལ་སྤྱིའི་ཚོགས་འདུའི་དཔྱད་རྩོམ་བསྡུ་ལེན་གྱི་བརྡ་ཐོ།

གསང་གསུམ་བོན་གྱི་མཛོད་འཛིན་༧སྐྱབས་རྗེ་སྨན་རིའི་ཡོངས་འཛིན་རིན་པོ་ཆེ་ལ་བརྟན་བཞུགས་ཕུལ་བ།

རྩོམ་ཁུངས།  གཡུང་དྲུང་བོན་དྲ་བ།༧རྒྱལ་བ་གཤེན་གྱི་འབྱུང་ལྡན་ ༣༠༡ བོད་ས་ཁྱི་ལོའི་ཟླ་བ་ ༠༢ ཚེས་ ༠༥ རེས་གཟའ་ཕུར་བུ་སྐུའི་བླ་གཟའ་ཉིན་ཏེ། ཕྱི་ལོ་ ༢༠༡༨ ཟླ་བ་ ༠༣ ཚེས་ ༢༢ ཉིན། བལ་ཡུལ་༧དཔལ་ཁྲི་བརྟན་ནོར་བུ་རྩེ་ལ་༧སྐྱབས་རྗེ་༧རྒྱལ་བ་སྨན་རིའི་མཁན་སློབ་རྣམ་གཉིས་ཀྱི་དགོངས་དོན་གཞིར་བཟུང་ཐོག ༧དཔལ་གཤེན་བསྟན་སྨན་རིའི་གླིང་གི་འདུས་སྤྱི་ཐུན་མོང་ནས་སྲིད་གསུམ་སྐྱེ་འགྲོ་ཡོངས་ཀྱི་དཔུང་གཉེན་དམ་པ་རྒྱུད་གསུམ་བསྟན་པའི་སྲོག་ཤིང་༧སྐྱབས་རྗེ་ཡོངས་འཛིན་སྨྲ་བའི་དབང་པོ་མཆོག་གིས་སྐུ་ཚེ་ཧྲིལ་པོར་བསྟན་འགྲོ་སྤྱི་ལ་ཕན་པའི་རླབས་ཆེན་གྱི་མཛད་ཆེན་བསྐྱངས་པ་དང་སྒོས་སུ་རང་དགོན་སྨན་རི་ལ་ཐུགས་འཁུར་དང་མཛད་རྗེས་བླ་མེད་གནང་བར་ཐུགས་རྗེ་བཀའ་དྲིན་རྗེས་དྲན་དང་སླར་ཡང་སྐུ་ཚེ་མི་བཤིག་གཡུང་དྲུང་གི་ཁམས་སུ་བསྐལ་བ་བརྒྱ་ཡི་བར་དུ་བརྟན་ཕྱིར་སྐུ་གསུང་ཐུགས་རྟེན་དང་བཀྲ་ཤིས་རྟགས་བརྒྱད་སོགས་འདེགས་འབུལ་ཞུས་པ། མུ་མཐུད་ཀློག གསང་གསུམ་བོན་གྱི་མཛོད་འཛིན་༧སྐྱབས་རྗེ་སྨན་རིའི་ཡོངས་འཛིན་རིན་པོ་ཆེ་ལ་བརྟན་བཞུགས་ཕུལ་བ།

སྤྱི་རྟིང་བཀྲ་ཤིས་ཀུན་ཁྱབ་གཡུང་དྲུང་གླིང་དུ་སྤྱི་ཁ་གསུམ་གྱི་སྔགས་འཆང་བ་རྣམས་ཀྱིས་ཚོགས་འཁོར་བསྐོར།

བཀྲ་ཤིས་ཀུན་ཁྱབ་གཡུང་དྲུང་གླིང་དུ་གྲུབ་ཐོབ་ཆེན་པོ་སྤྱི་རྟིང་འཁོར་ལོའི་བསྒྱུར་བའི་བརྒྱུད་འཛིན་སྔགས་འཆང་རྣམས་ཀྱིས་སྔོན་བྱོན་གོང་མ་རྣམས་ཀྱི་ཕྱག་ལེན་མ་མཉམ་པར་ལོ་སར་ཀྱི་ཚེས་ཉེར་གསུམ་ཉིན་ཚེ་དབང་བོད་ཡུལ་མའི་ཚོགས་འཁོར་བསྐོར་བ། མུ་མཐུད་ཀློག སྤྱི་རྟིང་བཀྲ་ཤིས་ཀུན་ཁྱབ་གཡུང་དྲུང་གླིང་དུ་སྤྱི་ཁ་གསུམ་གྱི་སྔགས་འཆང་བ་རྣམས་ཀྱིས་ཚོགས་འཁོར་བསྐོར།