མདོ་སྨད་བྱང་བརྒྱུད་དུ་བོན་བསྟན་དར་ཚུལ་རགས་ཙམ་བརྗོད་པ་ཕན་བྱེད་སྨན་གྱི་རིལ་བུ།

༄༅། ། མཚོ་སྔོན་ཕྱོགས་འདིར་གཡུང་དྲུང་བོན་གྱི་བསྟན་པ་ཐོག་མར་དར་ཚུལ་དང་བསྟན་པའི་གནས་གཞི་བྱུང་ཚུལ། དེ་ནས་ཉམས་གུད་སོང་ཚུལ། སླར་ཡང་གཏན་དུ་མ་ཉམས་པར་བསྐྱར་དར་བྱུང་ཚུལ་སོགས་ནི། སྔོན་དང་པོ་སྟོན་པ་གཤེན་རབ་ཀྱི་སྲས་གདུང་སོབ་མུ་ཆོ་ལྡེམ་དྲུག་གི་སློབ་མ་འཛམ་གླིང་མཁས་པ་དྲུག་བྱོན་པའི་ནང་གི་ཁྲོམ་མཁས་པ་གསེར་ཐོག་ལྕེ་འབྱམས་ནི་མཚོ་སྔོན་ཕྱོགས་འདིར་འཁྲུངས་པ་ཡིན། དེ་ནས་བཟུང་། རྨ་ཁྲོམ་ར་གསུམ་ཞེས་རྨ་རྒྱལ་ཆུ་གླིང་དང་ཁྲོམ་ཁྲི་གཤོག་རྒྱལ་མོའི་མཚོ་མོ། ར་རྒྱ་ཁྱུང་མགོན་སོགས་སུ་བོན་བསྟན་དར། དེ་ནས་བོད་རྒྱལ་ཏིང་ཁྲི་བཙན་པོའི་རིང་མདོ་ཁམས་ཁམས་དབྱར་མོ་ཐང་ཞེས་པར་ཀ་ཅུའི་༼ཀ་ཆུ༽མཁན་པོ་གཙུག་ཕུད་རྒྱལ་བ་འཁྲུངས་ནས། མཚོ་ཁའི་བོན་པོ་གདོང་སྣ་དང་འདུལ་བའི་བླ་རྣམ་དུ། བྲག་དཀར་རྩེ་མཐོར་སྒོམ་ལ་གནས། ཞེས་གསུངས་པ་བྲག་དཀར་༼རྨ་རི་ཏེའུ་གསུམ༽གྱི་གྲུབ་གནས་སོགས་སུ་་མདོ་སྔགས་གཉིས་ཀ་དར་བར་མཛད་པ་པོ་ནི། ཁྲོམ་གཤེན་རྔམ་པ་ལྕེ་རིང་དང་མཁན་ཆེན་མུ་ཟི་གསལ་བཟང་སོགས་ཡིན་པ་ཀུན་གྱིས་ཤེས་ལ་དེ་དག་གནམ་གྱི་ཁྲི་བདུན་རིང་ཡིན་པའང་ཀུན་གྱིས་ཤེས་ཐུབ་བོ། དེའི་སྐབས་སུ་བོན་བསྟན་དར་བའི་རྟགས་མཚན་གསལ་བོ་ཅི་ཡོད་ཅེ་ན། རེབ་གོང་གི་དྲན་པའི་གྲུབ་གནས་སོགས་ཀྱིས་གསལ་བོར་ཤེས་ལ་བསྟན་པའི་བདག་པོ་ཁྲོམ་གཤེན་གྱི་དངོས་སློབ་ནི། ཁྲོམ་ཀརྨ་མུ་ཕྱོ་དང་མེ་ཉག་ནམ་ར་རྩེ་དགུ། སུམ་པའི་མཁས་པ་གྷུ་ཧུ་ལུ་སྤར་ཡའི་སློབ་མ་སུམ་པ་མུ་སྤུངས་གསལ་ཏིང་། སུམ་པ་ལི་ཕྱོ་ཧ་ར། མེ་ཉག་ལྕ་ཚ་མཁར་བུ། མཁས་པ་དྲུག་པོའི་ཞབས་བསྟེན་པའི་སློབ་མ་བླ་ཆེན་དྲན་པ་ནམ་མཁའ་སོགས་ཕྱོགས་འདིར་བྱོན་པ་བསྟན་འབྱུང་ལོ་རྒྱུས་རྣམས་ཞལ་མཐུན་ནོ།

    སྔ་འགྱུར་བསྟན་པའི་གནས་གཞི་བྱུང་ཚུལ་ནི། མཚོ་སྔོན་རེབ་གོང་ཕྱོགས་སུ་སློབ་དཔོན་དྲན་པ་ནམ་མཁས་བྱང་ཕྱོགས་གོང་མོའི་གུར་ཁང་དུ་གྲུབ་གནས་ཁྱད་པར་བ་ཞིག་ཡོད་ལ། རྒྱབ་ན་སྲིད་རྒྱལ་བླ་རི། མདུན་ན་བྲག་བཙན་ཟངས་རི། ཉེ་འདབས་ན་ཨ་བ་ངོས་བཟང་གི་དགོན་སྡེ་བཏབས། སེ་བོན་གྱི་གདུང་རྒྱུད་ལས་མཆེད་པའི་ལྷ་སྡེ་སེ་བརྒྱ་བོན་ཐང་གི་སྡེ་ཡོད། ཤར་ཕྱོགས་ལྷ་རི་དཀར་པོའི་རྩ་བ་ན་དབལ་མོ་གནས་ཀྱི་དགོན་སྡེ་ཆེན་པོ་ཡོད། ཤར་ལྷོའི་སྟག་གཡག་བྱ་ལུང་རི་རྩེ་ན་སྤྱི་དགོན་གཡུང་དྲུང་གསང་བ་བདེ་ཆེན་གླིང་ཡོད། དེ་དང་ཉེ་བའི་དཀོན་མོའི་ཉིན་ཕྱོགས་ན་ཡེ་ཤེས་ཉི་མ་ཕུག་གི་དགོན་ཆེན་ཡོད། ཡར་ནང་ལྷོ་ཕྱོགས་གཡུ་འབྲོང་ཁྱུང་གསུམ་མདུན་དབུས་ན་ཞོ་ར་སྨན་གྱི་རི་བོའི་རི་ཁྲོད་ཡོད། ནུབ་ཕྱོགས་བྱ་ཁྱུང་ལྷུན་པོའི་མདུན་ལུང་ན་དགོན་ཁུག་བདེ་ཡངས་ཞེས་པའི་དགོན་སྡེ་ཡོད། བྱང་ཕྱོགས་རི་བོ་ཁྱུང་ཆེན་དར་མའི་ཁ་ལྡིང་ན་ཁྱུང་བོ་དར་ལྡིང་དགོན་ཆེན་ཞེས་པའི་སྒྲུབ་སྡེ་ཆགས། དེ་རྣམས་དུས་ཚོད་ནམ་ཞིག་རེད་ཅེ་ན། སྔོན་བོད་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་སྐུ་རིང་ལ་བོན་བསྟན་དྲན་པ་ནམ་མཁའ་ནས་ཨ་བ་ངོས་བཟང་དགོན་སྡེ་སོགས་ཕྱག་བཏབས་ནས་བསྟན་པ་དར་ཡོད་པའི་ཕྱིར། དེ་རྗེས་བོད་རྒྱལ་དར་མའི་རིང་ཁྲིམས་བཙན་པ་ལ་བྲོས་བཤོལ་ཚུལ་དུ་རེབ་གོང་གྲུབ་ཐོབ་གསུམ་ཞེས་ཡོངས་སུ་གྲགས་པ་སྤྱི་རྟིང་འཁོར་ལོས་བསྒྱུར་བ་དང་། ངོ་མོ་ཡེ་ཤེས་མཚོ་རྒྱལ་དང་ཁྱུང་པོ་ཁྱུང་དཀར་ཚངས་པ་གསུམ། དབུས་ས་ཀ་གདོང་དྲུག་ནས་ཕྱོགས་འདིར་བྱོན་ཞེས་ལོ་རྒྱུས་དང་བཅའ་ཡིག་སོགས་ན་གསུངས་ཡོད་པ་དེ། ད་ལྟ་ཁྱུང་པོ་སྟེང་ཆེན་རྫོང་གི་རི་རྩེ་དྲུག་གི་ཕྱོགས་དེ་ནས་བྱོན་པ་ཡིན། གྲུབ་ཆེན་རྣམ་པ་གསུམ་གྱི་དྲན་པ་ནམ་མཁའི་བསྟན་པ་དར་ཡོད་པ་ལ་འཛིན་སྐྱོང་སྤེལ་གསུམ་མཛད་ནས་ངོ་སྤྱི་ཁྱུང་གསུམ་གྱི་སྒྲུབ་སྡེ་སོགས་དར་བ་ཡིན་ལ། མི་ལོ་སུམ་བརྒྱ་ཙམ་གྱི་ཡུན་ལ་ཧ་ཅང་བོན་བསྟན་དར་རྒྱས་བྱུང་། དེ་ནས་རབ་བྱུང་བཞི་བའི་མགོ མི་ལོ་བརྒྱད་བརྒྱ་ཙམ་གྱི་སྔོན་དེར། སོག་རྒྱལ་ཆིང་གེ་སེ་བོད་དུ་ཐོན་ནས་བོད་ཁམས་དབང་དུ་སྡུད་པའི་ཐབས་སྣ་ཚོགས་བཀོལ། བཙན་དབང་གིས་དམག་ཤུགས་བཀོལ་ནས་བསྟན་པའི་གནས་གཞི་དགོན་སྡེ་མང་པོ་ཞིག་མེད་པར་བཏང་བ་དང་མགོ་མ་བཏགས་ན་མི་མང་པོའི་ཚེ་སྲོག་ལ་གནོད་པ་ཚབས་ཆེན་བྱུང་། བོད་ལ་གཅིག་གྱུར་གྱི་རྒྱལ་པོ་དང་མགོ་ཁྲིད་བྱེད་མཁན་མེད་པས་ཕམ་ཁ་བརྗོད་ལས་འདས་པ་ཞིག་བྱུང་། དེ་རྗེས་གྲུབ་མཐའི་ཕྱོགས་ཞེན་དང་སྲིད་དབང་འཕྲོག་རྩོད་སོགས་དོན་རྐྱེན་ངན་པ་ཟུང་དུ་འབྲེལ་ནས་ཀརྨ་བཀའ་བརྒྱུད་དང་། བོན་པོ། ཇོ་ནང་བཅས་ལ་ཉམས་གུད་ཆེན་པོ་བྱུང་བ་ཡིན་པ་ནི། ས་ཕག་འཁྲུགས་པ། ས་འབྲིའི་འཁྲུགས་པ། ཀར་དགེ་ཁྲུགས་པ་སོགས་མང་དུ་བྱུང་བའི་ལོ་རྒྱུས་དེས་ཤེས་སོ།

      དེ་ནས་རབ་བྱུང་ལྔ་བའི་ནང་ཁྱུང་དཀར་ཚངས་པའི་རྣམ་སྤྲུལ་ཁྱུང་པོ་གཡུ་ཐོག་འབར་བ་བྱོན་ནས་དྲན་པའི་གདན་ས་ངོས་བཟང་དགོན་པའི་ཚབས་སུ་ཁྱུང་དཀར་རིག་འཛིན་སྨིན་གྲོལ་གླིང་བཏབས། དེར་འབྲེལ་ཁྱུང་པོ་དར་ལྡིང་དགོན་པའི་ཚབས་སུ་ཁྱུང་དཀར་བསྟན་པ་རྒྱ་མཚོའི་གླིང་ཕྱག་བཏབས་པ་དང་། ཧོར་ནག་གནམ་སྟེང་ཞྭ་དཀར་གཡུང་དྲུང་གླིང་དང་སྟོང་ཆེ་རིག་འཛིན་ཀུན་འདུས་རྣམ་རྒྱལ་གླིང་། གླིང་རྒྱ་ས་སོ་མ་ན་མདོ་སྔགས་ཕུན་ཚོགས་དར་རྒྱས་གླིང་། སྡོང་སྐམ་ན་གསང་སྔགས་བདུད་དུལ་ལྷུན་གྲུབ་གླིང་། དར་གྲོང་ན་སྒྲུབ་སྡེ་རྒྱལ་མཚན་མི་འགྱུར་གླིང་། ཞོ་འོང་ཉིན་ཐ་ན་ཀུན་འདུས་གཡུང་དྲུང་གྱུར་མེད་གླིང་སོགས་ཡོད། སྤྱི་རྟིང་འཁོར་ལོས་བསྒྱུར་རྒྱལ་གྱི་རྣམ་སྤྲུལ་སྐྱིད་སྟོན་འཁོར་ལོས་སྤྱི་དགོན་གཡུང་དྲུང་གསང་བ་བདེ་ཆེན་གླིང་གི་ཚབས་སུ་སྤྱི་ཨརྒ་སྟེང་ནས་ཐེག་ཆེན་བོན་འཁོར་ལྷུན་གྲུབ་གླིང་ཕྱག་བཏབས། དེར་འབྲེལ། སྤྱི་གད་པ་སྐྱ་བོ་ནས་གསང་སྔགས་རིག་འཛིན་དར་རྒྱས་གླིང་དང་། སྤྱི་གདོང་མགོ་ནས་ཐེག་ཆེན་སྨིན་གྲོལ་རྒྱ་མཚོའི་གླིང་། སྤྱི་དགོན་ཀུན་ཁྱབ་གཡུང་དྲུང་གླིང་སོགས་བྱུང་བ་རེད། ཡང་ངོ་མོ་ཡེ་ཤེས་མཚོ་རྒྱལ་གྱི་རྣམ་སྤྲུལ་ངོ་མོ་གྲུབ་ཆེན་ཡེ་ཤེས་ཁྲོ་རྒྱལ་བྱོན་ནས་དཀོན་མོ་ཉིན་གྱི་ཡེ་ཤེས་ཉི་མ་ཕུག་གི་དགོན་ཆེན་ཚབས་སུ་རྒྱལ་བསྟན་ཡེ་ཤེས་རྒྱ་མཚོའི་གླིང་ཕྱག་བཏབས། དེར་འབྲེལ། གྱང་རི་ན་རིག་འཛིན་ཐུགས་རྗེ་བྱང་ཆུབ་གླིང་སོགས་ཡོད།

      ཡང་། སྔོན་གྱི་གྲུབ་ཐོབ་རྣམ་གསུམ་གྱི་སློབ་མ་བོན་བརྒྱ་དབྱིངས་ཀློང་རིན་ཆེན་ཞེས་པས་བོན་བརྒྱ་གསང་སྔགས་རིན་ཆེན་དར་རྒྱས་གླིང་། དེར་འབྲེལ། བོན་བརྒྱ་སྨན་རི་བཤད་སྒྲུབ་སྨིན་གྲོལ་གླིང་། མག་སར་ན་ཁྱུང་པོ་བསྟན་པ་དར་རྒྱས་ཀྱིས་གཡུང་དྲུང་བསྟན་དར་གླིང་ཕྱག་བཏབས། གདུང་ངེས་ཉི་མ་འཛིན་གྱིས་གདུང་ངེས་གྲུབ་པ་ཀུན་འདུལ་གླིང་སོགས་བཏབས། དེ་ལ་ཡར་ནང་བོན་སྡེ་ཁ་གསུམ་ཞེས་སྤྱི་མིང་ཡོངས་སུ་གྲགས། དེ་ལས་མཆེད་དེ་ཕ་བོན་བརྒྱ་དབྱིངས་ཀློང་རིན་ཆེན་དང་མ་སོ་ནག་རྒྱལ་མོ་བྱམས་གཉིས་ཀྱི་སྲས་རྒྱུད་ལས་མང་དུ་མཆེད་དེ་རིགས་རྒྱུད་ཤིན་ཏུ་དར་བས། བོན་བརྒྱ་དུད་ཁྱིམ་བཅུ་འབྲོག་ཕྱོགས་སུ་སོང་བའི་རྒྱུད་ལ་ད་

青ICP备08000069号
QQ:568095347
E-mail:liamrgbm@yahoo.com.cn

པར་དབང་རེབ་གོང་བོན་མང་དྲ་བར་དབང་བས་གཞན་གྱིས་མི་སྤྱོད་པར་མཁྱེན།
བོད་ཀྱི་ཆ་འཕྲིན་ལག་རྩལ་དྲ་བས་ལག་རྩལ་ཕྱོགས་ནས་རོགས་སྐྱོར་བྱས་པར་ཐུགས་རྗེ་ཆེ་ཞུ།