ཞང་ཞུང་རྒྱལ་བོ་ལྀག་མྱི་རྷྱའི་( ལིག་མི་རྐྱ )སྐོར་ལ་དཔྱད་པ།

       ནང་དོན་གཙོ་བོ། ཞང་ཞུང་རྒྱལ་བོ་ལྀག་མྱི་རྷྱའི་མཚན་དང་སྐབས་དེའི་ཞང་ཞུང་གི་སྲིད་དབང༌། མཐར་ཞང་ཞུང་ རྒྱལ་བོ་ལྀག་མྱི་རྷྱ་ཅི་ལྟར་བཀྲོངས་བའི་གནས་ཚུལ་དང་རྒྱུ་རྐྱེན་ཐད་ལ་ལོ་རྒྱུས་སྨྲ་བ་བོ་རྣམས་ལྟ་ཚུལ་མ་མཐུན་པ་མང་བོ་བྱུང་ཡོད་པའི་ཐད་ཀྱི་གནད་དོན་འགའ་ལ་དཔྱད་ཡོད།
      བརྡ་ཆད་གཙོ་བོ། ཞང་ཞུང། ལྀག་མྱི་རྷྱ། ལིག་མྱི་རྐྱ། སྲིད་དབང༌། ཁྲི་སྲོང་བརྩན།
 

གླེང་གཞི།
 

        དུས་རབས་བདུན་པའི་དུས་དཀྱིལ་གྱི་ཡར་སྔོན་དུ་བོད་ཁམས་ཡོངས་རྫོགས་རང་ས་རང་ཡུལ་ནས་ས་སྐྱེས་རྡོ་སྐྱེས་བྱས་པའི་ཞང་ཞུང་རིག་གནས་ཀྱི་ཁྱབ་ཁོངས་སུ་མ་ཚུད་པ་མེད་མོད། དུས་རབས་བདུན་དཀྱིལ་ཙམ་ལ་བོད་ཡུལ་དུ་ཤྭཀྱ་ཐུབ་པའི་བསྟན་པ་དར་བའི་དབུ་ཚུགས་པ་དང་ཁྲི་སྲོང་བརྩན་གྱིས་སྐབས་གླགས་བཙལ་ཏེ་ཞང་ཞུང་རྒྱལ་བོ་ལྀག་མྱི་རྷྱ་བཀྲོངས་བ་ནི། བོད་ཀྱི་ལོ་རྒྱུས་སྟེང་ནས་བཤད་ན་རིག་གནས་ཀྱི་འགྱུར་མཚམས་ཞིག་དང་ལོ་རྒྱུས་ཀྱི་དཀྱོགས་མཚམས་གལ་ཆེན་ཞིག་ལ་འཁེལ་ཡོད་པས། མཚམས་དེ་ནི་བོད་མི་རིགས་ཀྱི་བསམ་བློ་དང་ལྟ་བ། འདུ་ཤེས།དད་མོས་སོགས་གང་ཐད་ནས་བཤད་ན་འགྱུར་ལྡོག་གསར་བ་ཞིག་ལ་གནས་འགྱུ་བྱེད་པའི་དུས་མཚམས་གལ་ཆེན་ཞིག་རེད། དེ་བས་ལྀག་མྱི་རྷྱ་དང་ཁྲི་སྲོང་བརྩན་གཉིས་ནི་སྐབས་དེའི་མི་སྣ་གལ་ཆེན་གཉིས་ཡིན་ལ།ལྀག་མྱི་རྷྱ་ཡིས་རང་ས་རང་ཡུལ་ནས་ས་སྐྱེས་རྡོ་སྐྱེས་བྱས་བའི་ཞང་ཞུང་རིག་གནས་སྲུང་སྐྱོབ་དང་ཁྱབ་བརྡལ། དར་སྤེལ། རང་གི་ཕ་ཡུལ་སྲུང་སྐྱོབ་སོགས་ལ་ལག་རྗེས་མི་དམན་པ་བཞག་ཡོད་པ་དང༌། ཁྲི་སྲོང་བརྩན་གྱིས་རིག་གནས་གསར་པ་ནང་འདྲེན་དང་རྒྱལ་ཁམས་གཅིག་གྱུར། ཕྱི་འབྲེལ་རྒྱ་བསྐྱེད་བཅས་ལ་ཕྱག་རྗེས་རླབས་ཆེན་བཞག་ཡོད་པ་བཅས་ཀྱི་རྗེ་བོ་གང་དེ་གཉིས་ལ་རང་རང་གི་བྱས་རྗེས་མི་ཆུང་བ་རེ་ཡོད་མོད། ལོ་རྒྱུས་དུས་ཀྱི་བཞུར་རྒྱུན་དང་འགྲོགས་ཏེ་དུས་རབས་ཉེར་གཅིག་པ་འདིར་སླེབས་དུས། ཁྲི་སྲོང་བརྩན་གྱི་བྱས་རྗེས་ལོ་རྒྱུས་སྨྲ་བ་སོ་སོས་གནམ་གྱིས་མི་ཁེབས་པ་ལྟར་བརྗོད་ཡོད་མོད། ཞང་ཞུང་རྒྱལ་བོ་ལྀག་མྱི་རྷྱའི་གནས་ཚུལ་དུས་ཀྱི་བཞུར་རྒྱུན་ཁྲོད་ན་འཇིག་ཉེན་ཆེ་བས། ང་ཚོས་རང་ཉིད་ཀྱི་ཕ་མེས་ཚོའི་ལོ་རྒྱུས་ལ་དོ་སྣང་དང་ཐུགས་ཁུར་མི་བྱེད་པ་ནི། མདོར་གཏུགས་ན་རང་མི་རིགས་ཀྱི་རིག་གནས་ལ་མཐོང་ཆེན་དང་བརྩི་བཀུར་མ་བྱས་པའི་སྣང་ཚུལ་ལས་མ་འདས་བས། བདག་གིས་རྒྱུ་མཚན་དེ་ལ་དམིགས་ཏེ་ཞང་ཞུང་རྒྱལ་བོ་ལྀག་མྱི་རྷྱའི་སྐོར་ལ་དཔྱད་གཏམ་ཕྲན་བུ་ཞིག་སྤེལ་རྒྱུ་ཡིན། ང་ཚོས་ཞང་ཞུང་རྒྱལ་བོ་ལྀག་མྱི་རྷྱའི་ལོ་རྒྱུས་གསལ་བོ་ཞིག་ཤེས་ན། སྐབས་དེའི་བོད་མི་རིགས་ཀྱི་རིག་གནས་ཀྱི་སྣང་ཚུལ་དང་སྤྱི་ཚོགས་ཀྱི་རྣམ་པ། མི་རྣམས་ཀྱི་བསམ་བློ་དང་ལྟ་བ། དཔལ་འབྱོར་དང་དམག་དོན་སོགས་སྤྱི་ཚོགས་ཀྱི་སྒོ་ཀུན་ལ་ཆ་རྒྱུས་ཟབ་མོ་ཞིག་འབྱུང་བར་ཤིན་ཏུ་སྨན་ནོ།
 

ས་བཅད་དང་པོ། ལྀག་མྱི་རྷྱའི་གནས་ཚུལ།

གཅིག ལྀག་མྱི་རྷྱའི་མཚན།
      ལྀག་མྱི་རྷྱ་ནི་དུས་རབས་བདུན་པའི་ནང་བྱུང་ལ། ཞང་ཞུང་དང་སྤུར་རྒྱལ་བཙན་པོའི་ལོ་རྒྱུས་ཀྱི་དཀྱོགས་མཚམས་ཚབས་ཆེན་ཞིག་ལ་འཁེལ་བའི་མི་སྣ་གལ་ཆེན་ཞིག་ཡིན་མོད། དུས་རབས་ཀྱི་གོད་ཆག་བར་ནས་སྐུ་ཉིད་ཀྱི་ལག་རྗེས་མང་བོ་ཞིག་དུས་ཀྱི་ཆར་ཆུས་འཇིག་ཉེན་གྱི་གནས་སུ་གྱརཡོད་པ་ནི་རང་མི་རིགས་ཀྱི་ལོ་རྒྱུས་ཀྱི་གྱོང་གུད་ཚབས་ཆེན་ཞིག་ཡིན་པར་དམིགས་ཏེ། སྐུ་ཉིད་ཀྱི་སྐོར་ལ་དཔྱད་པ་ལས་ཐོག་མར་ཁོའི་མཚན་གླེང་བ་སྟེ། ལྀག་མྱི་རྷྱའི་མཚན་གྱི་འབྲི་སྟངས་ལ། 《ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས》ལས། ལྀག་མྱི་རྷྱ། 《བསྟན་པའི་རྣམ་བཤད་དར་རྒྱས་གསལ་བའི་སྒྲོན་མེ》 ལིག་མིན་རྒྱལ། ལིག་མིན་རྐྱ། 《 ཞང་བོད་ལོ་རྒྱུས་ཏི་སེའི་འོད》ལིག་མི་རྐྱ་ལྡེ་བུ། ལིག་མི་སྐྱ་ལྡེ་བུ། 《བོན་སྒོ》དེབ་བཅུ་བདུན་པ། ལི་མིག་རྒྱ། ལིག་མི་རྐྱ། ལིག་མི་རྒྱ། ལིག་མི་སྐྱ། ལིག་མྱི་རྷྱལ་ལྡེ་བུ།《ལེགས་བཤད་རིན་པོ་ཆེའི་གཏེར་མཛོད》 ལི་མི་རྒྱ། 《བོན་སྒོ》དེབ་བཅུ་བཞི་བ། ལྀག་མྱྀརྱ། ལྀ་རྷྱམྱྀ་ཧྱ། ལྀག་སྙ་ཤུར། ལེག་སྙ་ཤུར་ལ་སོགས་པའི་འབྲི་སྟངས་མི་འདྲ་བ་མང་བོ་ཡོད་པས་རེ་རེ་ལ་རྒྱུ་མཚན་མི་འདྲ་བ་རེ་ཡོད་པ་སྨོས་མ་དགོས་མོད། 《ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས》ལས། ལྀག་མྱི་རྷྱ”ཞེས་བྲིས་ཡོད་པ་འདི་ཡིས་ངེས་ཤེས་གསར་བ་ཞིག་བསྐྱེད་པ་ནི། དུས་རབས་བཅུ་བའི་མཇུག་གི་སྐད་གསར་བཅས་ཐེངས་གསུམ་པའི་རྗེས་ནས་བོད་ཀྱི་གནའ་བོའི་ཡིག་རྙིང་མང་བོའི་ནང་གི་དབྱངས་ཡིག་གུག་གུ་ཕྱིར་ལོགས་པ་རྣམས་ཐད་ཀར་གུག་གུ་ཕྱིར་མ་ལོག་པར་བསྒྱུར་བ་དང་མགོ་འདོགས་སྐོར་ཞིག་ཀྱང་བླངས་ཏེ་བོད་ཡིག་གི་ཡིག་གཟུགས་གཅིག་གྱུར་ལ་བཀས་བཅད་ཞིབ་ཚགས་ཚད་ལྡན་ཞིག་བྱས་ཀྱང༌། དོན་གྱི་སྟེང་ནས་འགྱུར་བ་བྱུང་མེད་པར། རྡོ་རིང་དང་ཏུང་ཧོང་གི་ཡིག་རྙིང་རྣམས་སུ“གྱྀ”ཞེས་པ་དེ་འབྲེལ་སྒྲའི་དོད་ལས་དོན་གཞན་མེད་མོད། སྐད་གསར་བཅད་ཐེངས་གསུམ་པའི་རྗེས་སུ“གྱི”རུ་བསྒྱུར་རྗེས་ཀྱང་འབྲེལ་སྒྲའི་སྐད་དོད་ལས་དོན་གཞན་མེད་པ་དང༌། དེ་བཞིན“བོད་བཙན་པོའི་སྐབས་ཀྱི་གནའ་རྩོམ་གཅེས་བསྡུས”ལས། “འདྀ་ལྟར་བོད་རྒྱ་གཉྀས་གྱྀ་རྗེ་བློན་གྱྀས་ཞལ་གྱྀསབཤགས་མནའ་བོར་ཏེ། ། གཙྀགས་ཀྱྀ་ཡྀ་གེ་ཞྀབ་མོར་བྲིས་ནས། ། རྒྱལ་བོ་ཆེན་པོ་གཉྀས་གྱྀ་ནི་ཕྱག་རྒྱས་བཏབ། ། ”ཞེས་བར། “འདི་ལྟར་བོད་རྒྱ་གཉིས་ཀྱི་རྗེ་བློན་གྱིས་ཞལ་ནས་མནའ་བོར་ཏེ། གཙིགས་ཀྱི་ཡི་གེ་ཞིབ་མོར་བྲིས་ནས། རྒྱལ་བོ་ཆེན་པོ་གཉིས་ཀྱིས་ཕྱག་རྒྱས་བཏབ”ཅེས་པ་སོགས་ལ་གཞིགས་ཚེ། དེང་སྐབས་ཅུང་རྒྱ་ཁྱབ་ཏུ་སྤྱོད་བཞིན་པའི་”ལིག་མི་རྐྱ”ཞེས་པ་དེ་ཏུང་ཧོང་ཡིག་རྙིང་ནང་གི་”ལྀག་མྱི་རྷྱ”ཞེས་པ་ལས། “ལྀག” ནི་”ལིག”དང༌། “མྱི”ནི་”མི”ལ་སྐད་གསར་བཅད་ཐེངས་གསུམ་པའི་རྗེས་སུ་འགྱུར་བ་ཐེ་ཚོམ་མེད། “རྐྱ”ནི་གནའ་བོའི་ལག་བྲིས་ཀྱི་ཡིག་རྙིང་ཕལ་ཆེ་བའི་ནང་དུ་“རྷྱ”དང་དབྱིབས་འདྲ་སྟེ་“ ”ལྟར་བྲིས་ཡོད་པས་རྗེས་སུ་“རྷྱ”རུ་འབྲི་འཛོལ་བྱུང་བ་ཐག་ཆོད་རེད་སྙམ། དེ་བཞིན་《ཞང་བོད་ལོ་རྒྱུས་ཏི་སེའི་འོད》ལས། དུས་དེའི་རྒྱལ་བོའི་མཚན་ལ་ལིག་མྱི་རྷྱལལྡེ་བུ་ཟེར་བའང་ཤེས་ཐུབ། ལིག་མྱི་རྷྱལ་ནི་དེ་དུས་ཀྱི་རྒྱལ་བོ་རྣམས་ཀྱི་སྤྱིའི་མཚན་ལྟ་བུ་ཞིག་ཏུ་ཆགས་ཡོད་པ་སྟེ། ཞང་ཞུང་གི་སྐད་དུ“ལིག”ཅེས་པ་ནི་སྲིད་པའི་དོན་ཡིན་ལ། “མྱིའམ་མི”ཞེས་པ་ནི་དྲང་པོའམ་མཛངས་པ་ལ་འཇུག་པ་དང“རྷྱའམ་རྐྱ”ཞེས་པ་ནི་

青ICP备08000069号
QQ:568095347
E-mail:liamrgbm@yahoo.com.cn

པར་དབང་རེབ་གོང་བོན་མང་དྲ་བར་དབང་བས་གཞན་གྱིས་མི་སྤྱོད་པར་མཁྱེན།
བོད་ཀྱི་ཆ་འཕྲིན་ལག་རྩལ་དྲ་བས་ལག་རྩལ་ཕྱོགས་ནས་རོགས་སྐྱོར་བྱས་པར་ཐུགས་རྗེ་ཆེ་ཞུ།