༄༅། ཐུགས་དམ་རྩ་གསུམ་བོན་སྐྱོང་སྲུང་མའི་སྐོར།

     ༈ ཆེས་གནའ་བོའི་དུས་ནས་ཞང་བོད་ཀྱི་ཡུལ་དུ་གཤེན་བསྟན་མདོ་སྔགས་སེམས་གསུམ་གྱི་ནང་ནས་སྔགས་རྫོགས་ཀྱི་བསྟན་པ་དར་ཡུན་རིང་བས་སྲོལ་རྒྱུན་གྱི་ཁྲོད་དུ་བོན་སྤྱོད་ཉམས་ལེན་བྱེད་སྐབས་གང་ཟག་གཅིག་ལ་ཆ་བཞག་ན་རང་ཉིད་ཀྱི་མི་ཚེ་ཧྲིལ་པོའི་ནང་ལ་ཉམས་ལེན་དང་ཐོག་“ས་ཐོག་བླ་མ་བརྒྱ་ཡོད་ན། སེམས་ཐོག་བླ་མ་གཅིག”ཅེས་པ་ལྟར་རང་གི་དད་པ་ཆེ་ཤོས་དང་ལས་སྨོན་གྱིས་འཕྲད་པའི་རྩ་བའི་བླ་མ་བརྩལ་རྒྱུ་དེ་གལ་ཆེ། དེ་ནས་བསྒྲུབ་བྱའི་གཙོ་བོ་གསང་སྔགས་ཡི་དམ་དཀྱིལ་འཁོར་རྒྱ་མཚོའི་ནང་ནས་རང་གི་ཚེ་རབས་ཀྱི་ལས་ལྷ་སོ་སོའི་ཡི་དམ་བསྟེན་རྒྱུ་དེ་ཡབ་མེས་གོང་མའི་ཡི་དམ་མམ་རྩ་བའི་བླ་མས་ཞལ་བཀོད་ལྟར་གྱི་ཡི་དམ་གང་རུང་བསྟེན་རྒྱུ། དེ་ནས་བདེ་སྟོང་ཟུང་འཇུག་གམ་གསལ་སྟོང་དབྱེར་མེད་ཀྱི་ཉམས་རྟོགས་ཁྱད་པར་ཅན་སྐྱེ་ཐབས་ལ་ཐབས་ཀྱི་ཆ་ནས་ཡི་དམ་དང༌། ཤེས་རབ་ཀྱི་ཆ་ནས་མཁའ་འགྲོའི་དགོངས་དཔྱོད་ཀྱི་གདམས་པ་སྟེ་ཚེ་རབས་ཤེས་རབ་ཀྱི་ལྷ་སྐལ་མཁའ་འགྲོ་རེ་སོ་སོའི་ཐུགས་དམ་བསྟེན་སྲོལ་ཡོད། དེ་ནས་དུས་རྒྱུན་ཉམས་ལེན་གྱི་ཁྲོད་དུ་སོ་སོའི་བླ་མ་ཡི་དམ་མཁའ་འགྲོ་གསུམ་དེ་ཤིན་ཏུ་གལ་འགངས་ཆེ་ཞིང་ཉམས་ལེན་གྱི་གཞི་རྩ་ཡིན་པའི་ཆ་ནས་འདི་གསུམ་ལ་རྩ་བ་གསུམ་ཞེས་བརྗོད། དེས་ན་བླ་མའི་གདམས་ངག་དང༌། ཡི་དམ་སྒོམ་སྒྲུབ། མཁའ་འགྲོའི་དགོངས་དཔྱོད་ཐུགས་དམ་བཅས་རང་ཉིད་ཀྱིས་བསྒྲུབ་པ་ཉམས་ལེན་སྦྱོང་པ་ལམ་ཞུགས་ཀྱི་སྐབས་སུ་ ཕྱི་ནང་གསང་བའི་བར་ཆོད་དང༌། འགལ་རྐྱེན་སྲུང་སྐྱོབ་བྱེད་མཁན་དང་དགེ་བའི་སྡོང་གྲོགས་བྱེད་མཁན་བོན་སྐྱོང་སྲུང་མ་རེ་བསྟེན་དགོས་པ་དེ་ཧ་ཅང་གི་གལ་འགངས་ཆེ་བ་ཞིག་བཅས་ཡིན།


དང་པོ་རྩ་བའི་བླ་མའི་སྐོར།


      ༈ རང་གི་དྲིན་ཆེན་རྩ་བའི་བླ་མ་ནི་འདི་ཕྱི་གཉིས་ཀྱི་སྐྱབས་གནས་མཐར་ཐུག་དེ་ཡིན་ལ། ཡེ་ཉིད་ཀྱི་སྟོན་པ་ཀུན་ཏུ་བཟང་པོ་ནས་དྲིན་ཆེན་རྩ་བའི་བླ་མ་ཐུག་གི་བར་དུ་ཕྱི་འདུལ་བརྒྱུད་ཀྱི་བླ་མ་དང༌། ནང་གསང་སྔགས་ཀྱི་བླ་མ། གསང་བ་རྫོགས་ཆེན་གྱི་བླ་མ་བཅས་བརྒྱུད་པ་ཁག་གསུམ་གྱི་བླ་མ་ཡོད་ལ་མདོ་སྔགས་རྫོགས་གསུམ་ལུགས་སོ་སོའི་བླ་མའི་ཐ་སྙད་སྦྱར་སྟངས་ཅུང་མི་འདྲ་བ་ཡོད་དེ་མདོ་ལུགས་ལ་མཁན་པོ་དང་སློབ་དཔོན། སྔགས་ལུགས་ལ་དཔོན་གསས་བླ་མ། སེམས་ལུགས་ལ་དྲིན་ཆེན་རྩ་བའིབླ་མའི་དགོངས་དཔྱོད་དམ་བླ་མའི་རྣལ་འབྱོར་ཞེས་འབོད་སྲོལ་ཆེ།
      དྲིན་ཆེན་རྩ་བའི་བླ་མ་མི་ཡི་གཟུགས་སུ་བྱོན་པ་ཐམས་ཅད་ནི་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་མཁན་གྱི་ཁ་ལོ་པ་ཡིན་ལ། དེ་ཡང་ཕྱི་བསྟན་པའི་འཇུག་སྒོར་སྐྱབས་སྡོམ་ནས་བཟུང་སོ་ཐར་གྱི་སྡོམ་པ་གནང་མཁན། ནང་གསང་སྔགས་ཀྱི་འཇུག་སྒོར་དབང་བཞིའི་དམ་ཚིག་གི་བཀའ་རྒྱ་བཀྲོལ་མཁན། གསང་བ་རྫོགས་ཆེན་གྱི་འཇུག་སྒོར་སྔོན་འགྲོ་དང་དངོས་གཞིའི་ཟབ་མོའི་སེམས་དོན་སྤྲོད་མཁན་བཅས་མདོ་སྔགས་སེམས་གསུམ་གྱི་རྒྱུད་ལུང་མན་ངག་གི་བདག་པོ། ཕྱི་ནང་གསང་བའི་ཉམས་རྟོགས་བྱིན་རླབས་ཀྱི་འབྱུང་གཞི། འཕྲལ་ཡུན་འདི་ཕྱི་གཉིས་ཀྱི་ལེགས་ཉེས་བླང་དོར་འབྱེད་པའི་ལམ་སྟོན་མཁན་ནི་རང་གི་རྩ་བའི་བླ་མ་ཡིན་ལ། དེ་ལ་སོ་སོས་དད་པ་དག་སྣང་སྒོམ་དུས། རྩ་བའི་བླ་མ་ནི་མཆོག་གསུམ་ཀུན་འདུས་ཀྱི་ངོ་བོ། སྐུ་སེམས་དཔའི་རྣམ་རོལ། གསུང་བོན་གྱི་རང་བཞིན། ཐུགས་སངས་རྒྱས་ཀྱི་ངོ་བོ། དྲིན་ཆེན་རྩ་བའི་བླ་མ་མིའི་གཟུགས་སུ་བྱོན་པ་ཐམས་ཅད་ཡོན་ཏན་གྱི་ཆ་ནས་སངས་རྒྱས་དང་མཉམ་མིན་ལ་མ་ལྟོས་པར་བཀའ་དྲིན་གྱི་ཆ་ནས་སངས་རྒྱས་ལས་ལྷག་པའི་འདུ་ཤེས་འཛིན་ཏེ་སྒོ་གསུམ་རྩེ་གཅིག་དད་པའི་སྒོ་ནས་གསོལ་བ་འདེབས་དགོས་པ་ཡིན། རྩ་བའི་བླ་མའི་བྱིན་རླབས་རང་རྒྱུད་ལ་འབྱུང་ཐུབ་མིན་དེ་གཙོ་བོར་“བྱིན་རླབས་ཅི་འབྱུང་དད་པས་ཤེས།”ཅེས་པ་ལྟར་རྩ་བའི་བླ་མར་ཡིད་ཆེས་དང་གསོལ་བ་རྩེ་གཅིག་ཏུ་ཐོབ་མིན་ལ་རགས་ལས་ཡོད་དེ་ལུང་ལས།“བླ་མ་ལྷ་ལྟར་སྒོམ་ན། གདམས་ངག་བདུད་རྩི་ལྟར་འབྱུང༌། བླ་མ་མི་ལྟར་སྒོམ་ན། གདམས་ངག་ཟས་ལྟར་འབྱུང༌། བླ་མ་ཁྱི་ལྟར་སྒོམ་ན། གདམས་ངག་བཀྲུ་བཤལ་ལྟར་འབྱུང༌།”ཞེས་པ་ལྟར་རང་གི་རྩ་བའི་བླ་མ་དག་སྣང་བཟང་ངན་ཇི་ལྟར་སྒོམ་ན་དེ་ལྟར་གྱི་བྱིན་རླབས་འབྱུང་བར་བརྟེན། དུས་རྒྱུན་རྩ་བའི་བླ་མའི་ཅི་གསུངས་བཀའ་སྒྲུབ་དང་བླ་སློབ་ཕན་ཚུན་དམ་ཚིག་བརྩི་སྲུང་བྱ་རྒྱུ་དེ་ཤིན་ཏུ་གལ་ཆེ། སྤྱིར་རྩ་བའི་བླ་མ་མཐོང་ཆེན་བརྩི་རྒྱུའི་སྲོལ་དེ་ནང་ཆོས་གཞན་དང་མི་འདྲ་བར་བོད་བརྒྱུད་ནང་བསྟན་གྱི་ཆོས་ལུགས་ཐོག་མ་བོད་ཀྱི་སྔགས་རྫོགས་ཀྱི་འབྱུང་ཁུངས་གཡུང་དྲུང་བོན་གྱི་ཐུན་མིན་སྲོལ་རྒྱུན་ལས་བྱུང་བ་ཞིག་རེད་སྙམ།


གཉིས་པ་ཡི་དམ་གྱི་སྐོར།


         ༈  ཡི་དམ་ནི་ཆབ་དཀར་དྲག་པོ་སྔགས་ཀྱི་བོན་སྒོ་ལས་སྔགས་ནང་རྒྱུད་ཨ་དཀར་དང་ཡེ་གཤེན་གྱི་ཐེག་པའམ་དངོས་བསྐྱེད་ཐུགས་རྗེ་རོལ་པའི་ཐེག་པ་དང་ཤིན་ཏུ་དོན་ལྡན་ཀུན་རྫོགས་ཀྱི་ཐེག་པ་གཉིས་ལ་དྲག་སྔགས་དང་སྤྱི་སྤུངས་སྐོར་གཙོས་ཕོ་རྒྱུད་ཡི་དམ་གྱི་སྐོར་ཡོད་ལ། ཡི་དམ་ལའང་གཙང་མ་ཞང་ཞུང་གི་བོན་སྐོར་ཡི་དམ་མགོན་པོ་རྣམ་གསུམ་དང༌། སྟག་ལ་སྤུ་གྲི་དཀར་ནག་དམར་གསུམ། ཡི་དམ་འབུམ་རལ་རོལ་གསུམ་སོགས་ཡི་དམ་རྒྱལ་བའི་དཀྱིལ་འཁོར་ལྷ་ཚོགས་རྒྱ་ཆེ་གྲངས་མང་ཡང་གཙོ་བོར་ཡི་དམ་བཀའ་ཆེན་སྡེ་དགུའམ་སྡེ་ལྔ་སྟེ་སྐུའི་ཡི་དམ་དབལ་གསས་རྔམ་པ། གསུང་གི་ཡི་དམ་ལྷ་རྒོད་ཐོག་པ། ཐུགས་ཀྱི་ཡི་དམ་གཙོ་མཆོག་མཁའ་འབྱིང༌། ཡོན་ཏན་གྱི་ཡི་དམ་དབལ་ཆེན་གེ་ཁོད་དམ་མ་རྒྱུད་གསང་མཆོག་མཐར་ཐུག འཕྲིན་ལས་ཀྱི་ཡི་དམ་ཕུར་པ་འབྲུག་གསས་ཆེམ་པ་སོགས་སོ་སོའི་ཚེ་རབས་ཀྱི་ཡི་དམ་གང་བསྟེན་ཀྱང༌། དང་ཐོག་སོ་སོའི་ཡི་དམ་གང་ཡིན་གྱི་རྒྱུད་གཞུང་ལ་ཐོས་བསམ་གོམ་འདྲིས་དང༌། དེ་ནས་བརྒྱུད་པའི་རིམ་པ་ལ་དབང་ལུང་མན་ངག ཏིང་འཛིན་གྱི་རིམ་པ་ལ་བསྐྱེད་རྫོགས་སྒོམ་གསུམ། འཕྲིན་ལས་ཀྱི་རིམ་པ་ལ་བསྙེན་སྒྲུབ་ལས་གསུམ། སྨིན་གྲོལ་གྱི་རིམ་པ་ལ་དབང་བཞིའི་བཀའ་དབང་བཅས་མཚན་ལྡན་བླ་མ་དམ་པའི་མདུན་ནས་ཞུ་སྟེ་དུས་རྒྱུན་ཏུ་ཡི་དམ་གྱི་དམ་ཚིག་ཁག་ཚུལ་བཞིན་དུ་བསྲུང་རྒྱུ་དེ་ཤིན་ཏུ་གལ་ཆེ་ལ། དེ་ནས་ཡི་དམ་གང་ཡིན་གྱི་རང་གཞུང་ཉིན་ལྟར་ཆགས་མེད་འདོན་རྒྱུ་དང༌། སྐབས་རེར་ཡི་དམ་གྱི་བསྙེན་བསྒྲུབ་འབད་གང་ཐུབ། དེ་ནས་ཡི་དམ་གྱི་ཐུགས་འཛབ་བམ་སྙིང་པོ་ཆུ་བོའི་རྒྱུན་བཞིན་དུ་འདོན་པར་བྱའོ།


གསུམ་པ་མཁའ་འགྲོའི་སྐོར།


       ༈ མཁའ་འགྲོའི་སྐོར་དེ་སྔགས་ནང་རྒྱུད་ཀྱི་ཁོངས་སུ་གཏོགས་ལ་ལྷག་ཏུ་རིག་སྔགས་ཀྱི་སྐོར་དེ་མཁའ་འགྲོའི་སྐོར་ཟེར་ལ། མ་རྒྱུད་ལྟ་བུ་ཡི་དམ་བརྩི་ཡང་ཆོ་ག་ཕྱག་ལེན་

青ICP备08000069号
QQ:568095347
E-mail:liamrgbm@yahoo.com.cn

པར་དབང་རེབ་གོང་བོན་མང་དྲ་བར་དབང་བས་གཞན་གྱིས་མི་སྤྱོད་པར་མཁྱེན།
བོད་ཀྱི་ཆ་འཕྲིན་ལག་རྩལ་དྲ་བས་ལག་རྩལ་ཕྱོགས་ནས་རོགས་སྐྱོར་བྱས་པར་ཐུགས་རྗེ་ཆེ་ཞུ།