༄༅། །ཞང་ཞུང་དང་འབྲེལ་བའི་ཁུ་ནུའི་སྐད་རིག

    དེ་ལ་འདིར་ཐོག་མར་ཞང་ཞུང་དང་ཁུ་ནུའི་བར་གྱི་འབྲེལ་བ་ལ་དཔྱད་ཞིབ་བྱ་དགོས་པའི་རྒྱུད་རིམ་གླེང་ན་འདི་ལྟར་ཏེ། བོད་ཀྱི་རྒྱལ་རབས་ལོ་རྒྱུས་ཀྱི་གླེང་ཕྱོགས་དེ་བོན་བན་གྲུབ་མཐའི་རྐྱེན་པས་ཁ་ཕྱོགས་མི་འདྲ་བ་གཉིས་སུ་གྱེས་ཡོད། དེ་གཉིས་ལས་བན་དེའི་ཆོས་འབྱུང་དང་འབྲེལ་བའི་རྒྱལ་རབས་ཕལ་མོ་ཆེར་སྲོང་བཙན་སྔོན་གྱི་ལོ་རྒྱུས་རྣམས་བོན་སྒྲུང་ལྡེའུ་ཞེས་པའི་ཚིག་འབྲུ་གསུམ་གྱིས་གོ་ཆོད་པར་བྱས་ཤིང༌། བོན་པོའི་བསྟན་འབྱུང་དང་འབྲེལ་བའི་རྒྱལ་རབས་རྣམས་སུ་མངའ་རིས་སྐོར་གསུམ་གྱིས་གཙོས་པའི་དེ་འབྲེལ་གྱི་ཡུལ་གྲུ་རྣམས་ཁྲི་སྲོང་གི་སྔ་རོལ་དུ་བོད་ཁོངས་སུ་མི་གཏོགས་པར་སྐད་རིག་སོགས་ལོགས་སུ་ཡོད་པའི་རྒྱལ་ཁབ་རང་རྐྱ་བ་ཞིག་ཡིན་པར་གླེང་ཡོད།
    དེས་ན་བོན་གཞུང་རྣམས་སུ་ཞང་ཞུང་དང༌། ཞང་ཞུང་གི་རྒྱལ་རབས། ཞང་ཞུང་གི་བོན། ཞང་ཞུང་གི་རིག་གཞུང༌། ཞང་ཞུང་གི་སྐད་ཡིག་སོགས་ཡང་ནས་ཡང་དུ་མངོན་གྱི་ཡོད། འོན་ཀྱང༌། སྐད་རིག་དེ་ཉིད་ད་ལྟའི་བོད་ཡུལ་གྱི་སྤྱི་ཚོགས་འཚོ་བའི་ནང་བཀོལ་སྤྱོད་བྱེད་པ་ནི་ཆེས་དཀོན་པར་གྱུར་སྟབས། འགའ་ཞིག་གིས་སྐད་ཡིག་དེ་དག་ནི་དུས་རབས་ཉི་ཤུ་པའི་ནང་བྱེས་འབྱོར་བོན་པོ་རྣམས་ཀྱིས་གསར་བཏོད་མཛད་པ་ཞིག་ལ་ངོས་འཛིན་བྱས་ཡོད། ཆེས་སྟབས་ལེགས་པ་ཞིག་ལ་ཏུན་ཧོང་ནས་ཐོན་པའི་ཡིག་རྙིང་ཤོག་དྲིལ་ནང་དེ་འབྲེལ་གྱི་ཡིག་ཆ་དང༌། ཞང་ཞུང་གི་སྐད་ཐོག་ནས་ཡོད་པའི་སྨན་གཞུང་སོགས་ཐོན་པ་ལ་བརྟེན་ནས། བོན་གཞུང་དུ་གསལ་བ་རྣམས་ལ་བདེན་པའི་ར་སྤྲོད་ཀྱང་ཐོབ་ཅིང༌། དེ་ནས་བཟུང་ཕྱི་རྒྱལ་གྱི་ལོ་རྒྱུས་ཞིབ་འཇུག་པ་རྣམས་ཀྱང་དེ་ཕྱོགས་སུ་ཐུགས་སྣང་ཆེ་རུ་མཛད་འགོ་ཚུགས། དེ་རྗེས་ཞིབ་འཇུག་པ་མང་པོས་ཞང་ཞུང་དང་བོད་ཡིག་ཤན་སྦྱར་གྱི་བོན་གཞུང༼སྲིད་པའི་མཛོད་ཕུགས་༽༡ དང༌། ༼ཞུའི་སྒྲ་སྡེབ་སྣང་གསལ་སྒྲོན་མེ་༽༢ སོགས་ལ་བརྟེན་ནས་ཞང་ཞུང་གི་སྐད་ནི། ད་ལྟ་ད་དུང་ཡང་རྩ་ཉམས་སུ་མ་སོང་པར་འགོ་སྦལ་ཏི་ནས་བཟུང་སྟེ་མཇུག་མོན་རྟ་དབང་བར་གྱི་རི་རྒྱུད་གཅིག་ཏུ་གནས་པའི་ཧི་མ་ལ་ཡའི་མི་རིགས་ལ་དྭགས་དང༌། ཟངས་མཁར། གར་ཞྭ། ཉུང་ཏི། སྤི་ཏི། ཁུ་ནུ། ཚང་ས། དྲུག་ཉི། ཉི་ཏི། ཀྱོ་ནམ། ཤ་ཁོག མགར་ཡང༌། ཚང་རོ། ཏིང་དཀར། དོལ་པོ། སེ་རིབ། གཉེར་ཤང༌། རྟ་མང༌། ཤར་པ། གྷུ་རུང་དང་བཅས་པ་རྣམས་ཀྱི་ཟ་སྐད་འཐུང་སྐད་ཡན་ཆད་དུའང་རྙེད་བཞིན་ཡོད་པར་མཐོང༌། དེའི་ཕྱིར་ན་བོན་པོ་རྣམས་ཀྱིས་ཡུལ་ཁམས་འདི་དག་ཞང་ཞུང་སྒོ་བའི་ཁོངས་སུ་གཏོགས་པར་༣འདོད་པའང་དོན་ལ་གནས་པར་སྙམ། དེས་ན་ཡུལ་ཁམས་དེ་དག་རྣམས་ལས་ཞང་ཞུང་གི་སྐད་དང་རིག་གཞུང་སོགས་ཕུན་སུམ་ཚོགས་ཤོས་ལྡན་པ་ནི་ཁུ་ནུའི་ཡུལ་ཁམས་འདི་ཉིད་ཡིན་པས། དེ་ལྟར་ན་ཡུལ་ཁམས་འདིར་ཡ་ཐོག་ཞང་ཞུང་གི་སྐད་རིག་གཉིས་ཀ་གསོན་ཉམས་སུ་ལྷག་ལུས་འགྱུར་དོན་ཅི་ཡིན་སྙམ་ན། བདག་གིས་བསམ་པར་དུས་རབས་བརྒྱད་པ་ནས་བཟུང་ཁྲི་སྲོང་གིས་ཞང་ཞུང་རྒྱལ་པོ་བཀྲོངས་རྗེས་ཞང་ཞུང་གི་རྒྱལ་ཁབ་དེ་འཐོར་ཞིག་ཏུ་གྱུར་ཀྱང༌། ཕྱི་ལོ་༨༥༠དང་༩༠༠ཙམ་གྱི་ཡས་མས་ཞིག་ན་མངའ་རིས་སྐོར་གསུམ་གྱི་ཡུལ་ཁམས་ཕལ་མོ་ཆེ་རྣམས་ཁུ་ནུའི་རྒྱལ་པོ"ཨོ་རུ་བྷ་ཏྲ་ར་ཛ"ཞེས་བྱ་བ་ཞིག་གི་མངའ་འོག་ཏུ་ཡོད་པར་སྐབས་དེར་རྒྱལ་པོ་འདིས་གངས་རིན་པོ་ཆེ་ཏི་སེའི་རྒྱུད་ཀྱི་"གསེར་གྱི་བྱ་སྐྱིབས་" དང༌། "གསང་བ་མཆོད་ཕུག" "མཆོད་རྟེན་ཁོང་གསེང་"བཅས་སྟོད་ཀྱི་གནས་གསུམ་རྣམས་ཐོན་མི་དར་མ་དབང་ཕྱུག་ལ་དབང་ཡོན་དུ་ཕུལ་བས་༤ངེས་པ་དང༌། ད་དུང་ཕྱི་ལོ་༡༣༥༡ཡས་མས་སུའང་ཁུ་ནུ་རང་ན་རྒྱལ་བློན་རང་རྐྱ་ཐུབ་པ་ཡོད་ཚུལ་འབྲི་གུང་ཏི་སེ་ལོ་རྒྱུས་སུ་གསལ་ཞིང༌། དེ་རྗེས་ཕྱི་ལོ་༡༥༢༠ཡས་མས་སུའང་སྟོད་ཀྱི"སྙེལ་གྲུ་པ"ཞེས་མངའ་རིས་ཀྱི་གྲོང་ཁྱེར་སུམ་བརྒྱ་ཐམ་པ་རྣམས་ཁུ་ནུ་རྒྱལ་པོའི་མངའ་ཞབས་སུ་ཡོད་པར་བཙུན་པ་ཆོས་ལེགས་ཀྱི་རྣམ་ཐར་དུ་འདུག་པས། ལོ་རྒྱུས་གོང་འོག་འདི་དག་རྣམས་ལ་ཞིབ་པར་བརྟགས་ན། དུས་ཕྲན་སྐབས་འགའ་ཙམ་མ་གཏོགས་ཁུ་ནུ་འདི་ཉིད་ནི་ཕལ་ཆེ་བ་རང་ཕྱོགས་རྒྱལ་པོ་དག་གིས་འཚོ་སྲུང་བྱས་ཡོད། རྒྱུ་མཚན་དེ་དག་ལ་བརྟེན་ནས་ཡུལ་ཁམས་འདིར་ཡ་ཐོག་ཞང་ཞུང་གི་དུས་སྐབས་ནས་ཡོད་པའི་སྐད་རིག་རྣམས་ཀྱང་མུ་མཐུད་ནས་གནས་ཐུབ་པར་བྱུང་བ་ལགས་སོ། །
       སྤྱིར་ད་ལྟའི་ཁུ་ནུའི་ཡུལ་ཁམས་འདི་ཉིད་ཧི་མ་ལ་ཡའི་ནུབ་ཕྱོགས་སུ་ཆགས་ཤིང༌། རྒྱ་གར་གྱི་བྱང་དུམ་སྟེ། ཤར་རྒྱུད"མངའ་རིས"དང་ཐུག་ལ། བྱང་རྒྱུད་གར་ཞྭ་དང༌། སྤི་ཏི་གཉིས་ལ་སྦྲེལ་ཞིང༌། ཡུལ་དེའི་ནུབ་ཕྱོགས་སུ"ཉུང་ཏི"༥དང༌། མཚོ་པད་མ་གཉིས་གནས་ལ། ལྷོ་རུ"ཉི་ཏི" རོང་དང༌། "ཀྱོ་ནམ"༦གཉིས་ཀྱང་ཉེ་བར་ཆགས་ཡོད། དེ་ཡང་དགེ་ཆོས་ཀྱིས། "སྟོད་ན་རྒྱ་གར་དང་འདྲེས་པའི་བོད་རིགས་རྣམས་ནས། སྨད་ན་རྒྱ་ནག་གི་གྲོང་དཀྱིལ་དུ་ཡོད་པའི་བོད་ཀྱི་མི་ཁྱིམ་གཅིག་ཡིན་ཡང་རུང༌། སྒོ་སྟེང་དུ་དར་ལྕོག་སློང་བའི་སྲོལ་དེ་ད་ལྟའི་བར་དུ་ཡོད།"ཅེས་པ་བཞིན། ཁུ་ནུའི་མི་སྡེ་ཐམས་ཅད་དེང་སང་རྒྱ་གར་གྱི་ཁོངས་སུ་གཏོགས་ཀྱང༌།༧ ཁོང་རྣམ་པས་ཀྱང་སྒོ་སྟེང་དུ་དར་ལྕོག་སློང་བའི་གོམས་གཤིས་དེ་དག་གཅིག་པུ་ལ་བལྟས་པས་ཀྱང་འདི་ཉིད་ཞང་ཞུང་ནས་མཆེད་པའི་བོད་རིགས་ཤིག་ཡིན་པར་བརྗོད་སྤོབས་པའི་གནས་སུ་འདུག དེ་ལྟར་ནའང་སྤྱིར་ཁུ་ནུའི་ཡུལ་ཁམས་འདི་ཉིད་ཡ་ཐོག་ཞང་ཞུང་གི་ཁོངས་སུ་གཏོགས་ཚུལ་ལ་ཡུལ་གྱི་གནས་སྟངས་དང༌། མིང༌། སྐད། རིག་གཞུང་སོགས་རྒྱུ་མཚན་དུ་མའི་སྒོ་ནས་གླེང་རྒྱུ་ཡོད་ཀྱང༌། ད་ལམ་སྐབས་བབས་ཀྱི་བརྗོད་བྱ་ནི་ཁུ་ནུའི་སྐད་ཀྱི་སྐོར་ཡིན། ཆེས་ཡ་མཚན་སྐྱེ་དགོས་པ་ཞིག་ནི། གནའ་བོའི་ཞང་ཞུང་གི་གནས་རི་རྩ་ཆེན་དང༌། ཆུ་ཀླུང༌། ཡུལ་གྲུ་སོགས་ཀྱི་མིང་ཚིག་རྙིང་པའི་ནང་དོན་རྣམས་བོན་གཞུང་དུ་གསལ་བའི་ཞང་ཞུང་གི་སྐད་ཐོག་ནས་འགྲེལ་བརྗོད་བྱེད་སྐབས། དེ་དག་ཕལ་ཆེ་བ་ཁུ་ནུའི་དམངས་ཁྲོད་དུ་སྤྱོད་བཞིན་པའི་ཡུལ་སྐད་དང་མཐུན་གྱི་ཡོད་པ་འདིའོ། །
        དཔེར་ན་ཞང་ཞུང་གི་བླ་རི་སྟེ། གངས་རིན་པོ་ཆེའི་གདོད་མའི་མིང་ལ"ཏི་སེ"ཞེས་སུ་འབོད། དེ་ནི་བོན་གཞུང་དུ་གསལ་བའི་ཞང་སྐད་དང་མཐུན་པར་ཁུ་ནུའི་སྐད་དུ"ཏི"ནི"ཆུ"དང༌། "སེ"ནི་"ལྷ"ལ་འཇུག་པས། "ཏི་སེ"ནི"ཆུ་ལྷ"ཞེས་སུ་འགྱུར་ལ། དངོས་བདེན་དུའང"ཏི་སེ"ནི་ཁ་འབབ་ཀྱི་ཆུ༷་བཞི་འབྱུང་སའི་ལྷ༷་རུ་དོན་གྱིས་གནས།
   བོན་གཞུང་རྙིང་གྲས་རྣམས་སུ"སྤོམ་ར"ལ"སྤོམ་རྭང"ཞེས་གསལ་བས།ཞང་སྐད་དང་མཐུན་པར་ཁུ་ནུའི་སྐད་དུའང་"སྤོམ་"

青ICP备08000069号
QQ:568095347
E-mail:liamrgbm@yahoo.com.cn

པར་དབང་རེབ་གོང་བོན་མང་དྲ་བར་དབང་བས་གཞན་གྱིས་མི་སྤྱོད་པར་མཁྱེན།
བོད་ཀྱི་ཆ་འཕྲིན་ལག་རྩལ་དྲ་བས་ལག་རྩལ་ཕྱོགས་ནས་རོགས་སྐྱོར་བྱས་པར་ཐུགས་རྗེ་ཆེ་ཞུ།