༄༅། །ཞང་ཞུང་དང་འབྲེལ་བའི་ཁུ་ནུའི་སྐད་རིག
|
ནི་"གངས་"དང༌། "རྭང་"ནི་"རི་"ལ་འཇུག་ཕྱིར། "སྤོམ་རྭང་"ནི་དངོས་སུ"གངས་རི"ཞིག་ཡིན་པས་མིང་དོན་གཉིས་མཚུངས་སུ་གྱུར། དེ་བཞིན་བོན་གཞུང་གི་ཞང་སྐད་དུ་"མགོ"ལ"སྤུ"ཟེར་བ་བཞིན་ཁུ་ནུའི་སྐད་ཐོག་ནས་ཀྱང"སྤུ"ཞེས་འབོད་ཅིང༌། བོན་གཞུང་དུ"རྟ"ལ"ཧྲང"ཞེས་བྱུང་བ་བཞིན་ཁུ་ནུ་བས་ཀྱང"རང"ཟེར་བས། "སྤུ་རང"བྱ་བའང"རྟ་མགོ"ཞེས་རྟ་མཆོག་ཁ་འབབ་འབྱུང་ས་ཡིན་པས་འཇུག་ཟེར། འདི་དག་ནི་དཔེར་མཚོན་ཙམ་ཡིན་པས། རྒྱས་པར་བདག་གིས་བྲིས་པའི༼ཞང་བོད་ཀྱི་རི་ཀླུང་ལས་རྙེད་པའི་ཞང་ཚིག༽༨ཅེས་སུ་གཟིགས་པར་འཚལ། འདིར་དཔེར་མཚོན་ཙམ་གྱི་ཕྱིར་བོན་གཞུང་དུ་གསལ་བའི་ཞང་ཞུང་གི་སྐད་དང༌། དམངས་ཁྲོད་དུ་སྤྱོད་བཞིན་པའི་ཁུ་ནུའི་སྐད་གཉིས་ཀྱི་དབར་མཚུངས་མཐུན་བྱུང་བ་འགའ་ཞིག་རེའུ་མིག་ཏུ་བཀོད་ཡོད།
|
དཔྱད་གཏམ་ཡོངས་ལ་གཟིགས་པ།

