|
འཐུས་པར་བྱས་སོ།། །།
མཆན་འགྲེལ།
༡ ༼སྣང་སྲིད་མཛོད་ཕུགས།༽ སྟོན་པ་གཤེན་རབ་མི་བོའི་བཀའ། ཞང་ཞུང་དང་བོད་སྐད་སྤེལ་མར་ཡོད་པ་འདིའི་མཇུག་བྱང་ལས། "ཞང་ཞུང་སྟོང་རྒྱུང་མཐུ་ཆེན་དང༌། བོད་ཤ་རི་དབུ་ཆེན་གཉིས་ཀྱིས་ཡུལ་བོད་དང་ཞང་ཞུང་གི་རུ་མཚམས། བྱེ་མ་ལ་གཡུང་དྲུང་ཆུ་མིག་བརྒྱད་ཅུ་རྩ་གཉིས་ཀྱི་མགོ་བོར་གཤེན་རབ་མི་བོའི་བཀའ་གཞུང་ལས། བོད་དང་ཞང་ཞུང་གི་ཚིག་གི་ཚོམ་པ་བརྡེབས་བསྡེབས་ནས་སྣང་སྲིད་གཏན་ལ་ཕེབས་པ་རྫོགས་སོ།" །ཞེས་ཀྱང་གསལ་ཡོད།
༢ ཞུ་ཉི་མ་གྲགས་པས་༼མཛོད་ཕུགས་༽དང་༼གཟི་བརྗིད་༽སོགས་ལས་བཏུས་ཏེ་ཞང་ཞུང་དང་བོད་སྐད་ཤན་སྦྱར་དུ་བསྒྲིགས་པའི་༼སྒྲ་ཡི་དོན་སྡེབ་སྣང་གསལ་སྒྲོན་མེ་༽འདི་ཉིད་མཛད་ཅིང༌། འདི་ལ་བརྟེན་ནས་(Erik Haarh)གྱིས་(The Zhangzhung Language)ཞེས་པའི་ཚིག་མཛོད་དང༌། གཞན་ཡང་བྲག་དཀར་རྣམ་རྒྱལ་ཉི་མས་ཞང་བོད་དབྱིན་གསུམ་གྱི་ཚིག་མཛོད་ཆེན་མོ་(Zhangzhung-Tibetan-English Contextual Dictionary)དང༌། (Dan Martine)གྱིས་(Zhangzhung Dictionary)སོགས་ཞང་བོད་བར་གྱི་ཚིག་མཛོད་ཀྱང་བསྒྲིགས་ཡོད།
༣ སྨན་རིའི་ཡོངས་འཛིན་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེས་བརྩམས་པའི་༼སྔ་རབས་བོད་ཀྱི་བྱུང་བ་བརྗོད་པའི་འབེལ་གཏམ་ལུང་གི་སྙིང་པོ།༽ ལྡི་ལི་དཔལ་འབྱོར་དཔེ་སྐྲུན་ཁང་གི་དེབ་གཟུགས། ཤོག་ངོས་[༢༤]ལས། "སྦལ་ཏི། རྐང་ཕྲན། ལ་དྭགས། ཟངས་མཁར། གར་ཞ། ཉུང་ཏི། སྤི་ཏི། ཁུ༷་ནུ༷། ཚང་ས། དྲུག་ཉི། ཉི་ཏི། ཀྱོ་ནམ། ཤ་ཁོག མགར་ཡང༌། ཚང་རོ། ཏི་དཀར། སླེ་མི། ཝོམ་གློ། སེ་རིབ། དོལ་པོ། ཀྲུག་སྐྱེས།" ཞེས་"ཁུ་ནུ་"སོགས་ཧི་མ་ལ་ཡའི་རི་གྲོང་འདི་དག་ཐམས་ཅད་ཞང་ཞུང་སྒོ་པའི་ཁོངས་སུ་གཏོགས་པར་གསུངས་ཡོད། དེ་བཞིན་མཁས་དབང་དཔལ་ལྡན་ཚུལ་ཁྲིམས་ཀྱིས་མཛད་པའི་༼ཁྱབ་བདག་འཁོར་ལོའི་མགོན་པོ་མཁས་གྲུབ་འཇིགས་མེད་ནམ་མཁའི་རྣམ་ཐར་དབྱར་སྐྱེས་རྔ་དབྱངས་དད་བརྒྱའི་རྨ་བྱ་རྩེ་བ།༽ ཐོབ་རྒྱལ་གསར་པའི་དཔར་མའི་དེབ་གཟུགས་པོད་དང་པོའི་ཤོག་ངོས་[༥༨༩]ལས། "ཞང་ཞུང་རོང་པ་ཁུ་ནུའི་ཡུལ་སྡེ།" ཞེས་ཀྱང་གསུངས་ཡོད།
༤ ཐོན་ཀུན་དགའ་རིན་ཆེན་དང་བྱང་ཆུབ་འབུམ་གཉིས་ཀྱིས་༡༢༤༡ལོར་མཛད་པའི་༼མར་ལུང་པ་བྱང་ཆུབ་སེང་གེའི་རྣམ་ཐར་༽ལས། "དེའི་དུས་མོན་ཁུ་ནུའི་རྒྱལ་པོ། ཨོ་རུ་བྷ་ཏྲ་ར་ཇ་ཟེར་བ་ཞིག་མ་སྤང་སྐོར་དུ་བྱོན་པ། སྦྲུལ་ནག་ཐུག་ནས། ནད་དུ་མཛེ་བྱུང༌། མོ་རྩིས་བྱས་པས། རྒད་པ་གསེར་གྱི་བྱ་སྐྱིབས་ནས་བོན་པོ་ཞིག་བཞུགས་འདུག་པས། དེ་གདན་དྲངས་ན་ཕན་ཟེར། ཐོན་མི་གདན་དྲངས། ཀླུ་འབུམ་མཛད་པས་མཛེ་ནད་ལས་གྲོལ་ལོ། །དབང་ཡོན་ལ་རྟ་ཤབ། སྤུ་ཧྲངས་ན་ཆུ་ཐག་བཅུ་གཉིས། གངས་རི་ན་སྟོད་ཀྱི་གནས་གསུམ་ལ་སོགས་པ་ཕུལ།" ཞེས་བྱུང་བ་ནི་ཕྱི་ལོ་༨༥༠དང་༨༧༥ཡས་མས་སུ་བྱོན་པའི་ཐོན་དར་མ་དབང་ཕྱུག་གི་སྐབས་ཡིན་ནོ། །
༥ ༼རྒྱ་གར་གྱི་གནས་ཆེན་ཁག་ལ་བགྲོད་པའི་ལམ་ཡིག དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ། དེབ་གསུམ་པ། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་ནས་བསྐྲུན་པའི་དེབ་གཟུགས་ཀྱི་ཤོག་ངོས་[༣༣༠]ལས། "མན་དེ(MANDI)འི་ཆུ་བརྒྱུད་ནས་མོ་ཊར་ལས་བྱཀུ་ལུ་བྱལ་སླེབས། ཡུལ་དེ་ལ་བོད་སྐད་དུ་བྱཉུང་ཏི་བྱཟེར། དེ་གནས་ཆེན་ཉེར་བཞིའི་ནང་གི་བྱཀུ་ལུ་ཏ་བྱཡིན་པར་གཞུང་མང་པོར་གསུངས་ཤིང༌། བུ་སྟོན་གྱི་བདེ་མཆོག་སྤྱི་རྣམ་དུ་གར་ཞྭའི་རྒྱབ་བྱཉུང་ཏིབྱའི་ཕུག་ཅེས་ཤིན་ཏུ་གསལ་བར་བཤད།" ཅེས་"ཉུང་ཏི་"ནི་གནའ་བོའི་གནས་ཆེན་"ཀུ་ལུ་ཏ་"སྟེ། དེང་དུས་"ཀུ་ལུ་"ཟེར་བའི་ཡུལ་དེ་ཡིན་པར་གསུངས་ཡོད།
༦ དགེ་བཤེས་བློ་གྲོས་རབ་གསལ་གྱིས་བརྩམས་པའི་༼གནའ་བོའི་ལོ་རྒྱུས་ལས་འཕྲོས་པའི་དཔྱད་རྩོམ་ཞེས་པའི་ཤོག་གྲངས་[༡༤]ལས། "བལ་པོའི་ཁོངས་སུ་ཚུད་པའི་ཚངས་ས་དང༌། དྲུག་ཉི། ཉི་ཏི། ཀྱོ་ནམ།" ཞེས་བཤད་འདུག་པས། "ཉི་ཏི་"དང་"ཀྱོ་ནམ་"གཉིས་བལ་པོའི་ཁོངས་སུ་བཤད་པ་ནི་ཤིན་ཏུ་མི་འཐད་དེ། དཔྱད་རྩོད་དེ་ཉིད་ཀྱི་ཤོག་གྲངས་[༢༨]རང་དུ་"ཨུ་ཏྲ་པྲ་དེ་ཤའི་ཞིང་ཆེན་ནང་དུ་ཉི་ཏི་དང་ཀྱོ་ནམ་གྱི་ས་ཁུལ་དུ་ཞང་སྐད་ལབ་མཁན་འདུག་"ཅེས་གར་ཞྭ་བ་ཚེ་རིང་རྡོ་རྗེས་ཡུལ་གྲུ་དེ་གཉིས་ཨུ་ཏྲ་པྲ་དེ་ཤ་སྟེ་རྒྱ་གར་གྱི་ཁོངས་སུ་གསུངས་པ་ལྟར་རོ། །
༧ ༼བོད་ཆེན་པོའི་སྲིད་ལུགས་དང་འབྲེལ་བའི་རྒྱལ་རབས་དེབ་ཐེར་དཀར་པོ། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་ནས་བསྐྲུན་པའི་དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ། དེབ་གསུམ་པ། ཤོག་གྲངས་[༢༢༣]ལས་གསལ།
༨ ༼ཞང་བོད་ཀྱི་རི་ཀླུང་ལས་རྙེད་པའི་ཞང་ཚིག ཆོས་འཁོར་ཚང་ཉི་མ་འོད་ཟེར་གྱིས་བརྩམས། བོན་མཐུན་འབྲེལ་ལྷན་ཁང་གི་ལོ་དེབ། ༼བོན་སྒོ་འདོན་ཐེངས་བཅུ་བཞི་པའི་ཤོག་ངོས་[༩༢]ལ་གཟིགས།
༩ ༼རྒྱལ་ཁམས་རིག་པས་བསྐོར་བའི་གཏམ་རྒྱུད་གསེར་གྱི་ཐང་མ། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་གིས་བསྐྲུན་པའི་དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ། དེབ་དང་པོའི་ཤོག་ངོས་[༡༦༠]ལས། "མིའམ་ཅི་ནི་བྱཀིནྣར་བྱཏེ། ཕྱིས་བོད་རྣམས་ལ་བྱཁུ་ནུ་བྱཞེས་བརྡ་ཆགས་པ་ཞིག་རྒྱ་གར་དང་མངའ་རིས་ཀྱི་མཚམས་སུ་མཆིས།" ཞེས་"མི་འམ་ཅི་"དང༌། "ཀིནྣར་"ནི་མཐའ་གཅིག་ཏུ་བྱཁུ་ནུ་བྱལ་འཇུག་པར་གསུངས་ཤིང༌། ད་དུང་མུ་མཐུད་ནས། "མིའམ་ཅིའི་ཡུལ་གྱི་རླུང་ཀླུང་ཆེན་པོར་ཙནདྲ་བྷག་ཅེས་བྱ་བ་ཟ་མ་ཏོག་བཀོད་པར་ཡང་འདི་བྱུང་བ་དེ། ད་དུང་ཁུ་ནུ་དང་ཉེ་བའི་ཕྱོགས་ཤིག་ན་མིང་ཡང་མང་པོར་འཁོད་པ་ཡོད། ཡིད་འཕྲོག་མའི་རྟོགས་བརྗོད་ཀྱི་ལམ་བཤད་པ་སོགས་ཀྱང་ཡུལ་འདི་ལ་བསམ་པ་ལྟར་ཡོད།" ཅེས་ལུང་རིག་གཉིས་འཛོམས་ཀྱི་རྒྱུ་མཚན་ཡང་མཐའ་མའི་སྡོམ་ཚིག་ཏུ་བཀོད་པ་ལྟ་རོ། །
༡༠ ༼མདོ་དྲི་མེད་གཟི་བརྗིད། ལེའུ་གསུམ་པ། སངས་རྒྱས་བསྟན་པ་ཆག་ཕེབས་པའི་མདོ། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་གི་དེབ་ཕྲེང་དང་པོ། ཤོག་ངོས་[༣༣༣]ལས་གསལ། མཚམས་དེར་ཞང་ཞུང་གི་ཡུལ་གྲུ་མི་འདྲ་བ་རྣམས་ཀྱི་མིང་གསལ་ཡོད་པས། འདིས་ཀྱང་"གར་ཞྭ་"དང་"ཁུ་ནུ་"ཡི་ཡུལ་ལུང་གཉིས་སྟོན་པར་སྙམ།
༡༡ ༼སྔ་རབས་བོད་ཀྱི་བྱུང་བ་བརྗོད་པའི་འབེལ་གཏམ་ལུང་གི་སྙིང་པོ། ལྡི་ལི་དཔལ་འབྱོར་དཔེ་སྐྲུན་ཁང་གི་དཔར་མའི་དེབ་གཟུགས། ཤོག་ངོས་[༣༥]ལས། "ཞང་ཞུང་པ་ནེ༷་གུ༷་དེང་དུས་ཁུ་ནུའི་སྐད་ལ་ནེ་གི་ཞེས་པ་དང་དོན་གཅིག་གམ་སྙམ་གེ་ཁོད་དཔལ།" ཞེས་མཆན་ཆུང་དང་བཅས་ཏེ་གསུངས་ཡོད།
༡༢ བྲུ་སྒོམ་རྒྱལ་བ་གཡུང་དྲུང་གིས་མཛད་པའི་༼མན་ངག་ཁྲིད་ཀྱི་རིམ་པ་ལག་ལེན་ཐུན་མཚམས་དང་བཅས་པ། རྡ་ས་བོད་ཀྱི་དཔེ་མཛོད་ཁང་གི་དཔར་མའི་ཤོག་ངོས་[༨༨]ལས། "ནེ་གུའི་ཞལ་ནས། ངན་གྱེས་མི་བྱ། བཟང་གྱེས་བྱ་ཞེས་པས།" ཞེས་པ་གསལ་ལོ། །
༡༣ ཤར་རྫ་བཀྲ་ཤིས་རྒྱལ་མཚན་གྱིས་མཛད་པའི་༼ལེགས་བཤད་རིན་པོ་ཆེའི་གཏེར་མཛོད། མི་རིགས་དཔེ་སྐྲུན་ཁང་གིས་བསྐྲུན་པའི་དེབ་གཟུགས་ཀྱི་ཤོག་ངོས་[༡༣༤]ལས། "ཁྲི་སྲོང་ལྡེའུ་བཙན། སྐུ་གཤེན་སྤེ་ནེ་གུ།" ཞེས་གསལ་བ་ལྟར་རོ། །
༡༤ ཞང་ཞུང་གི་སྐད་དུ་"ནེ་"ཞེས་པ་འདི་ཉིད་བྱམི་"་བའི་སྐད་དོད་ལ་འཇུག་སྟེ། བྱམི་བདུད་བྱལ་"ནེ་གེ་"ཟེར་བས་སོ། །དེ་བཞིན་"ཁུ་" ནི་བྱཅི་བྱལ་འཇུག་སྟེ། བྱཅི་ཡང་བྱལ་"ཁུ་ཙར་"ཟེར་བ་ལྟར་རོ། །
༡༥ སྤ་བསྟན་རྒྱལ་བཟང་པོས་མཛད་པའི་༼བསྟན་པའི་རྣམ་བཤད་དར་རྒྱས་གསལ་བའི་སྒྲོན་མེ། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་གི་དེབ་གཟུགས་ཀྱི་ཤོག་ངོས་[༡༦༨]ལས། "ལ་ལ་ལྷོ་བལ་མོན་དུ་གཤེགས་པར་བགྱིས། ལ་ལ་བྱང་ཁ༷་མོ༷ན་དུ་གཤེགས་པར་མཛད།" ཅེས་གསུངས་པའི་"ཁ་མོན་"འདི་"སྐལ་མོན་"དང་གཅིག་ཏུ་གནས་ཚུལ་དེབ་ཐེར་དུ་མའི་འགྲོས་ལས་ཤེས།
༡༦ ཐོན་ཀུན་དགའ་རིན་ཆེན་དང་བྱང་ཆུབ་འབུམ་གཉིས་ཀྱིས་༡༢༤༡ལོར་མཛད་པའི་༼མར་ལུང་པ་བྱང་ཆུབ་སེང་གེའི་རྣམ་ཐར་༽ལས། "སྐ༷ལ་གྱི་རི་བོ་བཞི། མོ༷ན་སྟོང་སྡེ་བཅུ་གསུམ། བྱང་གི་མི་ཡིན་པ་ཧོར་གྱིས་ཡུལ་བཏོན་ལྷོ་རུ་སླེབས། ཡུལ་སོ་སོ་བཏབ། མཁར་ཆེན་པོ་རྩིགས། སྐལ་མོན་གྱི་རྒྱལ་པོ་གཡུ་ཁས་དབང་ལུང་ཞུས། བོན་ཁམས་ཆེན་གསེར་མ་བཞེངས།" ཞེས་གསུངས་པ་བཞིན་ནོ། །
༡༧ ༼མདོ་དྲི་མེད་གཟི་བརྗིད།༽ དེབ་འཕྲེང་བདུན་པ། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་གི་དེབ་གཟུགས་ཀྱི་ཤོག་གྲངས་[༨༠]ལས། "ལ་ལས་ནི་གར་བྱེད་དོ། །ལ་ལས་ནི་བྲོ་བརྡུང་ངོ༌། །ལ་ལས་ནི་ཤོན་འཁྲ༷བ་བོ། །ལ་ལས་ནི་ནེ༷ན་ཤོ༷ན་འཁྲབ་བོ།" །ཞེས་པས་སོ། །
༡༨ ༼བཀའ་ཐང་སྡེ་ལྔ།༽ གུ་རུ་ཨོ་རྒྱན་གླིང་པས་ཡར་ཀླུང་ཤེལ་གྱི་བྲག་ཕུག་ནས་བཏོན་པ། མི་རིགས་དཔེ་སྐྲུན་ཁང་གིས་བསྐྲུན་པའི་དེབ་གཟུགས། ཤོག་ངོས་[༡༣༩]ལས། "མཛེས་པའི་ཁྱེའུས་ལག་ན་རྔ༷་མ༷་ཐོགས། །གར་སྟབས་བྲོ་བརྡུང་ཤོ༷ན་རྩེ༷ད་བྱེད་པ་དང༌། །རྒྱལ་པོའི་སྐྱོ་སངས་འབག་དང་སེང་གེ་དང༌། །སྔགས་བོན་རྔ་ཐོགས་འཆམས་པོ་བྱེད་པ་དང༌། །རྒྱལ་པོ་མཉེས་པ་བཙུན་མོ་མཛེས་མ་ཀུན། །རྒྱལ་པོའི་སྤྱན་སྔར་སྤྲིན་ལྟར་གཏིབས་ནས་བཞུགས། །བུ་མོ་མཛེས་མས་གཡུ༷ང་དྲུ༷ང་ཤོ༷ན་གྲ་བཅས། །གསུང་སྙན་ཟོར་ཁུགས་འཐེན་ཅིང་རྐང་བྲོ་བརྡུང༌།" །ཞེས་གསལ་བ་ལྟར་རོ། །
༡༩ ༼གཡུང་དྲུང་ཤོན་རྩེད།༽ ཆོས་འཁོར་ཚང་ཉི་མ་འོད་ཟེར་གྱིས་བརྩམས། བོན་མཐུན་འབྲེལ་ལྷན་ཁང་གི་ལོ་དེབ། ༼བོན་སྒོ་འདོན་ཐེངས་བཅོ་བརྒྱད་པའི་ཤོག་ངོས་[༧༠]དང༌། ཡང་ན་(http://www.rgbm123.com/forum/175/)༼རེབ་གོང་བོན་མང་དྲྭ་རྒྱ་༽ ཡི་དཔྱད་གླེང་གི་སྡེ་ཚན་དུའང་འོས་སྦྱོར་ཞུས་འདུག་པས་དེར་གཟིགས།
༢༠ ༼རྙིང་མའི་ཆོས་འབྱུང༌།༽ བསྟན་པའི་སྙིང་པོ་གསང་ཆེན་སྔ་འགྱུར་ངེས་དོན་ཟབ་མོའི་ཆོས་ཀྱི་བྱུང་བ་གསལ་བར་བྱེད་པའི་ལེགས་བཤད་མཁས་པའི་དགའ་བྱེད་ངོ་མཚར་གཏམ་གྱི་རོལ་མཚོ། ཐུབ་བསྟན་འོད་གསལ་བསྟན་པའི་ཉི་མ། འོན་ཀྱང་གླེགས་བམ་གཉིས་པའི་ཤོག་ངོས་[༨༧༥]ནང་ངག་དབང་བློ་གྲོས་སམ་མིང་གཞན་དབྱངས་ཅན་དགའ་བའི་བློ་གྲོས་བགྱི་བས་སྦྱར་ཞེས་གསལ་སྟབས། རྩོམ་སྡུ་བྱེད་པོ་ངག་དབང་བློ་གྲོས་ཡིན་ཏེ། ཤོག་ངོས་[༨༧༧]ནང་དུའང་པཎ་གྲུབ་ངག་དབང་བློ་གྲོས་ཀྱིས་བསྡུས་ཞེས་གསལ་བས་སོ། །གླེགས་བམ་དང་པོ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གི་དེབ་གཟུགས། ཤོག་ངོས་[༧༩༢]ལས། "ལོ་ཙཱ་བ་ཆེན་པོ་རིན་ཆེན་བཟང་པོ་ལ་གཟིགས་སུ་ཕུལ་བས་མཉེས་ནས་གཞན་ལ་མི་སྤེལ་བར་གདམས། ཕྱིས་དྷརྨ་པ་ལ་ཞུས་པ་དང་མཐུན་པར་བྱུང་ཞིང༌། འབོ༷ད་རྦ༷ད་བས༷ད་གསུམ་ཞ༷ང་ཞུ༷ང་གི་སྐ༷ད་དུ་འདུག་པ་སོགས་ལ་ངེས་ཤེས་ཁྱད་པར་ཅན་སྐྱེས། ཞེས་དང༌། ཡང་ལོ་ཆེན་གྱིས་ལན་གཅིག་བོན་པོ་དང་འགྲས་ཏེ། པུ་ཏྲ་ལ་ལས་བཅོལ་བ་འགྲོར་མ་གཏུབ་ཅིང་ཚུར་ལོག་ལ་ཁད་བྱུང་བ་ལ་སྔགས་རྣམས་ཞ༷ང་ཞུ༷ང་སྐ༷ད་དུ་བསྒྱུ༷ར་ཏེ་ལས་བྱས་པས་དེས་འགྲུབ་པར་བྱུང༌། དུས་ཕྱིས་སློབ་དཔོན་པདྨས་བསམ་ཡས་སུ་གཏེར་དུ་སྦས་པ་ཐོན་པ་ལ་དེ་བཞིན་དུ་བྱུང་བས་ཕྱི་རབས་ལ་དེ་ལྟར་བྱས་པས་ཕན་པར་མཁྱེན་པ་ཡིན་འདུག" ཅེས་༼ས་སྐྱའི་མགོན་པོའི་ཆོས་འབྱུང་ལས་ལུང་དྲངས་པ་ལྟར་རོ། །
༢༡ ཁུ་ནུ་བླ་མ་བསྟན་འཛིན་རྒྱལ་མཚན་གྱིས་བརྩམས་པའི་༼དག་ཡིག་ངག་སྒྲོན་གྱི་འགྲེལ་པ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་ནས་བསྐྲུན་པའི་དེབ་གཟུགས། ཤོག་ངོས་[༥༦]ལས། "དར་ཡ་ཀན་ཞང་ཞུང་གི་སྐད་དེ་བདུད་རྩིའམ་སྨན་ཡིན། སོ་སོའི་གསང་སྨན་དང་གྲངས་བརྩི་རྒྱུའང་ཡོད།" ཅེས་དང༌། ཡང་[༡༠༡]ལས། "ཏྲེས་སམ་ཕྱེ་མའི་མིང་ཞང་ཞུང་གི་སྐད།" ཅེས་དང༌། ཡང་[༡༧༣]ལས། "སླེ་ཏྲེས་སྨན་ཞིག་སྟེ་ཞང་ཞུང་གི་སྐད།" ཅེས་གསུངས་པ་ལྟ་རོ། །
༢༢ མཉམ་མེད་ཤེས་རབ་རྒྱལ་མཚན་གྱིས་མཛད་པའི་༼ས་ལམ་འཕྲུལ་གྱི་སྒྲོན་མེ།༽ སྤུ་རྒྱལ་བ་ཉི་མ་རྒྱལ་མཚན་གྱིས་དཔར་དུ་བསྐྲུན་པའི་དེབ་གཟུགས། ཤོག་ངོས་[༡༡༨]ལས། "བཞི་པར་ཕྱོགས་བཞི་ན་རླུང་གི་དཀྱིལ་འཁོར་ཆེན་པོ་ལ་མེ་ཏོག་སྣ་ཚོགས་རྒྱན་དང་ལྡན་པའི་བཙུན་མོས་བདག་གི་མགོ་ལ་མེ་ཏོག་ཙམ་པ་ཀའི་འཕྲེང་བའི་རྒྱན་འདོགས་པར་མཐོང་བ།" ཞེས་བོན་གཞུང་རྣམས་སུ་འདི་དག་རྟེན་འབྲེལ་ཆེན་པོར་བརྩི་བཞིན་ཡོད།
|