བརྡར་ཆོད་རིག་པའི་འབྲས་རྟགས།

 ཁྱུང་མོ་དགོན་པ་ནམ་བཏབ་ཀྱི་ལོ་ཚིགས་ཐད་ལ་ཞིབ་མོར་དཔྱད་པ།

 

        འཛམ་གླིང་གེ་སར་ཕྲོམ་གྱི་རྒྱལ་ཁམས་སུ་གྲགས་པའི་མཚོ་ཆེན་ཁྲི་གཤོག་རྒྱལ་མོའི་ལྷོ་ངོས་ཏེ་སྨད་ཕྱོགས་ས་དབྱིབས་ནོར་བུ་དགའ་འཁྱིལ་དུ། ཡན་ལག་བརྒྱད་ལྡན་རྨ་ཀླུང་སྔོན་མོ་དལ་གྱིས་ལྡང་བའི་ཞིང་མཆོག སྟོང་ཆེ་སྟོད་ཀྱི་ཆར་གཡུ་འབྲུག་མཚོ་ལ་ཉལ་འདྲའི་ར་བར་ན་ལྷམ་མེར་བརྗིད་པའི་ཁྱུང་མོང་དགོན་པ་འདི་ཉིད་ཕྱག་བཏབ་པའི་དུས་ཚིགས་སྐོར་ལ་གསལ་ཐག་ཆོད་པའི་ཡིག་ཆ་ཁུངས་ཐུབ་པ་ཞིག་ད་ཕན་ལག་ཏུ་མ་སོན་རྐྱེན། འདིར་བདག་ལྟ་བུའི་ལོ་རྒྱུས་ཀྱི་ཉམས་མྱོང་ཧ་ཅང་ཞན་པའི་སོ་སོ་སྐྱེ་བོ་ཞིག་གིས་ཚིག་ཐག་ཆོད་པའི་སྒོ་ནས་གཏན་འབེབ་བྱེད་རྒྱུ་དེ་ཧ་ཅང་དཀའ་མོད་འདིར་ལག་སོན་བྱུང་བའི་ཡིག་ཆ་ཁ་ཤས་ཀྱི་གུང་སྒྲིག་སྟེ་བཤད་ན། ཐོག་མར་སྦྲ་གསར་པནྜི་ཏའི་༼གཤེན་གྱི་དགེ་སྦྱོང་ཁྲི་ཀ་བ་ཀུན་བཟང་བསྟན་པའི་རྒྱལ་མཚན་གྱི་རྣམ་ཐར་༽ཞེས་པ་ལས། དེ་ནས་ས་མོ་གླང་གི་དབྱར་ར་བའི། །ཡར་ཚེས་༡༡དགེ་བར་ལྷ་ཁང་གཞི་འདིངས་མཛད། །ཕྱོགས་འདིའི་ཡོན་བདག་དད་ལྡན་ཕལ་ཆེར་དང༌། །དཀར་ཕྱོགས་ལྷ་ཀླུས་སྡོང་དང་གྲོགས་བྱས་སྟབས། །གསས་ཁང་དཀར་ནག་བཀྲ་གསལ་ཕྱོགས་འདི་རུ། །འཕོས་འདྲའི་ལྷ་ཁང་བྱ་འདབ་སུམ་བརྩེགས་ལ། །ཁྱུང་མགུར་ཁྱུང་མགོ་ཏོག་གིས་རབ་བརྒྱན་པའི། །ཕྱི་ནང་འཁྱམས་དང་བཅས་ཏེ་ལེགས་པར་འགྲུབ། །༡ཅེས་གསལ་ཡོད་པ་དང༌། ད་དུང་༼མཚོ་ལྷོ་ཁུལ་གྱི་དགོན་སྡེ་ཁག་གི་ལོ་རྒྱུས་སྙིང་བསྡུས།༽ཞེས་པ་ལས། “དེ་ནས་བླ་མ་རིན་པོ་ཆེའི་ཐུགས་དགོངས་ལ། ཡུལ་མདོ་སྨད་ཀྱི་ཕྱོགས་འདིར་ཡང་གཡུང་དྲུང་བོན་གྱི་རང་ལུགས་འཛིན་པ། མདོ་ཕྱོགས་སུ་རྣམ་དག་འདུལ་བ་འཛིན་པ་རབ་བྱུང་གི་སྡེ་དང༌། སྔགས་ཕྱོགས་སུ་སྒྲུབ་གཤེན་ལྕང་ལོ་འཆང་བ་སྔགས་འཆང་གི་སྡེ་གཉིས་དར་བར་བྱ་དགོས་སྙམ་ནས། ཕྱི་ལོ་༡༣༥༡ལོར་ཐོག་མར་ད་ལྟའི་ཁྱུང་མོང་གྲྭ་ཚང་གཡུང་དྲུང་ཕུན་ཚོགས་གླིང་འདི་ཉིད་ཕྱག་འདེབས་མཛད།”༢ཞེས་དང༌། ཡང་སྟོད་མངའ་རིས་ས་ཁུལ་གྱི་ཞང་ཞུང་རིག་གནས་དར་རྒྱས་ཚོགས་པས་གཙོ་གཉེར་བྱས་པའི་༼ཞང་ཞུང་རིག་གནས་༽ཞེས་པ་ལས། “ལྷག་པར་དུ་རྨ་ཆུ་སྔོན་མོའི་ནང་ལུང༌། གཡང་ལུང་ར་བའི་དབུས་མ། རྒྱལ་ཡོལ་གདུགས་ཆེན་ཕུབ་འདྲ། ས་དབྱིབས་སོག་ཁ་ལྟ་བུའི་དཀྱིལ་དུ། རྟེན་གསུམ་རྟེན་རྫས་སྣ་ཚོགས་བཀལ་བའི་དྲེའུ་ཞིག་ཡོད་པ་ཉལ་ནས་ལང་དུ་མ་འདོད་ཚེ། རྟགས་དང་མཚན་མའི་དགེ་མཚན་ཅི་རིགས་ཐུགས་ལ་དགོངས་ནས་གནས་དེར་རྟེན་འབྲེལ་ལེགས་པའི་ཐུགས་གཉེར་གཏད་དེ་བཞུགས། དགུང་ལོ་ལྔ་བཅུ་བཞེས་པ་ལྕགས་ཡོས་ཏེ་ཕྱི་ལོ་༡༣༥༡སྟེང་དགོན་འདིའི་རྨིང་གཞི་ལེགས་པར་བཏིང་ཞིང༌། བྱ་འདབ་གསུམ་བརྩེགས་ཅན་གྱི་གསས་ཁང་དཀར་ནག་བཀྲ་གསལ་གཉིས་པ་ལྟ་བུ་སྐྱེ་དགུའི་བསོད་ནམས་ཀྱི་དཔལ་དུ་ལེགས་པར་བསྐྲུན།” ༣ཞེས་གོང་དང་གཅིག་མཚུངས་སུ་བཀོད་ཡོད། གཞན་ཡང་རྒྱ་གར་དུ་བོན་མཐུན་འབྲེལ་ལྷན་ཁང་གི་ལོ་དེབ་༼བོན་སྒོ་༽སྤྱིའི་འདོན་ཐེངས་བཅུ་དགུ་པ་ལས། “སྟོང་ཆེ་ཁྱུང་མོང་དགོན་གཡུང་དྲུང་ཕུན་ཚོགས་གླིང་ནི། གཡས་རུ་དབེན་ས་ཁའི་སྟོན་པ་བཅོ་བརྒྱད་ཀྱི་ཡ་གྱལ་བྲུ་སྟོན་མཐའ་བྲལ་བསོད་ནམས་རྒྱལ་མཚན་གྱི་དངོས་སློབ་སྟེ། སོག་བཙུན་སྟོན་པ་ཡེ་ཤེས་རྒྱལ་མཚན་གྱིས་ཕྱི་ལོ་༡༢༨༩ས་གླང་ལ་ཆགས་བཏབ་”༤ཅེས་བཀོད་ཡོད་པ་བཅས་སོ།
   སྤྱིར་བསྡོམས་ད་སྔ་ཁྱུང་མོང་དགོན་པའི་ལོ་ཚིགས་སྐོར་གྱི་ཡིག་ཆ་བཞི་ཙམ་ལག་སོན་བྱུང་ཡོད་པ་ལས་འདིར་རེ་རེ་བཞིན་གྱི་ལོ་ཚིགས་ལ་བརྟགས་ཏེ་རྒྱུ་མཚན་དཔྱད་འབྲི་བྱ་རྒྱུ་ཡིན། 
   དེ་ན་འདིར་དང་པོ་ལོ་ཚིགས་འོག་མའམ་མཐའ་མ་དེའི་ནང་དུ་བཀོད་ཡོད་པའི་ལོ་ཚིགས་ལ་དཔྱད་ན་དེའི་ནང་དུ་ཕྱི་ལོ་༡༢༨༩ས་གླང་ལ་ཁྱུང་མོང་དགོན་པ་གཡུང་དྲུང་ཕུན་ཚོགས་གླིང་སོག་བཙུན་སྟོན་པ་ཡེ་ཤེས་རྒྱལ་མཚན་གྱིས་ཕྱག་བཏབ་ཅེས་བཀོད་ཡོད་པ་ལྟར་ན། གཡས་རུ་དབེན་སའི་སྟོན་པ་བཅུ་གཉིས་པ་བྲུ་སྟོན་མཐའ་བྲལ་བསོད་ནམས་རྒྱལ་མཚན་ཡིན་པ་དང༌། ཁོང་ནི་གདན་ས་སྨན་རིའི་མཁན་པོ་ཉེར་གསུམ་པ་ཀུན་མཁྱེན་ཉི་མ་བསྟན་འཛིན་མཆོག་གི་བསྟན་རྩིས་གཞིར་བཟུང་སྟེ་ཞུས་ན་བོད་རབ་བྱུང་ལྔ་པའི་བགྲང་བྱ་གཉིས་པ་ས་འབྲུག་གི་ལོ་སྟེ། ཕྱི་ལོ་༡༢༦༨ལོར་སྐུ་འཁྲུངས་པ་ཡིན་པས། དེས་ན་སོག་སྟོན་ཡེ་ཤེས་རྒྱལ་མཚན་གྱིས་དགུང་གྲངས་བཅོ་བརྒྱད་སྟེང་གཡས་རུའི་དབེན་སར་ཕེབས་ཏེ་ཁོང་གི་དྲུང་དུ་ཡོན་ཏན་མ་ལུས་སྦྱངས་པ་མཐར་ཕྱིན་ཏེ་མདོ་སྨད་དུ་རབ་བྱུང་ལྔ་པའི་ས་གླང་ལོ་སྟེ། ཕྱི་ལོ་༡༢༨༩ལ་ཁྱུང་མོང་དགོན་པ་བཏབ་པ་ཡིན་ན། རབ་བྱུང་ལྔ་པའི་ས་གླང་ལོར་ཁོང་གི་རྩ་བའི་བླ་མ་བྲུ་སྟོན་མཐའ་བྲལ་བསོད་ནམས་རྒྱལ་མཚན་དགུང་གྲངས་ཉུ་ཤུ་རྩ་གཉིས་ཡིན་པས་དང༌། སོག་བཙུན་སྟོན་པ་ཡེ་ཤེས་རྒྱལ་མཚན་ད་དུང་སྐུ་ཡི་མཚན་དཔེ་མ་བཞད་པ་འདྲ་བ་སོགས་ཀྱིས་ལོ་ཚིགས་འདི་ཅུང་མི་འཐད་པར་སེམས་ཏེ་གཟུར་གནས་བློ་དང་ལྡན་པ་རྣམས་ཀྱིས་རིག་པ་ཞིབ་མོའི་ལམ་ནས་དཔྱད་ན་མཁྱེན་པར་ངེས་པས་འདིར་རེ་ཞིག་དེ་ཙམ་གྱིས་འཐུས། ཁོ་བོས་བརྟགས་ན་དེ་ནི་རྩོམ་པ་པོ་ཁོང་གིས་ཕལ་ཆེར་ཐུགས་མཉམ་མ་བཞག་པར་སྦྲ་གསར་བླ་མས་ས་གླང་ལ་བཏབ་ཅེས་པའི་ལུང་དེ་ལ་ཁུངས་གཏུགས་ཏེ་རབ་བྱུང་ལྔ་པའི་ས་གླང་ལ་འཁྲུལ་ཡོད་པར་སེམས་ཏེ་བདེན་དོན་གཞན་གྱིས་སྟོང་ངོ༌། གཞན་ཡང་སོག་བཙུན་སྟོན་པ་རབ་བྱུང་ལྔ་པའི་ནང་དུ་འཁྲུངས་པ་ཡིན་ན་ཁྱུང་མོང་དགོན་པ་ཡང་རབ་བྱུང་ལྔ་པའི་ནང་དུ་ཕྱག་བཏབ་པ་ཡིན་པས་ཁྱབ་མ་ཁྱབ་ཀྱི་རིག་པ་འདིར་མ་དྲངས་ཀྱང་རྟོགས་ངེས།
   གཉིས་པ་ཡང་ལོ་ཚིགས་བར་མ་དེ་གཉིས་གཅིག་མཚུངས་སུ་བཀོད་འདུག་མོད་དེ་གཉིས་ལ་ཇི་ལྟར་དཔྱད་ཀྱང་རྒྱབ་བརྟེན་གྱི་ལུང་ཁུངས་གང་དུ་གཏུགས་ཡོད་པ་མ་ངེས་མོད། བོད་རབ་བྱུང་དྲུག་པའི་བགྲང་བྱ་ཉེར་ལྔ་པ་ལྕགས་ཡོས་ལོ་སྟེ། ཕྱི་ལོ་༡༣༥༡ལོ་ལ་ཁྱུང་མོང་དགོན་པ་ཕྱག་བཏབ་ཅེས་གཏན་ཁེལ་ཡོད་པ་དེ་ཨ་ལགས་སྦྲ་གསར་ཚང་གིས་གསུངས་པའི་ལོ་ཚིགས་ལས་ལོ་རེ་གཉིས་ཀྱི་མང་འདུག་པས་ཁོང་གི་དགོངས་དོན་དང་ཅུང་མི་མཐུན་པ་དང༌། དེ་དང་འགལ་འགྲོ་བ་མ་གཏོགས། གོང་གི་ལོ་ཚིགས་འོག་མ་དེ་བཞིན་གནད་ལ་མ་རེག་པར་དོན་དང་མ་འབྲེལ་བའི་གཏམ་གྱིས་འཆད་པ་བྱ་རོག་གིས་ཚང་འཆའ་བ་ཁོ་ན་ལྟར་མ་ཡིན་པར་ཐག་གིས་བཅད་ཆོག་པར་སེམས་སོ།
   དེས་ན་ཁྱུང་མོང་དགོན་པའི་ལོ་ཚིགས་ཐད་མཁས་པ་སོ་སོའི་བཞེད་པ་མི་མཐུན་པ་རྟ་མོག་མོག་གི་སྤུ་དང་འདྲ་བས། སུ་ཡི་རྗེས་སུ་འབྲང་རྒྱུ་དེ་ཡང་ཧ་ཅང་གི་ཁེགས་པོ་ཞིག་ཡིན་ཡང༌། ཁོ་བོས་རིག་པ་ཞིབ་ཏུ་བཏང་ཏེ་ལོ་ཚིགས་ཐོག་མ་སྦྲ་གསར་པནྜི་ཏས་གསུངས་པའི་ལོ་ཚིགས་འདི་ཉིད་རྒྱབ་བརྟེན་དུ་བྱས་ཏེ་དེ་ལ་ཁུངས་གཏུགས་པ་ཡིན། རྒྱུ་མཚན་ནི། ཁོང་གིས་གསུངས་པའི་ལོ་རྒྱུས་ཡིག་ཆ་རྣམས་ནི་རྒྱུ་སྐར་ཁྲོད་ཀྱི་ཟླ་བ་བཞིན་

青ICP备08000069号
QQ:568095347
E-mail:liamrgbm@yahoo.com.cn

པར་དབང་རེབ་གོང་བོན་མང་དྲ་བར་དབང་བས་གཞན་གྱིས་མི་སྤྱོད་པར་མཁྱེན།
བོད་ཀྱི་ཆ་འཕྲིན་ལག་རྩལ་དྲ་བས་ལག་རྩལ་ཕྱོགས་ནས་རོགས་སྐྱོར་བྱས་པར་ཐུགས་རྗེ་ཆེ་ཞུ།