བརྡར་ཆོད་རིག་པའི་འབྲས་རྟགས།

ཁྱད་པར་དུ་འཕགས་པས། དེང་དུས་ཕྱི་ནང་གི་མཁས་པ་ཚང་མས་ཚད་ལྡན་དུ་འཇོག་བཞིན་ཡོད་པ་དང་གཅིག སྦྲ་གསར་པནྜི་ཏ་ནི་བསྟན་པ་ཕྱི་དར་སྐབས་གེ་སར་ཕྲོམ་གྱི་རྒྱལ་ཁམས་སུ་བོན་པོའི་མཁས་པ་གྲགས་ཅན་ཞིག་ཡིན་པ་དང་གཉིས་ཏེ་རྒྱུ་མཚན་འདི་ལ་གཏུགས་པ་ཡིན།
    དེ་ཡང་སྦྲ་གསར་པནྜི་ཏས་“དེ་ནས་ས་མོ་གླང་གི་དབྱར་ར་བའི། ཡར་ཚེས་༡༡དགེ་བར་ལྷ་ཁང་གཞི་འདིངས་མཛད། །”ཅེས་པའི་ཡིག་ཆའི་དགོངས་པ་ཞིབ་བཀྲལ་བྱས་ཏེ་བཤད་ན། ཁོང་གིས་ས་གླང་ལོ་ཞེས་པ་དེ་རབ་བྱུང་དྲུག་པའི་བགྲང་བྱ་ཉེར་གསུམ་པ་ས་གླང་ལོ་ཡིན་པས་ལོ་ཚིགས་དེ་ལ་གཏན་ཁེལ་ན། བོན་གྱི་ཐུན་མོང་མ་ཡིན་པའི་འབྱུང་ལྡན་ཉིས་བརྒྱ་དགུ་བཅུའི་ནང་ཚན་༢༩༠སྟེ། ཕྱི་ལོ་༡༣༤༩ལ་སོག་སྟོན་ཡེ་ཤེས་རྒྱལ་མཚན་གྱིས་ཁྱུང་མོང་དགོན་པ་ཕྱག་བཏབ་མཛད་ཅེས་ལོ་ཚིགས་གཏན་འབབ་བྱས་པ་ཡིན་ན་རང་ལུགས་འཐད་ལྡན་གྱི་ལུང་དང་ཀུན་ནས་མཐུན་པ་མ་ཟད། སྤྱིར་མཚུངས་ཀྱི་རིག་པའི་བབས་དང་ཡང་ཧ་ཅང་འཚམས་པར་སེམས་ཏེ། དེ་བཞིན་ཁོ་བོས་བྲིས་པའི་༼ཁྱུང་མོང་དགོན་པའི་གདན་རབས་༽ནང་དུ་ཡང་ལོ་ཚིགས་དེ་གཙིགས་སུ་བཟུང་ཡོད་ལ་རྒྱུ་མཚན་དེའི་ཕྱིར་ན་ཕྱི་ལོ་༢༠༠༥ལོའི་བར་ཁྱུང་མོང་དགོན་པ་བཏབ་ནས་མི་ལོ་༦༥༦ཙམ་ཟིན་འདུག་ཅེས་རིག་པ་ཞིབ་མོའི་ལམ་ནས་སྤོབས་པ་ཅུང་བསྐྱེད་དེ་ཚིག་ཐག་བཅད་ཆོག་པར་སེམས་ཏེ་བསྟན་པ་འདི་ལ་རུས་ཞེན་ཟབ་པའི་རྒྱ་ཆེའི་མི་ཡི་གདོང་ལྔ་པ་དག་གིས་ཐུགས་དཔྱད་གནང་རྒྱུ་གལ་ཆེའོ།། །།

 

མཆན་གྱི་ལུང་ཁུངས།
༡༽ ༼གཤེན་གྱི་དགེ་སྦྱོང་ཁྲི་ཀ་བ་ཀུན་བཟང་བསྟན་པའི་རྒྱལ་མཚན་གྱི་རྣམ་ཐར་༽ཞེས་པ་དཔེ་གཟུགས་ ལག་བྲིས་གསར་མ། ཁྱུང་མོང་དགོན། ཤོག་ངོས་༦༠ལ་གསལ།
༢༽ ༼མཚོ་ལྷོ་ཁུལ་གྱི་དགོན་སྡེ་ཁག་གི་ལོ་རྒྱུས་སྙིང་བསྡུས།༽ཞེས་པ་དེབ་གཟུགས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང༌། ཤོག་ངོས་༣༠༧ལ་གསལ།
༣༽ ༼ཞང་ཞུང་རིག་གནས་༽ ༢༠༠༨ ལོའི་དེབ་དང་པོ་སྟེ། སྤྱིའི་དེབ་ཕྲེང་ལྔ་པ་ཤོག་ངོས་༨༦ལ་གསལ།
༤༽ ༼བོན་སྒོ་༽ ༢༠༠༦ ལོའི་དེབ་དང་པོ་སྟེ། སྤྱིའི་འདོན་ཐེངས་བཅུ་དགུ་པ་ཤོག་ངོས་༡༠ལ་གསལ། 

青ICP备08000069号
QQ:568095347
E-mail:liamrgbm@yahoo.com.cn

པར་དབང་རེབ་གོང་བོན་མང་དྲ་བར་དབང་བས་གཞན་གྱིས་མི་སྤྱོད་པར་མཁྱེན།
བོད་ཀྱི་ཆ་འཕྲིན་ལག་རྩལ་དྲ་བས་ལག་རྩལ་ཕྱོགས་ནས་རོགས་སྐྱོར་བྱས་པར་ཐུགས་རྗེ་ཆེ་ཞུ།