གངས་ཅན་བོད་དུ་ཐོག་མར་སངས་རྒྱས་ཀྱི་ཆོས་ལུགས་གང་དར་བ་དང་ཁྱད་པར་རྫོགས་པ་ཆེན་པོ་དར་བའི་ལོ་རྒྱུས་རགས་ཙམ་དཔྱད་པ།
|
རྫོགས། ཕུན་སུམ་ཚོགས་པའི་རྒྱུད། གོལ་སྒྲིབ་རྣམ་པར་ཕྱེ་བའི་རྒྱུད། ཐམས་ཅད་ཀུན་རྫོགས་རྒྱུད། རྩ་བ་གཅིག་ལ་རྣམ་པར་བགྲངས་པའི་རྒྱུད་དོ། ལུང་ལ། རྩ་བ་རྫོགས་ཆེན་སྡེ་བཅུ། ཡན་ལག་འགྲེལ་ཆུང་བཅུ། མན་ངག་ཐུགས་ཀྱི་བརྣག་པ་སྐོར་གསུམ་རྣམས་སོ། བསྡུས་པ་ཀླུ་ཡུལ་དུ་བསྒྲགས་པའི་སྐོར་ལ། རྒྱུད་དམར་བྱང་ལེའུ་བཅུ་བ། ལུང་སེང་གེ་སྒྲ་བསྒྲགས། མན་ངག་འཁོར་བ་དོང་སྤྲུགས་རྣམས་སོ། ~ མན་ངག་གི་སྡེ་ལ། བཀའ་རྒྱུད་དང་ཉམས་རྒྱུད་གཉིས། བཀའ་རྒྱུད་སྐོར་བཞི་ནི། ཕྱི་ལྟ་བ་སྤྱི་གཅོད་སྐོར། ནང་མན་ངག་དམར་ཁྲིད་སྐོར། གསང་བ་རིག་པ་གཅེར་མཐོང་སྐོར། ཡང་གསང་གནས་ལུགས་ཕུག་ཆོད་སྐོར་དང་བཞིའོ། ཉམས་རྒྱུད་རྒྱས་འབྲིང་བསྡུས་གསུམ་ཡོད། རྒྱས་པ་རྨུ་གུ་དང་སྐྱ་གུའི་རྒྱུད་སྐོར། འབྲིང་བོ་སོར་བཞག་གདམས་པ་བདུན་ཕྲག བསྡུས་པ་ཉམས་བརྒྱུད་འཐོར་བུའི་སྐོར་རྣམས་སོ། ངོས ༢ ཐིག ༦ རིག་གནས་ལྔ། བཟོ་རིག་པ། གསོ་བ་རིག་པ། སྒྲ་ཚད་རིག་པ། ཕྱི་རྩིས་ཀྱི་རིག་པ། ནང་དོན་གྱི་རིག་པ་ལྔའོ། ངོས ༢ ཐིག ༧ འདས་ལོ་མང་བའི་ལུགས། སྟོན་པ་འདས་རྗེས་སུ་འཁོར་བཅུ་གསུམ་ལའང་གཤེན་ལོར་བརྩི་བ་དང༌། སྐུ་བསྟན་མཇུག་མ་རྫོགས་བར་དུ་གསུང་བསྟན་དབུ་གདུང་སོབ་མི་འབྱོན་པའི་ལུགས། ༼མཁན་ཆེན་ཉི་མ་དང་ཀུན་གྲོལ་གྲགས་པ་སོགས་བཞེད༽ ངོས ༢ ཐིག ༨ འདས་ལོ་ཉུང་བའི་ལུགས་ནི་སྟོན་པ་འདས་རྗེས་འཁོར་ལ་གཤེན་ལོ་མི་བརྩི་བ་དང༌། སྐུ་གསུང་ཐུགས་ཀྱི་བསྟན་པ་རང་རྐྱ་བ་དང་ཟུང་འབྲེལ་གཉིས་ཀྱིས་རྣམ་པར་བཞག་པའི་ལུགས། ༼སྤ་སྟོན་བསྟན་རྒྱལ་བཟང་བོ་དང་ཁྱུང་བོ་བློ་གྲོས་རྒྱལ་མཚན། སྐྱང་སྤྲུལ་ནམ་མཁའ་རྒྱལ་མཚན། དཔྲ་སྟོན་སྐལ་བཟང་རྒྱལ་མཚན་སོགས་བཞེད༽ ངོས ༢ ཐིག ༡༡ རྒྱུ་བོན་ནི། ཕྱྭ་སྣང་འཕྲུལ་སྲིད་རྒྱུའི་ཐེག་པ་བཞི་གཙོ་བོར་བྱེད་དེ། ལྷ་གསོལ་བ་དང་ཡུག་ཕུད་པ་ཞེས། ལབ་རྩེ་དང་དཔའ་མཁར་བརྩིགས་པ། བསང་མཆོད། སྒྲ་བླ། ཀླུང་རྟ། ཡར་བཅོས། མར་གཏོ། གཙང་སྦྲ་བྱེད་པ། མི་གཙང་སེལ་བ་སོགས་ལ་སྐྱབས་སེམས་དང་བསྔོ་སྨོན་གྱིས་ཟིན་པར་བྱས་ནས་སྣང་སྲིད་ཞི་བདེར་བཅོས་པ་རྣམས་སྟོན་པ་གཤེན་རབ་ཀྱི་རྒྱུ་བོན་ལས་བྱུང་བ་སྟེ། རྒྱ་གར་ན་ཡོད་པར་མ་ཐོས་སོ། ངོས ༢ ཐིག ༡༦ ཉེ་སྲས་བརྒྱད་ནི། གཏོ་བུ་འབུམ་སངས། དཔྱད་བུ་ཁྲི་ཤེས། ལུང་འདྲེན་གསལ་བ། རྒྱུད་འདྲེན་སྒྲོལ་མ། གདུང་སོབ་མུ་ཆོབ་ལྡེམ་དྲུག འོལ་དྲུག་ཐང་བོ། རྒྱལ་སྲས་གཡུང་དྲུང་དབང་ལྡན། སྨྲ་སེང་འཕྲུལ་གྱི་བུ་ཆུང་དང་བརྒྱད། ངོས ༢ ཐིག ༡༩ འཛམ་གླིང་རྒྱན་དྲུག་ནི། རྟག་གཟིགས་མཁས་པ་དམུ་ཚ་ཏྲ་ཧེ་དང་ཧུ་ལུ་སྤར་ཡ་དང༌། གཡུང་དྲུང་བློ་གསལ་གསུམ། རྒྱ་གར་མཁས་པ་ལྷ་བདག་སྔགས་གྲོལ། རྒྱ་ནག་མཁས་པ་ལེགས་ཏིང་རྨང་པོ། གེ་སར་ |

