གངས་ཅན་བོད་དུ་ཐོག་མར་སངས་རྒྱས་ཀྱི་ཆོས་ལུགས་གང་དར་བ་དང་ཁྱད་པར་རྫོགས་པ་ཆེན་པོ་དར་བའི་ལོ་རྒྱུས་རགས་ཙམ་དཔྱད་པ།
|
ཕྲོམ་ལ་མཁས་པ་གསེར་ཐོག་ལྕེ་འབྱམས་དང་དྲུག་གོ། ངོས ༢ ཐིག ༢༠ རྟག་གཟིགས་མཁན་པོ་བརྒྱད་ནི། དམུ་ཙ་ཏྲ་ཧེ། ཁྲི་ལྡེ་འོད་པོ། ལྷང་ལྷང་གཙུག་ཕུད། དང་བ་ཡིད་རིང༌། ཐུགས་ཀར་ཡེ་ཤེས། གུང་རུམ་ཡེ་ཤེས། འོད་ལྷ་གསལ་འབར། རྫུ་འཕྲུལ་ཡེ་ཤེས་བརྒྱད་དོ། ངོས ༣ ཐིག ༡ མཁན་རབས་གསུམ་ནི། ཡེ་ཤེས་ཚུལ་ཁྲིམས། གཡུང་དྲུང་ཚུལ་ཁྲིམས། གཙུག་ཕུད་ཚུལ་ཁྲིམས་སོགས། ངོས ༢ ཐིག ༢ བོད་ཀྱི་ཐོག་མའི་མཁན་པོ་ལྔ་ནི། ཀ་ཆུའི་གཙུག་ཕུད་རྒྱལ་བ། ཡ་གོང་ཡེ་ཤེས་རྒྱལ་བ། ཕམ་ཤི་དཔལ་གྱི་དབང་ཕྱུག སྡེ་བཙུན་རབ་གསལ། ཅོ་བཙུན་ཚུལ་ཁྲིམས་ཡེ་ཤེས་སོ། ངོས ༢ ཐིག ༦ མཁན་རབས་ལྔ་ནི། མཁན་ཆེན་མུ་ཟི་གསལ་བཟང༌། ཁྲི་འབར་ཚུལ་ཁྲིམས། རྒྱལ་བ་གཙུག་ཕུད། གཙུག་ཕུད་ཚུལ་ཁྲིམས། བླ་ཆེན་དགོངས་པ་རབ་གསལ་ལོ། ངོས ༢ ཐིག ༩ བླ་མ་ཆེ་དྲུག་ནི། གསང་འདུས་མི་བརྩི་བའི་ལུགས་ལ། སྟག་ལྷ་མེ་འབར། ཡོངས་སུ་དག་པ། མི་ལུས་བསམ་ལེགས། ཡེ་ཤེས་སྙིང་བོ། སྣང་བ་མདོག་ཅན། མུ་ཁྲི་བཙན་པོ་དང་དྲུག་གོ། ངོས ༢ ཐིག ༢༠ གདུང་རྒྱུད་བཅུ་གསུམ་ནི། མུ་ཁྲི་བཙན་པོ། ཧ་ར་ཅི་པར། སྟག་ཝེར་ལི་ཝེར། ཨ་ནུ་འཕྲག་ཐག སད་ནེ་གའུ། ཐད་མི་དད་ཀེ། ཤ་བུ་ར་གུག ཟིང་བ་མཐུ་ཆེན། སྤེ་བོན་ཐོག་འཕྲུལ། སྤེ་བོན་ཐོག་རྩེ། ཧྲིང་ནི་མུ་ཏིང༌། སུམ་པ་དབུ་དཀར། གླང་ཆེན་མུ་ཝེར་དང་བཅུ་གསུམ། མཁས་པ་མི་བཞི་ནི། ཞང་ཞུང་སྟོང་རྒྱུང་མཐུ་ཆེན། སེ་བོན་ཤ་རི་དབུ་ཆེན། ལྡེ་བོན་གྱིམ་ཚ་རྨ་ཆུང༌། མེ་ཉག་ལྕེ་ཚ་མཁར་བུ་བཞིའོ། ཡབ་སྲས་གསུམ་ནི། ཡབ་བླ་ཆེན་དྲན་པ་ནམ་མཁའ། སྲས་ཚེ་དབང་རིག་འཛིན། པདྨ་འབྱུང་གནས་སོ། ངོས ༤ ཐིག ༡ གཤེན་གྱེར་རྨ་དབྱིལ་ནི། གཤེན་ཆེན་ཀླུ་དགའ། གྱེར་མི་ཉི་འོད། རྨ་སྟོན་སྲོལ་འཛིན། དབྱིལ་སྟོན་ཁྱུང་རྒོལ་རྩལ་དང་བཞིའོ། ཕྱི་མ་ནི་རིག་འཛིན་རྒོད་ཀྱི་ལྡེའམ་འཕྲུ་ཅན་ཞེས་པ་དེ་ཡིན། ངོས ༤ ཐིག ༢ བྲུ་ཞུ་སྤ་རྨེའུ་ནི། བྲུ་ཆེན་ནམ་མཁའ་གཡུང་དྲུང༌། རྒྱལ་སྲས་ཞུ་ཡས་ལེགས་པོ། སྤ་སྟོན་དཔལ་མཆོག་རྒྱལ་བ། རྨེའུ་ལྷ་རི་གཉན་པོ། ངོས ༤ ཐིག ༨ བ་ནམ་ཡབ་སྲས་ནི། ཞང་ཞུང་བ་ནམ་སྐྱོལ་བོ་དང༌། སྲས་ཁྲི་ཤོ་རྒྱལ་བ། རིག་འཛིན་བརྒྱུད་པ་དྲུག་ནི། རིག་འཛིན་ར་སངས་བསམ་གྲུབ། རིག་འཛིན་དར་མ་ཤེས་རབ། རིག་འཛིན་དར་མ་བྷོ་དེ། རིག་འཛིན་ཞུང་ཞག་ཁྲི་འཕེན། རིག་འཛིན་མུ་ཡེ་ལྷ་རྒྱུང༌། རིག་འཛིན་རྨ་གཤེན་ལེགས་བཟང་ངོ༌། གྲུབ་ཐོབ་དགུ་ནི། གྲུབ་ཐོབ་གྱེར་ཆེན་སྟག་ལྷ། ར་སངས་གྲུབ་ཆེན་གཡུང་དྲུང་གསལ། ར་སངས་གཡུང་འཕན། དགེ་འབར་དོན་གྲུབ། གྱེར་སྤུངས་དགེ་འཕན། གྲུབ་ཐོབ་དགེ་རྒྱལ། ཞང་ཞུང་རྣམ་རྒྱལ། མུ་རྒྱུང་དཀར་པོ། ཧོར་ཏི་ཆེན་པོ་དང་དགུའོ། ངོས ༤ ཐིག ༩ ལོ་པཎ་བརྒྱུད་པ་བཞི་ནི། རྗེ་ |

