གཡུང་དྲུང་བོན་གྱི་བཤད་སྒྲུབ་བསྟན་པའི་བྱུང་རིམ།

      བདག་ཅག་གི་སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་འདྲེན་བརྒྱད་པ་རྒྱལ་བ་གཤེན་རབ་མི་བོ་ཀུན་ལས་རྣམ་པར་རྒྱལ་བ་དེ་ཉིད་ཀྱིས་ཚད་མ་རིག་པའི་བོན་སྡེ་རྣམས་ལྷ་སྲིན་གཉིས་ཀྱི་རུ་མཚམས་སུ་གཏན་ལ་ཕབ་ནས་ཐུགས་སྲས་གཡུ་ལོ་གཙུག་ཕུད་ལ་གཉེར་དུ་གཏད་དེ་རྟག་གཟིགས་ཀྱི་རྒྱལ་ཁམས་ཡོངས་སུ་འཆད་རྩོད་རྩོམ་གསུམ་བཤད་སྒྲུབ་ཀྱི་བསྟན་པ་ཉི་འོད་བཞིན་དུ་ཁྱབ་པའི་འདུས་སྡེ་བརྒྱ་ཕྲག་གི་གྲངས་ལས་འདས་པ་འཕེལ་ཡང་། བསྡུས་ན་ཐོས་པ་ཕྱི་ཡི་སྒྲོ་འདོགས་གཅོད་པའི་བཀའ་གཞུང་ཉན་བཤད་ཀྱི་སྡེ་དང་། ཡང་དག་དོན་ལ་འཇུག་པའི་ཤིང་དྲུང་མི་རྟག་གི་སྡེ། ཞུགས་པ་རྩེ་གཅིག་སྒྲུབ་པའི་རི་ཁྲོད་ཅོག་བུའི་སྡེ། ཞུགས་པ་མཐར་ཕྱིན་སྒྲུབ་པའི་བྲག་དགོན་དཀའ་ཐུབ་ཀྱི་སྡེ་བཅས་བཞི་རུ་ཕྱེས་ནས་མཁས་བཙུན་བཟང་གསུམ་གྱིས་ཕྱུག་པའི་སློབ་ཚོགས་དུ་མ་བྱུང་བ་ལས། ཆེས་རྨད་དུ་བྱུང་བའི་ཤིང་རྟའི་སྲོལ་འབྱེད་ཆེན་པོ་གསུང་གི་འདུལ་དཔོན་གདུང་སོབ་མུ་ཆོ་ལྡེམ་དྲུག་མཆོག་གིས་བཀའ་ལུང་རྒྱ་མཚོ་ལྟ་བུའི་འཇིངས་ལས་སྐུ་གསུང་ཐུགས་མི་ཟད་རྒྱན་གྱི་འཁོར་ལོས་འདོད་འབྱུང་དབྱིག་གི་གཏེར་ཆེན་མདོ་འབུམ་རྒྱུད་མཛོད་བཞིར་ཕྱེས་ནས། གདུལ་བྱ་སྨིན་གྲོལ་གྱིས་རྒྱུད་བརླན་པར་མཛད་པ་དང་། ཁྱད་པར་དུ་སྤང་ལམ་གཙོ་བོར་བསྟན་པ་ཕྱི་རྒྱུད་ཀྱི་སྐོར་ཟབ་མོ་སྟོན་པ་འབུམ་གྱི་སྡེ་དང་། ཚུལ་ཁྲིམས་རྣམ་དག་འདུལ་བའི་སྡེ། ལས་འབྲས་སྟོན་པ་མདོ་ཡི་སྡེ། ཆགས་འཇིག་སྟོན་པ་མཛོད་ཀྱི་སྡེ། གཞལ་བྱ་དབུ་ཚད་རིག་པའི་སྡེ་སོགས་མཚན་ཉིད་སྡེ་ལྔའི་བཀའ་རྣམས་དང་། སྒྱུར་ལམ་གཙོ་བོར་བསྟན་པ་སྒོམ་པའི་རྒྱལ་བོ་གསང་བ་སྔགས་ཀྱི་སྐོར་གསང་སྔགས་དང་། རིགས་སྔགས། གཟུངས་སྔགས། ཐིས་སྔགས། དྲག་སྔགས་བཅས་གསང་སྔགས་སྡེ་ལྔ། གྲོལ་ལམ་གཙོ་བོར་བསྟན་པ་ལྟ་བའི་རྒྱལ་བོ་བླ་མེད་རྫོགས་པ་ཆེན་པོའི་སྐོར་རྫོགས་པ་ཆེན་པོ་ཞང་ཞུང་སྙན་བརྒྱུད་སྐོར་བཞི་དང་། ཡེ་ཁྲི་མཐའ་སེལ། བསྒྲགས་པ་བསྐོར་གསུམ། བྱང་སེམས་གབ་པ་དགུ་སྐོར་བཅས་རྫོགས་ཆེན་གཞུང་བཞི་སོགས་སྤང་བསྒྱུར་གྲོལ་གསུམ་གྱི་བོན་སྡེ་རྣམས་རྟག་གཟིགས་ཀྱི་མཁས་པ་དམུ་ཚ་ཏྲ་ཧེ་དང་། ཞང་ཞུང་གི་མཁས་པ་ཁྲི་ཐོག་སྤར་ཙ། སུམ་པའི་མཁས་པ་ཧུ་ལི་སྤར་ཡ། རྒྱ་གར་གྱི་མཁས་པ་ལྷ་བདག་སྔགས་གྲོལ། རྒྱ་ནག་གི་མཁས་པ་ལེགས་ཏང་རྨང་པོ། ཁྲོམ་གྱི་མཁས་པ་གསེར་ཐོག་ལྕེ་འབྱམས་བཅས་ལོ་ཙཱ་བ་ཆེན་པོ་འཛམ་གླིང་མཁས་པ་རྒྱན་དྲུག་ལ་གཉེར་དུ་གཏད་པས་བོན་སྡེ་ཕལ་ཆེར་ལོ་ཙཱ་བ་སོ་སོས་རང་སྐད་དུ་བསྒྱུར་འཆད་རྩོད་རྩོམ་གསུམ་གྱི་བོན་བསྟན་ཕྱོགས་བརྒྱར་བཞད་པར་མཛད།


ཞང་ཞུང་དུ་བཤད་སྒྲུབ་ཀྱི་བསྟན་པ་དར་ཚུལ།


       དང་པོར་དཔོན་གསས་བླ་མའི་རྗེས་འབྲངས་ཞིང་། ཐོས་བསམ་འཆད་ཉན་བློ་རྩལ་སྦྱོང་བ་གཅེས། ཕྱི་ཡི་ཐོས་པས་ཚིག་གི་སྒྲོ་འདོགས་གཅོད། ནང་གི་ཐོས་པས་དོན་གྱི་གདར་ཐག་གཅོད། ཅེས་གསུངས་པ་ལྟར་བདག་ཅག་གི་སྟོན་པའི་ཐུགས་ཀྱི་གཉེར་དཔོན་བླ་ཆེན་ཁོད་སྤུངས་དྲན་པ་ནམ་མཁས་རྟག་གཟིགས་ཀྱི་མཁས་པ་དམུ་ཚ་དྲ་ཧེ་ལ་སོགས་འཛམ་གླིང་མཁས་པ་རྒྱན་དྲུག་དང་། ཟ་རང་མེ་འབར་སོགས་རྟག་གཟིགས་ཀྱི་མཁས་པ་རྣམས་ལ་གཏུགས་ཏེ་ཐོས་བསམ་གྱི་རླུང་བཞོན་དལ་བུར་བསྐྱོད་ནས་བློ་གྲོས་ཀྱི་མཁྱེན་བརྒྱ་འཆད་རྩོད་རྩོམ་པའི་འཛུམ་ཕྲེང་གསར་བར་བཞད། སྐལ་ལྡན་དོན་གཉེར་ཅན་དག་གི་རྒྱུད་ལ་ཐོས་དོན་སྨིན་ཕྱིར་བསོད་ནམས་ཀྱི་སྤྲིན་དཀར་ལས་བཤད་སྒྲུབ་བསྟན་པའི་བདུད་རྩིའི་སྨན་ཆར་རྒྱུན་དུ་བསྲིངས་ཤིང་། ཕྱི་ནང་གསང་གསུམ་མམ་སྤང་སྒྱུར་གྲོལ་བའི་རྩིབས་སྟོང་འོད་ཀྱི་འཁོར་ལོ་བསྒྱུར་བར་བྱས་ནས་བཀའ་ཡི་དགོངས་འགྲེལ་རྣམ་འབྱེད་འཕྲུལ་ལྡེ་དང་། བདེན་པ་བོན་གྱི་མཛོད་འགྲེལ། དྲང་དོན་མུན་སེལ་སྒྲོན་མ། ངེས་དོན་ནམ་མཁའ་འཕྲུལ་མཛོད་སོགས་བསྟན་པའི་གསལ་བྱེད་དུ་བཞག
     དེ་དང་དུས་མཚུངས་སུ་སྟོང་ཆེན་དམུ་ཚ་གྱེར་མེད་དང་། ལྡེ་བོན་གྱིམ་ཚ་རྨ་ཆུང་། སྙ་བོན་ལི་ཤུ་སྟག་རིང༼ཕྱི་ལོའི་སྔོན ༡༧༥༡ ལོར་འཁྲུངས། ༽གསུམ་གྱིས་རྟག་གཟིགས་ཀྱི་ཡུལ་ནས་ཕྱི་ནང་གསང་བའི་བོན་སྡེ་རྣམས་ཞང་ཞུང་ཡུལ་དུ་གདན་དྲངས་ཤིང་བོན་གྱི་བསྟན་པ་རྒྱས་པར་སྤེལ། ཁྱད་པར་དུ་མཁས་པ་ལི་ཤུ་སྟག་རིང་གིས་གལ་མདོ་རིག་པའི་ཚད་མ་དང་། མན་ངག་ལུང་གི་ཚད་མ་སོགས་གྲོལ་ལམ་གཙོ་བོར་བསྟན་པ་རྫོགས་ཆེན་གྱི་ཚད་མ་རྣམས་ཏན་ལ་འབེབས་པར་མཛད།
དེ་བཞིན་བོན་ལ་ཤེས་རབ་ཀྱི་རྩལ་འབྱོངས་པ་གྲུབ་ཐོབ་བོན་གཤེན་ཞང་ཞུང་སྟོང་རྒྱུངས་མཐུ་ཆེན་སོགས་མཁས་པ་མི་བཞིས་ཁྲོ་བོའི་སྟོད་འགྲེལ་དང་སྨད་འགྲེལ། མཛོད་འགྲེལ་སོགས་མཛད་དེ། བཀའ་གཞུང་ཉན་བཤད་ཀྱི་སྡེ་བཤད་སྒྲུབ་བསྟན་པའི་ཉིན་བྱེད་ཕན་བདེའི་འོད་སྣང་ཕྱོགས་བརྒྱར་འཛུམ་པར་མཛད།
     གཞན་ཡང་སངས་རྒྱས་བསྟན་པ་ཚུལ་ཁྲིམས་ཡིན། ཚུལ་ཁྲིམས་མེད་ན་བསྟན་པ་མེད། ཅེས་གསུངས་པ་ལྟར་སངས་རྒྱས་བསྟན་པའི་སྲོག་ཤིང་རྣམ་དག་འདུལ་བའི་བྱུང་ཚུལ་སྐོར་ལ་ཡང་ཞང་ཞུང་ནེ་གུ་པ་གེ་ཁོད་དཔལ་གྱིས་རྟག་གཟིགས་ཀྱི་མཁན་པོ་རྫུ་འཕྲུལ་ཡེ་ཤེས་དང་མཇལ་ནས། ཚུལ་ཁྲིམས་རྫོགས་པར་ཞུས་ཏེ་ཚུལ་མིང་ལ་ཡེ་ཤེས་ཚུལ་ཁྲིམས་ཞེས་སུ་གསོལ། བླ་སློབ་དེ་གཉིས་ཀྱི་བཞུགས་གནས་ནི་ཞང་ཞུང་སྤོས་རི་ངད་ལྡན་གྱི་ཤར་བརྒྱུད་ཀྲག་ལུང་ན་བ་དམར་ལྡིང་ཡིན་ཞིང་། དེང་སང་དགོན་ཤུལ་དེར་མཁན་པོའི་ཞབས་རྗེས་ཀྱང་མཇལ་རྒྱུ་ཡོད།
    མདོར་ན་ཞང་ཞུང་ཡུལ་དུ་སྤང་སྒྱུར་གྲོལ་གསུམ་གྱི་གཞུང་ཆེན་ལ་རྣམ་གྲོལ་དོན་གཉེར་ཅན་དག་གིས་རང་དོན་དུ་ཐོས་བསམ་སྒོམ་སྒྲུབ། གཞན་དོན་དུ་འཆད་རྩོད་རྩོམ་གསུམ་གྱིས་བཤད་སྒྲུབ་ཀྱི་བསྟན་པ་ཡོངས་སུ་སྤེལ་ནས་དར་ཞིང་རྒྱས་པར་མཛད། 


བོད་དུ་བཤད་སྒྲུབ་ཀྱི་བསྟན་པ་དར་ཚུལ།


     བོད་རྒྱལ་ཐོག་མ་གཉའ་ཁྲི་བཙན་པོས་ནམ་མཁའ་སྣང་བ་མདོག་ཅན་མཆོད་གནས་སུ་བཀུར་ཏེ་ཐེག་ཆེན་གསང་སྔགས་སྤྱི་སྤུངས་སྐོར་གསུམ་གྱི་བོན་སྡེ་ཞུས་ནས་བོན་བསྟན་སྔ་དར་གྱི་དུས་སུ་རྒྱལ་གཤེན་བསྟན་པ་མཉམ་ཆགས་མཛད་དེ་མཁས་པ་ཉི་ཤུ་ལ་སོགས་པས་འཆད་རྩོད་རྩོམ་པའི་བོན་འཁོར་བསྐོར། མཐུ་ཆེན་མི་དགུས་ལོག་ལྟའི་རྒོལ་བ་བཅོམ། བོན་ཆེན་ཞེ་གཉིས་ཀྱིས་གསོན་གཤིན་བདེ་ལ་བཀོད། རབ་བྱུང་བ་རྣམས་ཀྱིས་ཚུལ་ཁྲིམས་གཅེས་པར་བསྲུང་། སྒོམ་ཆེན་རྣམས་ཀྱིས་ཏིང་འཛིན་ཡེངས་མེད་བསྒོམ། སྒྲུབ་པ་པོ་རྣམས་ཀྱིས་བསྙེན་སྒྲུབ་ལས་གསུམ་སོགས་བོན་གྱི་འཁོར་ལོ་བསྐོར།
   སེ་བོན་ཤ་རི་དབུ་ཆེན་གྱིས་ཞང་ཞུང་སྟོང་རྒྱུང་མཐུ་ཆེན་ལ་གཏུགས་ཏེ་མདོ་སྔགས་སེམས་གསུམ་གྱི་བོན་སྡེ་རྣམས་ཞང་ཞུང་སྨར་གྱི་སྐད་ལས་སྤུ་རྒྱལ་བོད་ཀྱི་སྐད་དུ་བསྒྱུར་ནས་ཕྱི་ནང་གསང་བའི་བོན་སྡེ་དབྱར་གྱི་ཆུ་གཏེར་བཞིན་རྒྱས་

青ICP备08000069号
QQ:568095347
E-mail:liamrgbm@yahoo.com.cn

པར་དབང་རེབ་གོང་བོན་མང་དྲ་བར་དབང་བས་གཞན་གྱིས་མི་སྤྱོད་པར་མཁྱེན།
བོད་ཀྱི་ཆ་འཕྲིན་ལག་རྩལ་དྲ་བས་ལག་རྩལ་ཕྱོགས་ནས་རོགས་སྐྱོར་བྱས་པར་ཐུགས་རྗེ་ཆེ་ཞུ།