འཛམ་གླིང་མཐའ་དབུས་ཀྱི་རྣམ་བཞག་ཉེར་མཁོའི་སྣང་བ་ཞེས་བྱ་བ་བཞུགས་སོ།།

དྲུག་ཟེར་ཡང་དེང་སང་དེ་ལས་ཀྱང་མང་བར་སྣང༌། རྒྱ་ནག་གི་སྡེ་མཐའ་ལྷོ་ཕྱོགས་ཡུ་ནན་ནས་བཟུང་བྱང་བསྐོར་གྱིས་ནུབ་ཕྱོགས་ཨོ་རྒྱན་གྱི་ཡུལ་ལ་ཟླ་བ་གཉིས་ཀྱིས་ཉེ་བའི་ཧོར་ཀླ་ཀློ་བྷ་ལག་གི་བར་མན་ཆད་དོ། ཆོས་ལུགས་ནི་སྔོན་ཐོག་མར་ཤེའུ(学)སྟེ་རྩིས། དོའུ་(道)སྟེ་བོན། ཇིང་(经)སྟེ་ཆོས་གསུམ་དུ་བྱུང༌། མུ་སྟེགས་ནི་རྒྱ་ནག་ཏུ་འོང་མ་མྱོང༌། སོག་པོ་ནས་བྱུང་བའི་ཀླ་ཀློ་ཟིན་ཤིང་ཞེས་སམ་ཧོ་ཟི་ཟེར་བ་ཡོད། དོའུ་(道)ཞེས་པ་སྟོན་པ་ལོའུ་ཀྱུན་(老君)ཀྱི་ལུགས་རིག་བྱེད་ཀྱི་ཕྱོགས་གཏོགས་ཤིག་ཡིན་པས་བོན་དངོས་ནི་མིན་ལ། ལེགས་ཏང་སྨ་བོ་སོགས་ནས་བརྒྱུད་པའི་བོན་དང་བོད་ནས་དར་བའི་བོན་ཡང་ཅི་རིགས་སུ་དར། དེ་ཡང་ཐོག་མར་བོན། དེ་ནས་རིམ་པར་བཀའ་བརྒྱུད། ས་སྐྱ། དགེ་ལྡན་རྣམས་རིམ་གྱིས་དར་ཞིང་རབ་ཏུ་བྱུང་ནས་སྦྱངས་པའི་ཡོན་ཏན་ལ་གནས་པ་སོགས་རྒྱ་གར་དང་ཚུལ་མཚུངས་པའི་ཕྱག་ལེན་གཙང་ཡང༌། གསང་སྔགས་ཀྱི་ཉམས་ལེན་ནི་བོད་ལྟ་བུ་མེད་པར་མཐོང་ངོ༌། པེ་ཅིང་དང་དེའི་ལྷོ་ཕྱོགས་ནས་རིམ་པར་རི་བོ་རྩེ་ལྔ་དང་གླང་ཆེན་སོགས་སུ་གནས་དང་དགོན་སྡེ་ཤིན་ཏུ་མང་ངོ༌། ཧ་ཤང་འགོགས་པ་བ་ཟེར་བ་དེ་རྒྱའི་སློབ་དཔོན་ཏཱ་མོ་ཙི་ཤུ་ནས་ཀུན་གཞི་རྣམ་ཤེས་ཀྱི་སྟེང་དུ་ཚོགས་བདུན་འཁོར་བཅས་འགོགས་པ་ཡིན། འདི་ལ་ཐེག་པ་ཆེ་ཆུང་གཉིས་ཡོད་གསུངས་པ་ཐོས། ཉམས་ལེན་ཙུང་མིན་ནི་ཅིག་ཆར་བའི་ལྟ་བ་དང༌། ཏོའུ་མིན་ནི་རིམ་གྱིས་པའི་ལྟ་བ་སྟེ་བོད་དུ་འོང་བ་དེ་ཧ་ཤང་མ་ཧཱ་ཡ་ན་ཞེས་ཅིག་ཆར་བའི་ལུགས་རིམ་གྱིས་པ་ལ་འགེབས་པས་གང་ཟག་གི་སྐྱོན་དུ་སོང་ནས་རྒྱ་ནག་ཧ་ཤང་གི་ལྟ་བ་ཞེས་གླེང་བ་ལས་ཆོས་ཀྱི་སྐྱོན་མིན་ཞེས་རྒྱའི་སློབ་དཔོན་རྣམས་གླེང་ངོ༌། གོང་མ་ཞི་ཙི་ཧུའང་དྷཱིའི་སྐབས་རྒྱལ་དབང་ལྔ་པ་ཆེན་པོར་ཏཱ་ལའི་བླ་མའི་མཚན་དང་འཇའ་ས་ཕུལ། དེ་རྗེས་ཀཽ་ཤཱི་བསྟན་འཛིན་ཆོས་རྒྱལ་ཞེས་སོག་པོ་རྟ་ཁྲ་ཅན་གྱི་དམག་བྱུང་ནས་གནམ་བསྐོས་དགའ་ལྡན་ཕོ་བྲང་གི་རྒྱལ་སྲིད་འདི་བྱུང་བ་ཡིན་ནོ། མོ་ལ་ཏ་ན། ཀ་བྷེ་ལ། ཁོ་ར་ས་ན། བ་ཛ་ས་ན། གོ་ཥ་སོགས་ནས་རིམ་པར་ཧོར་བྷ་ལག བྷ་དག་ཤན། མེ་སག་གི་བར་སིག དེ་ནས་ཨུ་རུ་སུའི་ཡུལ་མཚམས་ནས་རིམ་པར་ཐོར་གོད། ཨོ་ལོད་ཐོད་དཀར་རྣམས་ལ་སྟོད་ཧོར་དང༌། དེ་ནས་བྱང་ཤར་གྱི་ཧལ་མི། ཡེན་ཁེར། ཐོད་གོད། ཧ་ལ་ཧན་སོགས་ལ་སྨད་ཧོར་ཟེར་ཏེ་རྒྱ་དང་འདྲེས་མར་ཡོད། སྨད་ཧོར་གྱི་ཡུལ་དུ་སྔོན་སེ་ཆེན་རྒྱལ་པོ་བྱོན་ནས་ས་ཀར་གྱི་བསྟན་པ་དར་ཞིང༌། ཧོར་རྒྱལ་ཨན་ཐན་ཧན་གྱི་དུས་ནས་དགེ་ལྡན་པའི་སྲོལ་ཚུགས། རྒྱལ་པོ་ལེགས་ལྡན་སྐབས་ཧོར་གྱི་རྒྱལ་རབས་རྫོགས་ནས་རྒྱ་ནག་གིས་བདག་མཛད་ཀྱང་རྒྱ་ཧོར་སྡེ་འབངས་ཐུན་མོང་ཡིན་པས། སོག་ཡུལ་དུ་དགེ་ལྡན་པ་ཇེ་རྒྱས་སུ་
青ICP备08000069号
QQ:568095347
E-mail:liamrgbm@yahoo.com.cn

པར་དབང་རེབ་གོང་བོན་མང་དྲ་བར་དབང་བས་གཞན་གྱིས་མི་སྤྱོད་པར་མཁྱེན།
བོད་ཀྱི་ཆ་འཕྲིན་ལག་རྩལ་དྲ་བས་ལག་རྩལ་ཕྱོགས་ནས་རོགས་སྐྱོར་བྱས་པར་ཐུགས་རྗེ་ཆེ་ཞུ།