རྟོགས་ལྡན་སྤྲུལ་སྐུ་རྣམ་གཉིས་ལ་ཕུལ་བའི་ཞུ་ཡིག

 

འདི་འདྲའི་སྙིང་གི་ཟུག་རྔུའི་དབལ། ། སེལ་བར་མཛད་ལ་བྱམས་སྙིང་ཅན། ། འཚོ་བྱེད་གཞོན་ནུས་མཐུན་པའི་སྨན། ། ཚེ་འདི་ཉིད་ལ་སྩོལ་བར་མཁྱེན། ། སྤྱིར་ནི་བསྟན་འགྲོའི་དོན་ཆེད་དང། ། སྒོས་སུ་བསྟན་འཛིན་ཁྱེད་རྣམས་ཀྱི། ། ཞབས་པད་གཡུང་དྲུང་ཁྲི་འཕང་ལ། ། བརྟན་པར་རིམ་གྲོ་ནམ་ཡང་གལ། ། ཐུགས་མཆོག་དག་པའི་མཁའ་དབྱིངས་ལས། ། བརྩེ་ཆེན་སྤྲིན་དཀར་རབ་གཡོས་ཏེ། ། གསུང་འཕྲིན་གྲུ་ཆར་འཇོ་བ་ཡིས། ། བདག་བློའི་ཚ་གདུང་གཞིལ་བར་འཚལ། ། ཞུ་མཆིད་པི་ཝང་རྡུང་བའི་སྒྲ། ། སྒྲ་འཛིན་ལམ་དུ་འཇེབས་མིན་ཡང་། ། ཡང་ནས་ཡང་དུ་གསོལ་བའི་ངག། ངག་རིག་དར་བཅས་གུས་པས་ཕུལ།། །།

青ICP备08000069号
QQ:568095347
E-mail:liamrgbm@yahoo.com.cn

པར་དབང་རེབ་གོང་བོན་མང་དྲ་བར་དབང་བས་གཞན་གྱིས་མི་སྤྱོད་པར་མཁྱེན།
བོད་ཀྱི་ཆ་འཕྲིན་ལག་རྩལ་དྲ་བས་ལག་རྩལ་ཕྱོགས་ནས་རོགས་སྐྱོར་བྱས་པར་ཐུགས་རྗེ་ཆེ་ཞུ།