ཀུན་འཁོར་ལྷ་གཤེན་མཆོད་པའི་དབྱངས།

— «སྙན་གཞུང་ཤེལ་གྱི་མེ་ལོང»གི་རྩོམ་རྒྱུགས་ཕུལ་བའི་སྐོར།

དེ་ཡང་རྒྱལ་རོང་བཤད་སྒྲུབ་སློབ་གླིང་གི་འཛིན་གྲྭ་གོང་མས་བཏོན་པའི་སྒྲ་ཡི་ཀུན་བཟང་འཁོར་ལོ་ལྷ་གཤེན་མཆོད་པའི་དབྱངས་ཞེས་པ་འདི་ནི། ཞང་བོད་ཀྱི་གྲུབ་སྒྱུར་ཆེན་པོ་གཙང་གཤེན་པི་ཝང་ཅན་པ་ཞེས་སྨྲ་དབང་ཚོགས་པའི་སྤྱི་བོའི་གཙུག་རྒྱན་གྱི་ཅོད་པན་མཐོན་པོར་ཞབས་ཀྱི་པདྨོ་ངལ་གསོ་ཐོབ་པའི་བདག་ཉིད་ཅན་གང་ལ་མཚོ་བྱུང་ཚངས་པའི་བུ་མོས་སྤྱིར་གཡུང་དྲུང་གི་བོན་རིན་པོ་ཆེ་འཕེལ་རྒྱས་བྱ་བའི་དོན་དུ་འམ་སྒོས་སུ་ཀོས་ཐག་པའི་འགྲོ་བ་རྣམས་མངོན་མཐོ་དང་ངེས་ལེགས་ཀྱི་སར་བཀྲི་བ་ལ་ཡུན་རིང་བོར་གནས་ཕྱིར་དུ་དངོས་སུ་སྩལ་གནང་བྱུང་བའི་སྙན་གཞུང་ཧྲག་བསྡུས་རྒྱན་གསུམ་གསལ་བ་ཤེལ་གྱི་མེ་ལོང་གི་གཞུང་ལས།  ཐུན་མིན་སྒྲ་རྒྱན་རིག་པའི་ལེ་ཚན་མཐར་ཕྱིན་པའི་དཔེ་བརྗོད་དམ་ཁྱད་པར་དུ་རྒྱན་གསུམ་གྱི་གཞུང་ལ་བློ་སྦྱོང་ཐོབ་པའི་རྩོམ་རྒྱུགས་སུ་ཕུལ་བའི་ཐོག་མའི་ཞབས་རྗེས་ཤིག་གམ་རང་མཉམ་གྲྭ་བཙུན་སློབ་གཉེར་བ་རྣམས་ལ་བཏེགས་ཤིང་སྙན་གཞུང་དུ་འཇུག་པའི་བཞུད་ལམ་ཁྲོད་ཀྱི་ལེགས་སྐྱེས་ཆུང་ཆུང་ཞིག་ཀྱང་ལགས་ཞེས་རྒྱལ་རོང་བཤད་སྒྲུབ་སློབ་གླིང་གི«རྒྱལ་མོ་རྔུལ་ཆུ»རྩོམ་སྒྲིག་ཚན་ཆུང་གིས་སྤྱི་ཟླ་བཞི་བའི་ཚེས་མགོར་མཚམས་སྦྱོར་དུ་སྤེལ་བའོ།།

༄༅།།དཀོན་མཆོག་བརྙེས་པའི་འདོད་ཡོན། ཨུ་དུམ་ཝ་རའི་ཟློས་གར། ཞེས་པའི་ཀུན་འཁོར་འདི་ནི་སློབ་གཉེར་བ་ཁྱུང་ཚ་བཀྲ་ཤིས་ལྷུན་གྲུབ་ཀྱིས་སྙན་ངག་རྩོམ་རྒྱུགས་སུ་བཏེགས་སོ།།

 

༄༅།།དཔོན་གསས་བླ་མར་མཆོད་པའི་བརྟན་བཞུགས་མུ་ཁྱུད་སྒོར་མོའི་ཀུན་འཁོར་ཞེས་བྱ་བ་འདི་ནི་སློབ་གཉེར་བ་བཀྲ་ཤིས་ཉི་མས་སྙན་ངག་རྩོམ་རྒྱུགས་སུ་བཏེགས་སོ།།
༄༅།།མཉམ་མེད་དགྱེས་པའི་ཀུན་འཁོར་བོན་གྱི་སྒྲ་དབྱངས་ཞེས་བྱ་བ་འདི་ནི་སློབ་གཉེར་བ་འོད་གསལ་ཉི་མས་སྙན་ངག་རྩོམ་རྒྱུགས་སུ་བཏེགས་སོ།།
༄༅།།ཀུན་བཟང་འཁོར་ལོ་དད་པའི་མཆོད་སྤྲིན་ཞེས་བྱ་བ་འདི་ནི་སློབ་གཉེར་བ་བློ་བཟང་རྒྱ་མཚོས་སྙན་ངག་རྩོམ་རྒྱུགས་སུ་བཏེགས་སོ།།
༄༅།།ཀུན་ཏུ་འཁོར་བའི་བསྟོད་ཚིག་མུ་ཏིག་ཕྲེང་རྒྱན་ཞེས་བྱ་བ་འདི་ནི་སློབ་གཉེར་བ་དྲི་མེད་ཡེ་ཤེས་ཀྱིས་སྙན་ངག་རྩོམ་རྒྱུགས་སུ་བཏེགས་སོ།།
༄༅།།ཀུན་འཁོར་བླ་མའི་མཚན་བསྟོད་ལྷ་བཙུན་དགྱེས་པའི་དབྱངས་ཞེས་བྱ་བ་འདི་ནི་སློབ་གཉེར་བ་རིན་ཆེན་བློ་གྲོས་ཀྱིས་སྙན་ངག་རྩོམ་རྒྱུགས་སུ་བཏེགས་སོ།།
༄༅།།སྲིད་པའི་དུག་སེལ་གཡུང་དྲུང་བོན་འཁོར་གླིང་བཞི་གསལ་བའི་རྒྱན་ཞེས་བྱ་བ་འདི་ནི་སློབ་གཉེར་བ་སྤ་ཚང་གཡུང་དྲུང་རྒྱལ་མཚན་གྱིས་སྙན་ངག་རྩོམ་རྒྱུགས་སུ་བཏེགས་སོ།།

དཔྱད་མཆན་སྤེལ།

ཡིག་ཟམ་ས་གནས་ཀུན་པོར་མི་བསྒྲགས། རྟགས * ཅན་ངེས་པར་དུ་བླུགས་དགོས།