བརྟན་བཞུགས་ཤིས་སྨོན།

བསྐལ་བཟང་བྱེ་བའི་བསོད་ནམས་ལས་འོང་པའི།།
གཟུགས་སྐུའི་བཀོད་པ་ཆུ་ཤེལ་དྭངས་མའི་ཁམས།།
བསྟན་དང་འགྲོ་བའི་དཔལ་དུ་ཤར་བའི་མགོན།།
བོན་བརྒྱ་ཐམས་ཅད་མཁྱེན་གཟིགས་ཕྱག་བགྱིད་དོ།།

༧ཐོས་བསམ་གཡུ་རལ་གསིག་པའི་གདེངས་ཀ་ནས།།
བཅུ་རིག་གད་རྒྱངས་སྒྲོགས་པའི་ཟིལ་ཤུགས་ཀྱིས།།
སྨྲ་ངན་ལོག་ཚོགས་ཐལ་བར་བརླགས་དང་ལྷན།།
རིམ་དགུའི་གངས་རིའི་རྩེ་ལ་མངོན་པར་འཕགས།།

༧ལྔ་སྙིགས་དུས་ཀྱི་མཚན་མ་བདོ་བའི་སྐབས།།
བོན་བསྟན་རྒྱལ་མཚན་ནུབ་མེད་བསྒྲེངས་པའི་གཤེན།།
མགོན་ཁྱེད་སྲིད་པའི་མཐར་ཡང་བརྟན་བཞུགས་ཏེ།།
རླབས་ཆེན་འགྲོ་དོན་མཛད་པ་མཐར་ཕྱིན་ཤོག།

གུས་སློབ་འབང་ཡོངས་ཀྱི་ཐ་ཤལ་བ་རྩེ་དྲུག་མཁན་མིང་ལུང་རྟོགས་བསྟན་འཛིན་དཔལ་ལྡན་ནས་གསོལ་བ་རྩེ་གཅིག་ཏུ་བཏབས་པ་ལགས།

དཔྱད་མཆན་སྤེལ།

གློག་འཕྲིན་ཀུན་པོར་མི་བསྒྲགས། རྟགས * ཅན་ངེས་པར་དུ་བླུགས་དགོས།