༄༅།། ཀ་རྩོམ་མིག་ཆུའི་རླབས་སྒྲ།།

༄༅།། ཀ་རྩོམ་མིག་ཆུའི་རླབས་སྒྲ།།

བོན་བརྒྱ་ཡི་དམ་རྒྱ་མཚོ་ནས།

ཀ་དག་ལྷུན་གྱིས་གྲུབ་པའི་གནས་མཆོག་སུ།།

ཁྭ་ཏ་ནག་པའི་གཏམ་ཞིག་ལྷང་ལྷང་སྒྲོག

ག་ས་གང་དུ་ཆས་ཀྱང་གཏམ་དེ་མཆིས།།

ང་ཡི་བླ་མ་ཞིང་དུ་གཤེགས་སོང་ཟེར།།

ཅ་ཅའི་འུར་ལ་རྦད་དེ་དགའ་བོ་མེད།།

ཆ་ལུགས་གཞན་ལ་ལྡང་རྒྱུར་མི་དགའ་བའི།།

ཇ་ཁའི་མདངས་ལྟར་འགྱུར་བ་ཡེ་ནས་མེད།།

ཉ་ཕྱིས་རྫས་ལས་བླ་མ་ཁྱེད་ཉིད་མཁོ།།

ཏ་ལ་ཤིང་བཞིན་སླར་ཡང་འཁྲུངས་ན་སྙམ།།

ཐ་སྙད་གང་མང་བོད་ལ་གནང་ན་ལེགས།།

ད་ནི་སྙམ་པ་ལས་ཀྱང་གང་ཡང་མེད།།

ན་འཆི་ཆོས་ཉིད་སུས་ཀྱང་བསྒྱུར་ཐབས་མེད།།

པ་རྩལ་རྫུ་འཕྲུལ་སྟོང་ལྡན་བོན་བརྒྱ་བ།།

ཕ་རོལ་ཞིང་དུ་གཤེགས་པས་ང་རང་སྐྱོ།།

བ་ག་བོན་གྱི་འབངས་མི་དེ་ལས་སྐྱོ།།

མ་དང་ཕ་ལས་བླ་མ་ཁྱེད་ཉིད་དྲན།།

ཙ་ཀྲའི་ངར་ལྡན་འཛོམས་པའི་བོན་བརྒྱ་བ།།

ཚ་ཟེང་ངུར་སྨུག་མནབས་པའི་ཐམས་ཅད་མཁྱེན།།

ཛ་མཐུན་སྤྱི་ལ་ཐུགས་བསྐྱེད་ལྷ་ལམ་གཡང་།།

ཝ་ཞྭ་ནག་པོ་གཞན་ལ་བསྐོན་སྲོལ་མེད།།

ཞ་ཀྱོག་ནད་ལས་སྐྱོབ་མཁན་ཁྱེད་རང་ཡིན།།

ཟ་འོག་མདངས་ལྡན་གནས་པའི་བླ་མ་ཉིད།།

འ་བུ་བདག་ལ་སྔགས་འཆང་གདམས་ངག་གནང་།།

ཡ་ཞེས་མཚན་ལ་ཡི་དམ་རྒྱ་མཚོ་བཏགས།།

ར་བ་གཡས་སུ་འཁྱིལ་བའི་གཡུང་དྲུང་གླིང་།།

ལ་མ་བོན་བརྒྱ་ཁྱེད་ཉིད་མེད་མི་རུང་།།

ཤ་ཟ་མ་མོ་མཁའ་འགྲོ་ཡན་ཆད་དང་།།

ས་ཁམས་གང་དུ་ཁྱེད་འདྲ་འཚོལ་ཐབས་བྲལ།།

ཧ་ཅང་དྲན་པའི་སྐྱོ་བ་གྱེར་ལ་བཀུག

ཨ་དཀར་བསྟན་པའི་བདག་པོ་བོན་བརྒྱ་བ།།

ཀྱི་ཧུད་ཁྱེད་ཉིད་གང་དུ་གཤེགས་ན་ཡང་།།

ཁྱེད་ཉིད་སྔར་བཞིན་བདག་གི་གཙུག་ན་འགྱིང་།།

ཁྱེད་ཉིད་དྲན་པའི་སྐྱོ་བ་ཤོག་ངོས་བྲིས།།

ང་རང་རྩོམ་ལ་བྱང་བས་བྲིས་པ་མིན།།

ཁྱེད་ཉིད་དྲན་པའི་སེམས་ཚོར་བརྗོད་པ་ཡིན།།

ཁྱེད་ཉིད་ཕྱིར་དུ་ཕེབས་རྒྱུ་སྨོན་ལམ་འདེབས།།

2018 ལོའི་ཟླ 7 ཚེས 12 ཉིན།།

རྩོམ་འདིའི་རྩ་གཉིས་ཨང་།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།