ང་ཡི་བླ་མ། བོན་བརྒྱ་བ།

                   

                     ཚིག/མང་བུ།

                    དབྱངས/ ཤེར་བྷ།

གཞས་པ/ ཤེར་བྷ།

རོལ་མོ་སྒྲིག་བཟོ་བ། ཤེར་བྷ།

འོད་ཀྱི་ཞགས་པ་ཡར་ལ་འཐེན་ཡོད།།

ཁྱུང་དཀར་རུས་གཙང་ལྷ་ཡི་ཁྱེའུ།།

གསེར་གྱི་དམུ་ཐག་མར་ལ་འཐེན་ཡོད།།

མདོ་སྨད་བོན་གྱི་རྟེན་ཕུར་ཁྱེད་ཡིན། །

ཐོས་བསམ་རྒྱ་མཚོ་གཞུང་ལ་བསྐྱིས་ཡོད།།

ལུང་རིགས་སྨྲ་བའི་གངས་ཀྱི་སེང་ཆེན།།

སྙན་པའི་བ་དན་མཁའ་རུ་སྒྲེངས་ཡོད།།

སྲིད་གསུམ་གནོན་པའི་མཁའ་ཡི་ཁྱུང་ཆེན།།

ང་ཡི་བླ་མ། ང་ཡི་རྩ་བའི་བླ་མ། བོན་བརྒྱ་བ། ཁྲི་ལོར་ཤོག།

གཤེན་གྱི་ཨ་ཡིག་སྲོག་གིས་བྲིས་ཡོད།།

མཛད་རྣམ་རིང་མོ་གཏམ་གྱི་བང་མཛོད་།།

བདེན་པའི་གཉའ་ཤིང་གསེར་ལ་བྱས་ཡོད།།

ངེས་པ་དོན་གྱི་མཁས་དབང་ཁྱེད་ཡིན།།

ང་ཡི་བླ་མ། ང་ཡི་རྩ་བའི་བླ་མ།

བོན་བརྒྱ་བ། ཁྲི་ལོར་ཤོག།

རྩོམ་འདིའི་རྩ་གཉིས་ཨང་།

དཔྱད་མཆན་སྤེལ།

གློག་འཕྲིན་ཀུན་པོར་མི་བསྒྲགས། རྟགས * ཅན་ངེས་པར་དུ་བླུགས་དགོས།