ལྷག་བསམ་གྱི་ང་རོ།
ཀན་སུའུ་ཞིང་ཆེན་ཀན་ལྷོ་ཁུལ་ཐེ་བོ་རྫོང་གི་ཚོང་རམས་པ་གླང་བོ་ཐར་མཆོག་གིས་གཏན་མེད་སྦྱིན་པའི་ཕྱག་ཟུང་ཡངས་པོར་བརྐྱངས་ཏེ། དམངས་སྒོར་ཁྲི་སུམ་ཅུ་ལྷག་ཕངས་མེད་དུ་བཏང་ནས་རེབ་གོང་བོན་བརྒྱ་དགོན་པའི་དཔེ་ཁྲིད་ཁང་དང་གློག་ཀླད་ཁང་གསར་འཛུགས་དང་། བཀྲ་ཤིས་སྒོ་མང་མཆོད་རྟེན་གསར་བཞེངས་བཅས་ལ་རྒྱབ་སྐྱོར་བླ་ན་མེད་པ་མཛད་པར་མ་ཟད། བོད་ལྗོངས་ཀོང་པོ་ཡུལ་གྱི་སྟོན་པའི་སྐུ་ཤུག་དགོན་པ་གསར་དུ་བཞེངས་པ་ལའང་དམངས་སྒོར་ཁྲི་ཉི་ཤུ་ལྷག་ཞལ་འདེབས་སུ་ཕུལ་ཏེ། བསྟན་པའི་ཞབས་འདེགས་ཀྱི་ཁུར་ཆེན་སྦྱིན་པའི་སྟོབས་ཀྱིས་བཏེགས་ཤིང་། ཤེས་རིག་དཔལ་གྱི་ལམ་ཆེན་ལྷག་བསམ་ཤུགས་ཀྱིས་བསྐྲུན་པར་བྲེལ་གྱིན་ཡོད། |

