༄༅། །ཞང་ཞུང་རིག་གནས་ཤུལ་བཞག་མྱུར་སྐྱོབ་དང་སྲུང་སྐྱོབ་སྐོར་གྱི་ཞིབ་འཇུག་ཚོགས་འདུ།

༡ ཚོགས་འདུའི་དམིགས་ཡུལ། 
         ཞང་ཞུང་རིག་གནས་ཀྱི་ཤུལ་བཞག་ནི་བོད་ཀྱི་ཤེས་རིག་གི་གཞི་མ་ཡིན་པ་དང་བོད་རིག་གནས་ཀྱི་གཙོ་བོའི་གྲུབ་ཆ་ཞིག་ཡིན་ལ། དེ་སྔ་ཞང་ཞུང་ཁུལ་གྱི་སྲིད་འབྱོར་རིག་གསུམ་གྱི་ལྟེ་གནས་ཀྱང་ཡིན་པའི་མངའ་རིས་ས་ཁུལ་འདིར་ཆེས་གདོད་མ་ནས་དང༌། ཞང་ཞུང་དུས། བསྟན་པ་ཕྱི་དར་གྱི་དུས་རྣམས་སུ་བྱུང་བའི་རིག་གནས་ཤུལ་བཞག་ཤིན་ཏུ་མང་པོ་ད་ལྟའང་མཐོང་བའི་ཡུལ་དུ་གྱུར་ཡོད། ལྷག་པར་དུ་ལྡེབས་རིས་སྒྱུ་རྩལ་ནི་མངའ་རིས་ཙམ་མ་ཟད། བོད་ཡོངས་ནས་ཀྱང་འགྲན་ཟླ་མེད་པའི་ཤུལ་བཞག་གཙིགས་ཆེན་གྱི་གྲས་ཞིག་ཡིན། ཤུལ་བཞག་དེ་དག་གིས་ང་ཚོར་ལོ་རྒྱུས་དང་སྒྱུ་རྩལ། དམངས་སྲོལ་སོགས་ལ་ཞིབ་འཇུག་བསྔོག་འདོན་བྱེད་པར་ནུས་པ་ངེས་ཅན་ཐོན་ངེས་ཡིན་པ་མ་ཟད། རིན་ཐང་དང་བྲལ་བའི་རྩ་ཆེའི་ནོར་བུ་ཞིག་ཏུ་འགྱུར་ཡོད། ཡིན་ན་ཡང་དེང་སང་དུས་ཀྱི་འགྱུར་བ་དང༌། རང་བྱུང་གི་སྐྱོན། མིས་བཟོས་ཀྱི་གེགས་བར་སོགས་ཉམས་ཉེས་ཤིན་ཏུ་ཆེན་པོར་འགྲོ་བཞིན་ཡོད།

        དེ་སྔ་སྤྱི་ལོ༢༠༠༢ནས་ངེད་ཚོགས་པའི་མི་སྣ་ཁ་ཤས་ལྡེབས་རིས་ཡོད་པའི་ཕུག་པ་མང་པོར་ཐེངས་མང་སྐོར་བསྐྱོད་དང༌། ཞིབ་འཇུག་བྱེད་པར་ཕྱིན་ཡོད་པ་དང༌། ལྷག་པར་དུ་སྤྱི་ལོ༢༠༠༧ལོར་དགེ་སློང་བསྟན་འཛིན་དབང་གྲགས་ཀྱི་བཀའ་བཀོད་ལྟར་ཆེད་མངགས་ལས་མི་དང་ཆེད་ལས་མི་སྣ་སྒྲིག་འཛུགས་བྱས་ཏེ་མངའ་རིས་ཁུལ་གྱི་ལྡེབས་རིས་ལྡན་པའི་ཕུག་པ་ཡོད་ཚད་ཀྱི་གནས་ཚུལ་དངོས་ལ་བརྟག་དཔྱད་དང༌། ཚད་འཇལ། ཐོ་བཀོད་བྱས་ཏེ་ད་ཆ་སྲུང་སྐྱོབ་ཀྱི་འཆར་གཞི་བཟོས་ཏེ་མི་འགྱངས་བར་ལག་བསྟར་བྱ་རྒྱུ་ཡིན་པས་ལས་དོན་དེའི་ཐད་དུ་ཞིབ་འཇུག་དང་གྲོས་བསྡུར་གནང་བ།
༢ ཚོགས་ཞུགས་མི་སྣ།
བློ་བཟང་བཀྲ་ཤིས། རང་སྐྱོང་ལྗོངས་རིག་དངོས་ཅུས་ཀྱི་ཅུས་ཀྲང་གཞོན་པ།
ཚེ་རིང༌། ཚོགས་གཙོ་སྐུ་གཞོན། དེ་སྔ་མངའ་རིས་ས་གནས་ཀྱི་སྲིད་འཛིན་དཔོན་གཞོན་པ་དང༌། རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཁྲིམས་ཨུད་ཀྱི་ཀྲུའུ་རིན།
རིན་ཆེན་ལྷུན་གྲུབ། དང་བླངས་མི་སྣ། དེ་སྔ་མངའ་རིས་ས་ཁུལ་སྲིད་འཛིན་དཔོན་གཞོན་པ། ད་ལྟ་རང་སྐྱོང་ལྗོངས་ཚན་རྩལ་མཐུན་ཚོགས་ཀྱི་ཚོགས་གཙོ་སྐུ་གཞོན།
འཕྲིན་ལས་མཐར་ཕྱིན། དང་བླངས་མི་སྣ། དེ་སྔ་མངའ་རིས་སྲིད་གྲོས་ཀྲུའུ་ཞི་སྐུ་གཞོན། རིག་གནས་ཅུས་ཀྲང༌།
ཉི་མ་ཟླ་བ། དང་བླངས་མི་སྣ། མངའ་རིས་རིག་གནས་ཅུས་ཀྱི་དབུ་འཛིན།
བསྟན་པའི་ཉི་མ། ཚོགས་གཙོ་སྐུ་གཞོན། ད་ལྟ་ནག་ཆུ་ས་ཁུལ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་སྐུ་གཞོན།
འཕྲིན་ལས་ཆོས་གྲགས། རྒྱུན་ལས་ལས་འཛིན། དེ་སྔ་རྟེན་རྫས་བཤམས་མཛོད་ཁང་གི་དབུ་འཛིན། ད་ལྟ་བོད་ལྗོངས་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ། ཞིབ་འཇུག་སློབ་མའི་སློབ་དཔོན། ཞང་ཞུང་རིག་གནས་ཤུལ་བཞག་ཞིབ་འཇུག་ཁང་གི་དབུ་འཛིན།
ཞུང་ཀརྨ་རྒྱལ་མཚན། དྲུང་ཆེ། མངའ་རིས་སྨན་རྩིས་ཁང་གི་ལས་མི།
འཕན་པོ་རྒྱལ་མཚན། དྲུང་ཆེ་གཞོན་པ། ལྷ་ས་ཀུན་ཕན་ཐེབས་རྩ་ཚོགས་པའི་ལས་མི།
ལྷག་སྒྲོན། ལྷ་སའི་གཞུང་ལས་ཁང་གི་ཀྲུའུ་རིན་གཞོན་པ། ཆུ་ཤུར་རྫོང་བཟོ་ཚོང་ཅུས་ཀྱི་དབུ་འཛིན།
ཀྲའོ་ཧུད། སྒྱུ་རྩལ་འཆར་འགོད། ཞང་ཞུང་རིག་གནས་ཤུལ་བཞག་ཞིབ་འཇུག་ཁང༌།
ཚེ་རིང་དཔལ་རྒྱལ། དང་བླངས་མི་སྣ། ལྗོངས་བརྙན་འཕྲིན་ཁང༌།
༣ འཚོགས་དུས།
༢༠༠༨ལོའི་ཟླ་བ༡༡པའི་ཚེས་༧གྱི་སྔ་དྲོའི་དུས་ཚོད༡༠དང་སྐར་མ༣༠
༤ འཚོགས་གནས།
ལྷ་ས་འདམ་རྭ་ནུབ་ལམ་ཨང་༧ཞང་ཞུང་རིག་གནས་དར་རྒྱས་ཚོགས་པའི་ལྷ་སའི་གཞུང་ལས་ཁང༌།

 

青ICP备08000069号
QQ:568095347
E-mail:liamrgbm@yahoo.com.cn

པར་དབང་རེབ་གོང་བོན་མང་དྲ་བར་དབང་བས་གཞན་གྱིས་མི་སྤྱོད་པར་མཁྱེན།
བོད་ཀྱི་ཆ་འཕྲིན་ལག་རྩལ་དྲ་བས་ལག་རྩལ་ཕྱོགས་ནས་རོགས་སྐྱོར་བྱས་པར་ཐུགས་རྗེ་ཆེ་ཞུ།