༄༅། ། ༢༠༠༩ལོའི་རྒྱ་ལོའི་སྒྲུབ་མཆོད་ཆེན་མོ།

     ༢༠༠༩ ལོའི་རྒྱ་ལོའི་སྒྲུབ་མཆོད་ཆེན་མོ་ནི་རྒྱ་ལོའི་ཚེས ༥ ནས ༨ བར་རེབ་གོང་སྤྱི་ཚང་གདོང་མགོ་ཚང་ཐེག་ཆེན་སྨིན་གྲོལ་རྒྱ་མཚོའི་གླིང་དུ་འཚོགས་ཤིང་། རེབ་འདིའི་དབུ་མཛད་ཆེན་མོ་ནི་ཧོར་སྙན་བཟང་རི་གོང་མའི་སྔགས་འཆང་ཚེ་རིང་བསམ་མཁོ་དང་། ཁྲི་བ་སྤྱི་རྟིང་ཤ་བོ་ནམ་མཁའ། དགེ་བསྐོས་ཆེན་མོ་སྤྱི་རྟིང་དཀོན་མཆོག་ཚེ་བརྟན་དང་སྨད་པ་ཁྱུང་བོའི་ལྕགས་ཐར་གཉིས་ཡིན། ཐེངས་འདིར་བསྡོམས་པས་རིག་འཛིན་འདུས་པ ༦༠༠ ལྷག་འདུས་ཡོད་ལ། ལྷག་པར་དུ་ཚེས ༥ ཉིན་སྐྱབས་རྗེ་བླ་མ་བོན་བརྒྱ་རིན་པོ་ཆེ་ཡང་ཚོགས་མགོར་ཆིབས་བསྒྱུར་གནང་བ་མ་ཟད་དགེ་བསྐུལ་གྱི་ཞལ་ཏ་སློབ་གསོ་ཡང་མང་དུ་བསྩལ་བ་ལགས་སོ། །

སྐྱབས་རྗེ་བླ་མ་བོན་བརྒྱ་རིན་པོ་ཆེ་ཚོགས་གྲལ་དུ་བཞུགས་པ།

རིག་འཛིན་འདུས་པ་རྒྱ་མཚོ་ཡར་འཚོགས་བྱེད་པའི་བསུ་མ།

དགེ་བསྐོས་ཆེན་མོ་རྣམ་གཉིས།

བོན་མང་ཁྲི་བ་ཤ་བོ་ནམ་མཁའ།

བོན་མང་སྔགས་འཆང་ཚོས་གར་འཆམ་ལ་གཟིགས་པ།

青ICP备08000069号
QQ:568095347
E-mail:liamrgbm@yahoo.com.cn

པར་དབང་རེབ་གོང་བོན་མང་དྲ་བར་དབང་བས་གཞན་གྱིས་མི་སྤྱོད་པར་མཁྱེན།
བོད་ཀྱི་ཆ་འཕྲིན་ལག་རྩལ་དྲ་བས་ལག་རྩལ་ཕྱོགས་ནས་རོགས་སྐྱོར་བྱས་པར་ཐུགས་རྗེ་ཆེ་ཞུ།