དཔྱད་གླེང་ལོ་དེབ༼མུ་ཁྲི་བཙན་པོ༽འི་རྩོམ་བསྡུ་གསལ་བརྡ།

བོན་དང་འབྲེལ་བའི་དཔྱད་གླེང་ལོ་དེབ༼མུ་ཁྲི་བཙན་པོ༽འི་རྩོམ་བསྡུ་གསལ་བརྡ།


      བོད་ཀྱི་རིག་གཞུང་སྤྱི་དང་སྒོས་སུ་བོད་ཀྱི་ཐོག་མའི་བསྟན་པ་གཡུང་དྲུང་གི་བོན་རིན་པོ་ཆེའི་མདོ་སྔགས་རིག་གནས་ཀྱི་གཞུང་ལུགས་ལ་ཆེད་གཉེར་བ་དང་ཞིབ་འཇུག་མཁན་སོགས་ཀྱི་གཞི་བྱེས་ཀྱི་རྩོམ་པ་པོ་དང་ཞིབ་འཇུག་གི་བྱ་བཞག་ལ་བྱས་རྗེས་འཇོག་དང་འཇོག་བཞིན་པའི་རྒྱ་ཆེ་བའི་གྲོགས་པོ་རྣམ་པར་ཞུ་གསོལ།
གཡུང་དྲུང་བོན་དང་འབྲེལ་བའི་དཔྱད་གླེང་ལོ་དེབ༼མུ་ཁྲི་བཙན་པོ༽ཞེས་པའི་འདོན་ཐེངས་བཞི་བ་དངོས་སུ་ལྟ་གོན་ལ་ཉེ་བའི་སྐབས་འདིར་མཆེད་གྲོགས་རྣམ་པས་ཕྱག་ཟུང་བརྐྱངས་ཏེ་རྩོམ་ཡིག་ཅི་རིགས་གནང་བར་རེ་ཞུ་ཆེའོ།
      རྩོམ་ཡིག་གི་ནང་དོན་གལ་ཆེན་གཉེར་བ་ལ་གཡུང་དྲུང་བོན་དང་འབྲེལ་བའི་དཔྱད་རྩོམ་དང་དེ་དང་འབྲེལ་བའི་ལོ་རྒྱུས་གཞུང་ལུགས་ཤེས་རིག་སོགས་ཀྱི་སྐོར་ཡིན་དགོས་ལ།
ལེ་ཚན་ཆེད་བསྒྲིགས།
༡ གཡུང་དྲུང་བོན། ༢ ཞང་བོད་ཤེས་རིག ༣ རྒྱལ་རབས་ལོ་རྒྱུས། ༤ དགོན་སྡེའི་ལོ་རྒྱུས། ༥ གནའ་བོའི་དམངས་སྲོལ། ༦ བསྒྱུར་རྩོམ་བདམས་བསྒྲིགས། ༧ སྐྱེས་ཆེན་ངོ་སྤྲོད། ༨ ལེགས་བཤད། ༩ གནས་ཚུལ་འཕྲིན་གསར། ༡༠ བོན་དང་འབྲེལ་བའི་དྲི་བ་དྲིས་ལན། ༡༡ གནའ་བོའི་ཡིག་རིགས།
གོང་གི་ལེ་ཚན་དང་འབྲེལ་བའི་རྩོམ་ཡིག་གང་མྱུར་གྱིས་བསྐུར་བར་འཚལ།
རྩོམ་བསྐུར་ཡུལ།
ས་གནས།
གློག་རྡུལ་ཡིག་སྒམ།   rinpungtsulten@yahoo.cn
འབྲེལ་གཏུགས་ཁ་པར། ༡༣༩༩༠༤༡༨༧༧༣    ༡༣༠༤༦༥༦༥༧༧༣    ༡༥༡༠༩༤༠༨༧༧༣ གང་རུང་ལ་འབྲེལ་བ་གནང་ན་འགྲིག
 

青ICP备08000069号
QQ:568095347
E-mail:liamrgbm@yahoo.com.cn

པར་དབང་རེབ་གོང་བོན་མང་དྲ་བར་དབང་བས་གཞན་གྱིས་མི་སྤྱོད་པར་མཁྱེན།
བོད་ཀྱི་ཆ་འཕྲིན་ལག་རྩལ་དྲ་བས་ལག་རྩལ་ཕྱོགས་ནས་རོགས་སྐྱོར་བྱས་པར་ཐུགས་རྗེ་ཆེ་ཞུ།