༼ཧི་མ་ལ་ཡའི་བོན༽དྲ་ཚིགས་དངོས་སུ་ཤར་གཏོང་བྱས་པ།

   ༼ཧི་མ་ལ་ཡའི་བོན༽དྲ་ཚིགས་དངོས་སུ་ཤར་གཏོང་བྱས་པ། 

དེ་ཡང་བོད་གངས་ཅན་གྱི་ལྗོངས་འདིར། ཤེས་རིག་ཀུན་གྱི་རྨང་གཞི་དང་ཐོག་མ་ཉིད་དུ་གྱུར་བ་ནི། འཕྲུལ་ངག་གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་ཆེ་འདི་ཉིད་ལགས་ཤིང༌། དེ་ནི་གཤེན་རབ་སྟོན་པའི་ཕྲིན་ལས་ཀྱི་གསང་བ་བསམ་མི་ཁྱབ་པ་ལས། སྟེང་ལྷ་ཡུལ་དང༌། འོག་ཀླུ་ཡུལ། བར་མི་ཡུལ་གསུམ་དུ་བསྒྲགས་ཏེ་དར་བ་ཡིན་ལ། དར་ཁྱབ་ཡུན་གནས་དང༌། འཕེལ་རྒྱས་ལེགས་ལམ་གྱི་བྱེད་སྒོ་དང་བསྟུན་ཏེ། བསྟན་པ་རིན་པོ་ཆེ་འདི་ཉིད། ས་གནས་དང་ཡུལ་གྲུ་སོ་སོ་ལས་འཛམ་གླིང་ཁྱབ་གདལ་དུ་གཏོང་བར་ཁ་ཕྱོགས་ཏེ། རྒྱུ་འབྲས་གཉིས་ཀྱིས་བསྡུས་པའི་གཡུང་དྲུང་བོན་གྱི་རང་བཞིན་ངོ་སྤྲོད་དང་གནས་ཚུལ་གསལ་སྒྲོག་གི་ཐབས་ལམ་གལ་ཆེན་དུ་དམིགས་ཏེ་༼ཧི་མ་ལ་ཡའི་བོན༽དྲ་ཚིགས་འདི་གསར་དུ་བཟོས་པ་ཡིན། རྒྱ་ཆེ་བའི་ཀློག་པ་པོ་དག་གཟིགས་ཕེབས་གནང་བའི་དགའ་བསུ་སོགས་ཞུ་བཞིན་ཡོད། །

青ICP备08000069号
QQ:568095347
E-mail:liamrgbm@yahoo.com.cn

པར་དབང་རེབ་གོང་བོན་མང་དྲ་བར་དབང་བས་གཞན་གྱིས་མི་སྤྱོད་པར་མཁྱེན།
བོད་ཀྱི་ཆ་འཕྲིན་ལག་རྩལ་དྲ་བས་ལག་རྩལ་ཕྱོགས་ནས་རོགས་སྐྱོར་བྱས་པར་ཐུགས་རྗེ་ཆེ་ཞུ།