གཡུང་དྲུང་བོན་འཛིན་སྐྱོང་མཉམ་འབྲེལ་མཐུན་ཚོགས་ཀྱི་རྒྱུན་ལས་ལས་འཛིན་ཚོགས་འདུ་ཐེངས་དང་པོའི་སྐབས་ཀྱི་གནས་ཚུལ།

      ༢༠༡༠ལོའི་སྤྱི་ཟླ་༧ཚེས་༡༨ནས་ཚེས་༢༠བར་ཉིན་གསུམ་གྱི་རིང་ལ། སངས་རྒྱས་གཡུང་དྲུང་བོན་འཛིན་སྐྱོང་མཉམ་འབྲེལ་མཐུན་ཚོགས་ཀྱི་རྒྱུན་ལས་ལས་འཛིན་ཚོགས་འདུ་ཐེངས་དང་པོ། མདོ་སྨད་རྩེ་ཞིག་དགོན་གཡུང་དྲུང་བོན་བསྟན་འཕེལ་རྒྱས་གླིང་དུ་གཟབ་རྒྱས་ངང་འཚོགས་པ།
    དེ་ཡང་བོན་གྱི་ལོ་རྒྱུས་རྣམས་སུ་མདོ་སྨད་ཞིག་ཆེན་བཅོ་བརྒྱད་ཅེས་བཤད་པ་ལས། རྩེ་ཞིག་ཚང་ཞེས་སྙན་པའི་གྲགས་པ་དཀར་པོ་བྱང་རྒྱུད་ས་ཡི་ཐིག་ལེ་ནས་མཆེད་དེ། གོ་ལ་ཧྲིལ་བོའི་ཁྱོན་ལ་རྣམ་པར་བརྒལ་བ་དེའི་གདན་ས་ཆེན་པོར་གཟུགས་སྐུ་མངོན་པར་བལྟམས་པ་སྟེ། རྩེ་ཞིག་ཚང་ཤེས་རབ་བསྟན་པའི་ཟླ་བ་མཆོག་གིས། གངས་ཏི་སེ་བོན་གཞུང་རིག་མཛོད་དཔེ་ཚོགས་ཆེན་མོ་དངོས་སུ་ལེགས་འགྲུབ་བྱུང་བའི་དགའ་སྟོན་རྟེན་འབྲེལ་གྱི་མཛད་སྒོ་རྒྱ་ཆེར་སྤེལ་བ་དང་དུས་མཚུངས་སུ། སངས་རྒྱས་གཡུང་དྲུང་བོན་འཛིན་སྐྱོང་མཉམ་འབྲེལ་མཐུན་ཚོགས་ཀྱི་རྒྱུན་ལས་ལས་འཛིན་ཚོགས་འདུ་ཐེངས་དང་པོ་དེ། རྩེ་ཞིག་ཚང་ཤེས་རབ་བསྟན་པའི་ཟླ་བ་རིན་པོ་ཆེས་ད་ཐེང་གི་ཚོགས་འདུའི་སྦྱིན་བདག་མཛད་ཐོག རྩེ་ཞིག་དགོན་དོ་དམ་ཨུ་ལྷན་དང་བཤད་སྒྲུབ་སློབ་གླིང་། དགོན་པའི་གྲྭ་བཙུན་རྒན་གཞོན་ཡོངས་ཀྱིས་རྒྱབ་སྐྱོར་དང་སྣེ་ལེན་བྱས་ཐོག རྒྱུན་ལས་ལས་འཛིན་པ་དང་མཚོ་སྔོན་རེབ་གོང་བོན་མང་དྲ་བའི་ལས་སྒྲུབ་གསར་འགོད་པ། ཧི་མ་ལ་ཡའི་བོན་གྱི་དྲ་གནས་ལས་སྒྲུབ་གསར་འགོད་པ། ད་དུང་རྒྱལ་ས་པེ་ཅིང་ནས་ཕེབས་པའི་རྒྱ་རིགས་སྐུ་མགོན་ཟུར་ཞུགས་པ་འགའ་བཅས་མི་སྣ་སུམ་ཅུ་ལྷག་གཟབ་རྒྱས་ཀྱི་ངང་ནས་འཚོགས་ཐུབ་པ་བྱུང་།
      སྤྱི་ཟླ༧ཚེས༡༦ཉིན་དྲུང་ཆེ་གཙོ་གཞོན་དང་དྲུང་ཡིག་པ་རྣམས་རྩེ་ཞིག་དགོན་དུ་འབྱོར་ཞིང་ཚེས༡༨ཉིན་དྲུང་ཡིག་ཚོགས་པས་ཚོགས་འདུའི་གྲོས་གཞི་དང་མིང་ཐོ་འགོད་ས་སོགས་གཏན་འབེབས་བྱས། དེ་ཉིན་ཕྱི་དྲོ་དང་ཚེས༡༨ཉིན་ཚོགས་ཞུགས་ལྷན་རྒྱས་ནས་ཀན་སུའུ་ཞིང་ཆེན་ཀན་ལྷོ་ཁུལ་བསང་ཆུ་རྫོང་རྟ་མཆོག་མགྲོན་ཁང་དུ་མིང་འགོད་བྱས། དགོང་ཁར་བླ་བྲང་མགྲོན་ཁང་ཆེན་མོར་བཞེས་ཚ་གནང་རྗེས་ཕྱིར་བླ་བྲང་རྟ་མཆོག་མགྲོན་ཁང་དུ་ཕེབས་ནས་བཞུགས། ཚེས༡༩ཉིན་གྱི་ཞོགས་པར་ཚོགས་ཞུགས་ལྷན་རྒྱས་བླ་བྲང་བཀྲ་ཤིས་འཁྱིལ་ནས་རླངས་འཁོར་དུ་བསྡད་དེ་ཁོད་ཡངས་པའི་རྒན་གྱ་རྩྭ་ཐང་དུ་བསྐྱོད་ཅིང་ཆུ་ཚོད་བརྒྱད་པའི་སྟེང་། རྩེ་ཞིག་དགོན་བཤད་སྒྲུབ་སློབ་གླིང་གི་ཐོག་ཁང་མདུན་ནས། ཚོགས་པའི་མཚན་འཛིན་ཚོགས་གཙོའམ་བློ་འདྲི་ཞུ་ཡུལ་སྣང་ཞིག་རྒྱལ་ཚབ་བསྟན་འཛིན་དབང་རྒྱལ་རིན་པོ་ཆེ་གཙོ་མཛད་པའི་ཚོགས་མི་ཡོངས་ཀྱིས། གཡུང་དྲུང་བསྟན་པ་རྒྱས་པའི་སྨོན་ལམ་གསུང་བཞིན་བསྟན་པའི་དར་ཆེན་མཁའ་ལ་བསྒྲེངས་པ་དང་ཆབས་ཅིག སངས་རྒྱས་གཡུང་དྲུང་བོན་འཛིན་སྐྱོང་མཉམ་འབྲེལ་མཐུན་ཚོགས་ཀྱི་སྐབས་དང་པོའི་རྒྱུན་ལས་ལས་འཛིན་ཚོགས་འདུ་རེ་ལྟོས་དང་ཡིད་ཆེས་ཀྱི་ངང་ནས་དངོས་སུ་འགོ་བརྩམས། ཉིན་གུང་གི་བཞེས་པ་གནང་རྗེས། རྒྱུན་ལས་ཚོགས་པའི་བླ་མ་སྐྱེས་ཆེན་དང་དགེ་བའི་བཤེས་གཉེན་ལྷན་རྒྱས་ནས། རྩེ་ཞིག་དགོན་པའི་ལྷ་ཁང་དང་རྟེན་བཞེངས་རྣམས་ལ་གཟིགས་མོ་དང་རབ་གནས་མཛད།དགོང་ཁའི་ཆུ་ཚོད༥དང་ཕྱེད་ཀའི་སྟེང་ཉིན་གང་བོའི་ཚོགས་འདུ་མཇུག་བསྒྲིལ་ནས་དགོན་པ་དེ་གར་བཞེས་ཚ་གནང་། ཆུ་ཚོད༦དང་ཕྱེད་ཀའི་སྟེང་། ཚོགས་ཞུགས་ལྷན་རྒྱས་རླངས་འཁོར་དུ་བཞུགས་ནས་ཕྱིར་བསང་ཆུ་རྫོང་རྟ་མཆོག་མགྲོན་ཁང་ལ་ཕེབས་ནས་ད་ལྟ་སྐུ་ངལ་གསོ་བའི་སྒང་ལགས། སང་ཉིན་ཏེ་ཚེས༢༠ཉིན་གྱི་ཞོགས་ཀའི་ཆུ་ཚོད་བརྒྱད་པ་ནས་བསང་ཆུ་རྫོང་བླ་བྲང་མགྲོན་ཁང་ཆེན་མོ་ནས་གྲོས་ཚོགས་ཀྱི་མུ་མཐུད་ནས་ཡང་བསྐྱར་འཚོགས་རྒྱུ་ཡིན་པ་དང་། ཚེས༢༡ཉིན་གྱི་ཞོགས་པར་ཐེང་འདིའི་རྒྱུན་ལས་ལས་འཛིན་ཚོགས་འདུ་རྒྱལ་ཁ་དང་གཟི་བརྗིད་ཀྱི་ངང་ནས་གྲོལ་རྒྱུ་ཡིན་པ་དང་བཅས་ལགས་སོ།།


གཡུང་དྲུང་བོན་འཛིན་སྐྱོང་མཉམ་འབྲེལ་མཐུན་ཚོགས་ཀྱི་རྒྱུན་ལས་ལས་འཛིན་ཚོགས་འདུ་ཐེངས་དང་པོའི་སྐབས་ཀྱི་གནས་ཚུལ།
རྩེ་ཞིག་དགོན་གཡུང་དྲུང་བོན་བསྟན་འཕེལ་རྒྱས་གླིང་།
གཡུང་དྲུང་བོན་འཛིན་སྐྱོང་མཉམ་འབྲེལ་མཐུན་ཚོགས་ཀྱི་རྒྱུན་ལས་ལས་འཛིན་ཚོགས་འདུ་ཐེངས་དང་པོའི་སྐབས་ཀྱི་གནས་ཚུལ།
འཐུས་མི་ལྷན་རྒྱས་ཚོགས་རར་ཕེབས་བཞིན་པ།

གཡུང་དྲུང་བོན་འཛིན་སྐྱོང་མཉམ་འབྲེལ་མཐུན་ཚོགས་ཀྱི་རྒྱུན་ལས་ལས་འཛིན་ཚོགས་འདུ་ཐེངས་དང་པོའི་སྐབས་ཀྱི་གནས་ཚུལ།
འཐུས་མི་ལྷན་རྒྱས་ནས་ལྷ་བསང་བཏང་སྟེ་བསྟན་སྐྱོང་སྲུང་མར་མཆོད་པ།

གཡུང་དྲུང་བོན་འཛིན་སྐྱོང་མཉམ་འབྲེལ་མཐུན་ཚོགས་ཀྱི་རྒྱུན་ལས་ལས་འཛིན་ཚོགས་འདུ་ཐེངས་དང་པོའི་སྐབས་ཀྱི་གནས་ཚུལ།
འཐུས་མི་ལྷན་རྒྱས་ནས་བཀྲ་ཤིས་གཡང་འབོད་གསུངས་བཞིན་པ།
གཡུང་དྲུང་བོན་འཛིན་སྐྱོང་མཉམ་འབྲེལ་མཐུན་ཚོགས་ཀྱི་རྒྱུན་ལས་ལས་འཛིན་ཚོགས་འདུ་ཐེངས་དང་པོའི་སྐབས་ཀྱི་གནས་ཚུལ།
མཚན་འཛིན་ཚོགས་གཙོ་རྒྱ་འོབས་རིན་པོ་ཆེ་དང་སྐྱང་སྤྲུལ་རིན་པོ་ཆེ། ཁྲི་བ་རིན་པོ་ཆེ་གསུམ་ནས་བསྟན་པའི་དར་ཆེན་སྒྲེང་བཞིན་པ།
གཡུང་དྲུང་བོན་འཛིན་སྐྱོང་མཉམ་འབྲེལ་མཐུན་ཚོགས་ཀྱི་རྒྱུན་ལས་ལས་འཛིན་ཚོགས་འདུ་ཐེངས་དང་པོའི་སྐབས་ཀྱི་གནས་ཚུལ།
བླ་གྲྭ་ཡོངས་ཀྱིས་བསྟན་རྒྱས་སྨོན་ལམ་གསུངས་བཞིན་པ།
གཡུང་དྲུང་བོན་འཛིན་སྐྱོང་མཉམ་འབྲེལ་མཐུན་ཚོགས་ཀྱི་རྒྱུན་ལས་ལས་འཛིན་ཚོགས་འདུ་ཐེངས་དང་པོའི་སྐབས་ཀྱི་གནས་ཚུལ།
ཐེངས་འདིའི་ཚོགས་གཙོ་བླ་སྤྲུལ་རྣམས་ཚོགས་དབུར་བཞུགས་པ།
གཡུང་དྲུང་བོན་འཛིན་སྐྱོང་མཉམ་འབྲེལ་མཐུན་ཚོགས་ཀྱི་རྒྱུན་ལས་ལས་འཛིན་ཚོགས་འདུ་ཐེངས་དང་པོའི་སྐབས་ཀྱི་གནས་ཚུལ།
ཚོགས་མི་ཡོངས་ཀྱིས་རྩེ་ཞིག་ཚང་ཤེས་རབ་བསྟན་པའི་ཟླ་བ་རིན་པོ་ཆེ་ཚང་ལ་བཀའ་དྲིན་ཞུ་བཞིན་པ།
གཡུང་དྲུང་བོན་འཛིན་སྐྱོང་མཉམ་འབྲེལ་མཐུན་ཚོགས་ཀྱི་རྒྱུན་ལས་ལས་འཛིན་ཚོགས་འདུ་ཐེངས་དང་པོའི་སྐབས་ཀྱི་གནས་ཚུལ།
རྒྱུན་ལས་ཚོགས་མི་ལྷན་རྒྱས་ཡོངས་ནས་ཚོགས་འདུ་འདི་དང་འབྲེལ་བའི་གཏམ་བཤད་གནང་བཞིན་པ། ༼གཏམ་བཤད་གྱི་གོ་རིམ་ལྟར་བསྒྲིགས། ༽
གཡུང་དྲུང་བོན་འཛིན་སྐྱོང་མཉམ་འབྲེལ་མཐུན་ཚོགས་ཀྱི་རྒྱུན་ལས་ལས་འཛིན་ཚོགས་འདུ་ཐེངས་དང་པོའི་སྐབས་ཀྱི་གནས་ཚུལ།
ཚོགས་མི་ལྷན་རྒྱས་ཡོངས་ཀྱི་མཉམ་པར།

གཡུང་དྲུང་བོན་འཛིན་སྐྱོང་མཉམ་འབྲེལ་མཐུན་ཚོགས་ཀྱི་རྒྱུན་ལས་ལས་འཛིན་ཚོགས་འདུ་ཐེངས་དང་པོའི་སྐབས་ཀྱི་གནས་ཚུལ།
དད་ལྡན་མང་ཚོགས་རྣམས་ཀྱིས་མཇལ་ཁ་ཞུ་བཞིན་པ།
གཡུང་དྲུང་བོན་འཛིན་སྐྱོང་མཉམ་འབྲེལ་མཐུན་ཚོགས་ཀྱི་རྒྱུན་ལས་ལས་འཛིན་ཚོགས་འདུ་ཐེངས་དང་པོའི་སྐབས་ཀྱི་གནས་ཚུལ།
གཡུང་དྲུང་བོན་འཛིན་སྐྱོང་མཉམ་འབྲེལ་མཐུན་ཚོགས་ཀྱི་རྒྱུན་ལས་ལས་འཛིན་ཚོགས་འདུ་ཐེངས་དང་པོའི་སྐབས་ཀྱི་གནས་ཚུལ།
ཉིན་གཉིས་པར་ཚོགས་མི་ལྷན་རྒྱས་བླ་བྲང་བཀྲ་ཤིས་འཁྱིལ་དུ་ཕེབས་ནས་གྲོས་ཆོད་ཚོགས་འདུ་འཚོགས་པ།

གཡུང་དྲུང་བོན་འཛིན་སྐྱོང་མཉམ་འབྲེལ་མཐུན་ཚོགས་ཀྱི་རྒྱུན་ལས་ལས་འཛིན་ཚོགས་འདུ་ཐེངས་དང་པོའི་སྐབས་ཀྱི་གནས་ཚུལ།

སྐྱབས་རྗེ་བླ་མ་བོན་བརྒྱ་རིན་པོ་ཆེ་ཚོགས་འདུར་ཕེབས་པ།

གཡུང་དྲུང་བོན་འཛིན་སྐྱོང་མཉམ་འབྲེལ་མཐུན་ཚོགས་ཀྱི་རྒྱུན་ལས་ལས་འཛིན་ཚོགས་འདུ་ཐེངས་དང་པོའི་སྐབས་ཀྱི་གནས་ཚུལ།

སྐྱབས་རྗེ་བླ་མ་བོན་བརྒྱ་རིན་པོ་ཆེ་ཚོགས་དབུར་བཞུགས་པ།

གཡུང་དྲུང་བོན་འཛིན་སྐྱོང་མཉམ་འབྲེལ་མཐུན་ཚོགས་ཀྱི་རྒྱུན་ལས་ལས་འཛིན་ཚོགས་འདུ་ཐེངས་དང་པོའི་སྐབས་ཀྱི་གནས་ཚུལ།

ཚོགས་མི་ལྷན་རྒྱས་ནས་བླ་བྲང་མགྲོན་ཁང་ཆེན་མོར་གསོལ་ཚིགས་ལ་རོལ་བཞིན་པ།

青ICP备08000069号
QQ:568095347
E-mail:liamrgbm@yahoo.com.cn

པར་དབང་རེབ་གོང་བོན་མང་དྲ་བར་དབང་བས་གཞན་གྱིས་མི་སྤྱོད་པར་མཁྱེན།
བོད་ཀྱི་ཆ་འཕྲིན་ལག་རྩལ་དྲ་བས་ལག་རྩལ་ཕྱོགས་ནས་རོགས་སྐྱོར་བྱས་པར་ཐུགས་རྗེ་ཆེ་ཞུ།