སྐྱབས་རྗེ་བོན་བརྒྱ་རིན་པོ་ཆེས་བཀའ་དབང་བསྩལ་བ།

   ཧོར་ཟླ་བཅུ་བའི་ཚེས་བཅུ་གཅིག་ནས་བཅུ་གཉིས་ཏེ་ཉིན་གཉིས་ཀྱི་རིང་ལ། འཛམ་གླིང་མཁས་པའི་གཙུག་རྒྱན་༧སྐྱབས་རྗེ་བླ་མ་བོན་བརྒྱ་རིན་པོ་ཆེ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ་མཆོག་གིས་རེབ་གོང་གསེར་མོ་ལྗོངས་ཀྱི་བྱང་ཕྱོགས་ཁྱུང་དཀར་ཚངས་པའི་གདན་ས་སྙན་བཟང་ཁྱུང་དཀར་བསྟན་པ་རྒྱ་མཚོའི་གླིང་དུ། དཔལ་སྐྱང་སྤྲུལ་ནམ་མཁའ་བསྟན་འཛིན་རིན་པོ་ཆེ་གཙོར་བྱས་པའི་རེབ་གོང་བོན་བརྒྱ་དགོན་སྨན་རི་བཤད་སྒྲུབ་སྨིན་གྲོལ་གླིང་གི་འདུས་པ་སྤྱི་དང་། རེབ་གོང་བོན་མང་ཕུར་ཐོག་སྟོང་དང་དགུ་བརྒྱའི་གསང་སྔགས་རིག་པ་འཛིན་པའི་སྡེ། དེ་མིན་ཕྱོགས་སོ་སོ་ནས་ཕེབས་པའི་བླ་སྤྲུལ་དང་འདུས་པ་སྟོང་ཕྲག་གསུམ་ལྷག་ལ། སྔགས་རྫོགས་པ་ཆེན་མོ་མཁའ་འགྲོའི་གསང་གཅོད་ཡིད་བཞིན་ནོར་བུའི་དབང་དང་ལྷན་སྐྱེས་དཀར་པོ་སུམ་སྦྱོར་གྱི་དབང་། སྙིང་པོ་རྣམ་གསུམ་དང་ཚེ་སྒྲུབ་ཀྱི་ལུང་བཅས་ཀྱི་བཀའ་དྲིན་བསྩལ་བས་དད་ལྡན་སྨིན་གྲོལ་སའི་རྡུལ་དང་མཉམ་པ་ཞིག་ཐར་བ་སྨིན་གྲོལ་གྱི་ལམ་ལ་བཀོད་པའོ། །

སྐྱབས་རྗེ་བོན་བརྒྱ་རིན་པོ་ཆེས་བཀའ་དབང་བསྩལ་བ།
གྲུབ་ཆེན་ཁྱུང་དཀར་ཚངས་པའི་གདན་ས་ཧོར་ནག་ཁྱུང་བོ་ལ་ཁ།
སྐྱབས་རྗེ་བོན་བརྒྱ་རིན་པོ་ཆེས་བཀའ་དབང་བསྩལ་བ།
ཁྱུང་བོ་ལ་ཁའི་གསས་ཁང་ཁྱུང་དཀར་བསྟན་པ་རྒྱ་མཚོའི་གླིང་།
སྐྱབས་རྗེ་བོན་བརྒྱ་རིན་པོ་ཆེས་བཀའ་དབང་བསྩལ་བ།
སྐྱབས་རྗེ་བོན་བརྒྱ་རིན་པོ་ཆེས་བཀའ་དབང་བསྩལ་བ།
 སྐྱབས་རྗེ་བླ་མས་བཀའ་དབང་སྩོལ་བཞིན་པ།

སྐྱབས་རྗེ་བོན་བརྒྱ་རིན་པོ་ཆེས་བཀའ་དབང་བསྩལ་བ།
དཔལ་སྐྱང་སྤྲུལ་རིན་པོ་ཆེ་མཆོག་གིས་རྗེ་བླ་མའི་བཀའ་དབང་ལ་གསན་བཞིན་པ།
སྐྱབས་རྗེ་བོན་བརྒྱ་རིན་པོ་ཆེས་བཀའ་དབང་བསྩལ་བ།
བོན་བརྒྱ་དགོན་པའི་འདུས་པ་སྤྱི་དང་རེབ་གོང་བོན་མང་གསང་སྔགས་རིག་པ་འཛིན་པའི་སྡེ་ཀུན་གྱིས་རྗེ་བླ་མའི་བཀའ་དབང་ལ་གསན་བཞིན་པ།
སྐྱབས་རྗེ་བོན་བརྒྱ་རིན་པོ་ཆེས་བཀའ་དབང་བསྩལ་བ།
དབང་བྱིན་འབེབ་ཀྱི་སྐབས།
སྐྱབས་རྗེ་བོན་བརྒྱ་རིན་པོ་ཆེས་བཀའ་དབང་བསྩལ་བ།
དད་ལྡན་མང་ཚོགས་རྣམས་ཀྱིས་རྗེ་བླ་མའི་བཀའ་དབང་ལ་གསན་བཞིན་པ།

青ICP备08000069号
QQ:568095347
E-mail:liamrgbm@yahoo.com.cn

པར་དབང་རེབ་གོང་བོན་མང་དྲ་བར་དབང་བས་གཞན་གྱིས་མི་སྤྱོད་པར་མཁྱེན།
བོད་ཀྱི་ཆ་འཕྲིན་ལག་རྩལ་དྲ་བས་ལག་རྩལ་ཕྱོགས་ནས་རོགས་སྐྱོར་བྱས་པར་ཐུགས་རྗེ་ཆེ་ཞུ།