རེབ་གོང་བོན་མང་གི་ལས་སྣ་གསར་དུ་བསྐོ་བཞག་བྱས་པ།

2012ལོའི་རྒྱ་ལོའི་ཚེས་བརྒྱད་ཉིན། རེབ་གོང་བོན་མང་རིག་འཛིན་འདུས་པ་རྒྱ་མཚོ་ཡོངས་ནས་བཀའ་གྲོས་གཅིག་མཐུན་གྱིས་སྐབས་རྗེས་མའི་དབུ་མཛད་དང་དགེ་བསྐོས་སོགས་ལས་སྣ་གསར་དུ་བསྐོ་བཞག་བྱས་པ་སྟེ། དགེ་བསྐོས་ཆེན་མོར་དར་གྲོང་བ་རིན་ཆེན་ལྷ་དང་སྤྱི་རྟིང་བ༼གད་པ་སྐྱ་བོ༽པདྨ་མཆོད་རྟེན་རྣམ་གཉིས་བསྐོ་བཞག་བྱས་ཤིང་། བྱིངས་འདྲེན་ཆེན་མོར་སྙན་བཟང་བ༼རུ་ཞོལ་མ༽མཁའ་བྱམས་ཚེ་རིང་བསྐོ་བཞག་བྱས། གཞན་ཡང་རྒྱ་གླིང་བ་དང་དུང་ཆེན་པ་སོགས་དར་གྲོང་ནས་བསྐོ་བཞག་བྱ་རྒྱུར་ཐག་གིས་བཅད་ཅིང་། དགེ་བསྐོས་ཆེན་མོ་རྡོ་རྗེ་ཚེ་རིང་ལགས་ནས་ལྷ་རྫས་གོས་དར་དང་བཅས་ཚོགས་མང་ལ་བརྒྱུད་དེ་གསར་དུ་བསྐོས་པའི་ལས་སྣར་ཁ་བཏགས་འཐེན་པ་དང་། ད་ལོའི་སྟོན་ཟླ་ར་བའི་སྒྲུབ་མཆོད་སྐབས་སུ་ཁྱུང་པོ་སྨད་པ་ནས་དངོས་སུ་འགན་ལེན་བྱ་ཐག་བཅད་པའོ། །
རེབ་གོང་བོན་མང་གི་ལས་སྣ་གསར་དུ་བསྐོ་བཞག་བྱས་པ།

དགེ་བསྒོས་ཆེན་མོ་རྡོ་རྗེ་ཚེ་རིང་ལགས་ནས་ལྷ་རྫས་གོས་དར་ཚོགས་མང་ལ་བརྒྱུད་དེ་གསར་དུ་བསྐོས་པའི་ལས་སྣར་ཁ་བཏགས་འཐེན་བཞིན་པ།

རེབ་གོང་བོན་མང་གི་ལས་སྣ་གསར་དུ་བསྐོ་བཞག་བྱས་པ།

གསར་དུ་བསྐོས་པའི་བྱིངས་འདྲེན་ཆེན་མོ་སྙན་བཟང་བ༼རུ་ཞོལ་མ༽མཁའ་བྱམས་ཚེ་རིང་།
རེབ་གོང་བོན་མང་གི་ལས་སྣ་གསར་དུ་བསྐོ་བཞག་བྱས་པ། 

གསར་དུ་བསྐོས་པའི་དགེ་བསྐོས་ཆེན་མོ་དར་གྲོང་བ་རིན་ཆེན་ལྷ་དང་སྤྱི་རྟིང་གད་པ་སྐྱ་བོའི་པདྨ་མཆོད་རྟེན་རྣམ་གཉིས།

青ICP备08000069号
QQ:568095347
E-mail:liamrgbm@yahoo.com.cn

པར་དབང་རེབ་གོང་བོན་མང་དྲ་བར་དབང་བས་གཞན་གྱིས་མི་སྤྱོད་པར་མཁྱེན།
བོད་ཀྱི་ཆ་འཕྲིན་ལག་རྩལ་དྲ་བས་ལག་རྩལ་ཕྱོགས་ནས་རོགས་སྐྱོར་བྱས་པར་ཐུགས་རྗེ་ཆེ་ཞུ།