རེབ་གོང་བོན་མང་འདུས་སྤྱི་ནས་དགོངས་རྫོགས་གདུང་མཆོད་ཕུལ་བ།

༄༅། །འཛམ་གླིང་བོན་འབངས་ཡོངས་རྫོགས་ཀྱི་དབུ་ཁྲིད༧ཞྭ་དཀར་བསྟན་པའི་གཙུག་རྒྱན༧རྒྱལ་བ་སྨན་རི་བའི་ཁྲི་འཛིན་སོ་གསུམ་པ༧སྐྱབས་རྗེ་ལུང་རྟོགས་བསྟན་པའི་ཉི་མ་རིན་པོ་ཆེ་མཆོག་ནི། རྒྱལ་བ་གཤེན་གྱི་འབྱུང་ལྡན༣༠༡བོད་ས་མོ་སྦྲུལ་གྱི་ལོ་ཕྱི་ལོ༡༩༢༩ཧོར་ཟླ་ལྔ་པའི་ཚེས་བཅོ་ལྔ་ཉིན་མདོ་སྨད་ཤར་ཁོག་ཏུ་ལྗོངས་ལྡོང་ཚང་ཞེས་པའི་དུད་ཁྱིམ་ཆེན་པོ་དེར་ཡབ་ལྗོངས་ལྡོང་རྒྱལ་ལོ་དང་ཡུམ་བར་རོང་བཟའ་མཚོ་མོ་གཉིས་ཀྱི་སྲས་སུ་འཁྲུངས།

ཕྱི་ལོ༢༠༡༧ཟླ༩ཚེས༡༤ཉིན་གྱི་ཕྱི་དྲོའི་ཆུ་ཚོད་དྲུག་དང་སྐར་མ་ཉེར་ལྔའི་སྟེང་བོན་གྱི་གདན་ས་ཆེན་མོ༧དཔལ་གཤེན་བསྟན་སྨན་རིའི་གླིང་གི་བླ་བྲང་དུ་ཐུགས་དམ་གཡོ་བ་མེད་པའི་ངང་ནས་དགོངས་པ་བོན་དབྱིངས་སུ་ཐིམ་སོང་བའི་ཡིད་སྐྱོ་བའི་གནས་ཚུལ་འདི་ཐོས་འཕྲལ། རེབ་གོང་བོན་མང་འདུས་སྤྱི་ནས་ཀྱང་གཞུང་གི་བཀོད་སྒྲིག་ལྟར་ཚེས་བཅུ་དྲུག་ཉིན་ནས་རང་རང་གི་གསས་ཁང་སོ་སོ་ནས་དགོངས་རྫོགས་ཀྱི་གདུང་མཆོད་ལ་ཚེ་དབང་དང་ཞི་ཁྲོ་སོགས་ཀྱི་ཚོགས་འཁོར་རྒྱ་ཆེར་བསྐོར་བ་དང་། སྒྲུབ་སྡེ་སོ་སོའི་དགེ་བསྙེན་མ་རྣམས་ཀྱིས་ཀྱང་བསྙེན་གནས་ཡན་ལག་བརྒྱད་པའི་སྡོམ་པ་ལ་གནས་ཅི་ཐུབ་ཀྱིས་དགེ་སྒྲུབ་ཚོགས་བསགས་ཀྱི་ལས་ལ་འབད་བཞིན་པ་མ་ཟད། མར་མེ་སྟོང་ཕྲག་དུ་མས་མཆོད་པ་རྒྱ་ཆེར་ཕུལ་ནས་གདུང་སེམས་མཉམ་བསྐྱེད་དང་བཅས་དགེ་སྒྲུབ་ཁས་བླངས་སོགས་ཀྱི་གདུང་མཆོད་རྒྱ་ཆེར་སྤེལ་བའོ།།

གླིང་བརྒྱའི་བོན་ཚང་མའི་གསས་ཁང་མདོ་སྔགས་ཕུན་ཚོགས་དར་རྒྱས་གླིང་ནས་གདུང་མཆོད་ཕུལ་བ།

      ཨརྒ་སྟེང་གི་གསས་ཁང་ཐེག་ཆེན་བོན་འཁོར་ལྷུན་གྲུབ་གླིང༌ནས་གདུང་མཆོད་ཕུལ་བ།

      གད་པ་སྐྱ་བོའི་གསས་ཁང་གསང་སྔགས་རིག་འཛིན་དར་རྒྱས་གླིང༌ནས་གདུང་མཆོད་ཕུལ་བ།

གདོང་མགོ་ཚང་གི་གསས་ཁང་ཐེག་ཆེན་སྨིན་གྲོལ་རྒྱ་མཚོའི་གླིང༌ནས་གདུང་མཆོད་ཕུལ་བ། 

མཁར་གོང་ཞོལ་གསས་ཁང་བཀྲ་ཤིས་རབ་བརྟན་ཕུན་ཚོགས་གླིང་ནས་གདུང་མཆོད་ཕུལ་བ།

      ཉིན་མཐའི་གསས་ཁང་ཀུན་འདུས་གཡུང་དྲུང་འགྱུར་མེད་གླིང་ནས་གདུང་མཆོད་ཕུལ་བ།

      དར་གྲོང་གསས་ཁང་སྒྲུབ་པའི་རྒྱལ་མཚན་མི་འགྱུར་གླིང་ནས་གདུང་མཆོད་ཕུལ་བ།

སྙན་བཟང་གསས་ཁང་གསང་ཆེན་སྨིན་གྲོལ་དཔལ་ལྡན་གླིང་ནས་གདུང་མཆོད་ཕུལ་བ།

ཁྱུང་བོ་སྨད་པའི་གསས་ཁང་ཁྱུང་དཀར་རིག་འཛིན་སྨིན་གྲོལ་གླིང་ནས་གདུང་མཆོད་ཕུལ་བ།

      གྱང་རུའི་གསས་ཁང་རིག་འཛིན་ཐུགས་རྗེ་བྱང་ཆུབ་གླིང་ནས་གདུང་མཆོད་ཕུལ་བ།

ཁྱུང་བོ་ལ་ཁའི་གསས་ཁང་ཁྱུང་དཀར་བསྟན་པ་རྒྱ་མཚོའི་གླིང་ནས་གདུང་མཆོད་ཕུལ་བ།

ངོ་མོའི་གསས་ཁང་རྒྱལ་བསྟན་ཡེ་ཤེས་རྒྱ་མཚོའི་གླིང་ནས་གདུང་མཆོད་ཕུལ་བ།

སྟོང་ཆེའི་གསས་ཁང་རིག་འཛིན་ཀུན་འདུས་རྣམ་རྒྱལ་གླིང༌ནས་གདུང་མཆོད་ཕུལ་བ།

སྤྱི་རྟིང་ཀུན་ཁྱབ་གཡུང་དྲུང་བདུད་འདུལ་གླིང་ནས་གདོང་མཆོད་ཕུལ་བ།

སྡོང་སྐམ་གསང་སྔགས་བདུད་འདུལ་གླིང་ནས་གདོང་མཆོད་ཕུལ་བ།

དཔྱད་མཆན་སྤེལ།

ཡིག་ཟམ་ས་གནས་ཀུན་པོར་མི་བསྒྲགས། རྟགས * ཅན་ངེས་པར་དུ་བླུགས་དགོས།