རེབ་གོང་བོན་མང་གི་བཅུ་བའི་སྒྲུབ་མཆོད་ཆེན་མོ།

སྤྱི་ལོ༢༠༡༧ལོའི་རེབ་གོང་བོན་མང་ཕུར་ཐོགས་སྟོང་དང་དགུ་བརྒྱའི་བཅུ་བའི་སྒྲུབ་མཆོད་དམ་སྟོན་ཆོས་ཆེན་མོ་ནི་ཧོར་ཟླ་བཅུ་བའི་ཚེས་བཞི་ནས་བདུན་བར་ཞོ་འོང་ཉིན་ཐ་ཀུན་འདུས་གཡུང་དྲུང་འགྱུར་མེད་གླིང་ནས་འཚོགས་པ་དང་ཚེས་བརྒྱད་ནས་བཅུ་གཅིག་བར་སྨད་པ་ཁྱུང་བོ་ཐང་ཁྱུང་དཀར་རིག་འཛིན་སྨིན་གྲོལ་གླིང་དུ་འཚོགས་ཤིང་། ཉིན་དང་པོར་རང་བཞིན་བྱིན་རླབས་ཀྱི་དབྱིངས་ནས་རོལ་མོའི་དབྱངས་སྙན་གྱི་བསུ་བ་གདན་འདྲེན་དང་བཅས་ཡར་འཚོགས་བྱས་ཏེ་ཉིན་བཞི་བའི་བཀྲ་ཤིས་གཡང་ཇ་གསོལ་བ་དང་ལྷན་ཡོངས་སུ་མཇུག་གྲུབ་པ་ཡིན། །      རེབ་འདིར་གསར་དུ་བརྐོ་བཞག་གནང་བའི་རེབ་གོང་བོན་མང་ཕུར་ཐོགས་སྟོང་དང་དགུ་བརྒྱའི་བྱིངས་འདྲེན་ཆེན་མོ་སྤྱི་རྟིང་མཁའ་བྱམས་རྒྱལ་ལགས་དང་། དགེ་བསྐོས་ཆེན་མོ་ཁྱུང་བོ་ཀུན་ཐར། གྱང་རིའི་བསོད་ནམས་གཡུང་དྲུང་། སྤྱི་རྟིང་ཚེ་དབང་རིག་འཛིན། གྱང་རིའི་ཀུན་བཟང་བཀྲ་ཤིས་སོགས་ཀྱིས་ཁྱུང་བོ་ཐང་ཁྱུང་དཀར་རིག་འཛིན་སྨིན་གྲོལ་གླིང་ནས་དངོས་སུ་རང་རང་གི་ལས་སྣ་འགན་ལེན་མཛད་པའོ།།

དཔྱད་མཆན་སྤེལ།

ཡིག་ཟམ་ས་གནས་ཀུན་པོར་མི་བསྒྲགས། རྟགས * ཅན་ངེས་པར་དུ་བླུགས་དགོས།