སྨན་རིའི་ཁྲི་འཛིན་གསར་པ་གདན་འདྲེན་ཞུས་པ།

ཕྱི་ལོ་༢༠༡༨ཟླ་བ་དང་པོའི་ཚེས་གཅིག་གི་ཕྱི་དྲོར་སྨན་རིའི་ཁྲི་འཛིན་གསར་པ་སྨན་རིའི་གཙུག་ལག་ཁང་གི་ཡང་སྟེང་དུ་གདན་འདྲེན་ཞུས་པ།མཁན་ཆེན་ཁྲི་འཛིན་༣༤པ་སྨན་རིའི་གཙུག་ལག་ཁང་གི་ཡང་སྟེང་དུ་གདན་ཞུས་ཀྱིས་སྨན་རིའི་དཔོན་སློབ་རིན་པོ་ཆེ་མཆོག་དང་མཁན་རིན་པོ་ཆེ་བསྟན་པ་གཡུང་དྲུང་རྣམ་གཉིས་ལྷན།༧ཁྲི་བརྟན་ནོར་བུ་རྩེའི་མཁན་རིན་པོ་ཆེ་མཆོག་བསྟན་པ་གཡུང་དྲུང་མཆོག་གིས་རྟེན་འབྲེལ་གྱི་དར་ཁ་འདེགས་འབུལ་ཞུས་པ།གཙུག་ལག་ཁང་གི་ཡང་སྟེང་གཟིམ་ཁང་གསར་པར་བཞུགས་པ།༧སྐྱབས་རྗེ་སྨན་རིའི་དཔོན་སློབ་རིན་པོ་ཆེ་མཆོག་དང་མཁན་རིན་པོ་ཆེ་བསྟན་པ་གཡུང་དྲུང་རྣམ་གཉིས་ནས་ཁྲི་འཛིན་༣༤པར་མཇལ་བཅར་བཀའ་མོལ་ཞུས་པ།

དཔྱད་མཆན་སྤེལ།

གློག་འཕྲིན་ཀུན་པོར་མི་བསྒྲགས། རྟགས * ཅན་ངེས་པར་དུ་བླུགས་དགོས།