རྫ་སྟེང་ཆེན་དགོན་དཔལ་གཤེན་བསྟན་མདོ་སྔགས་བསྟན་རྒྱས་གླིང་གི་བདེ་ཆེན་ཞིང་བསྒྲུབ་ཆེན་མོ།

འཚོགས་པ་འདི་ནི་སེར་སྐྱ་ཐུན་མོང་གི་ཉམས་སུ་ལེན་ཆོག་པའི་བོན་འཆད་ཁྲིད་དང་དགེ་བ་ལ་བརྩོན་སྟངས་ཀྱི་ཐབས་ལེགས་གྲས་ཤིག་ཡིན་པ་སྨྲོས་མེད་ཡིན་ལ།
སྒྲུབ་པའི་གཞུང་ནི་བདེ་བར་གཤེགས་པའི་བཀའ་རྣམ་པར་དག་པ{འདུས་པ་རིན་པོ་ཆེའི་རྒྱུད་དྲི་མ་མེད་པ་གཟི་བརྗིད་རབ་ཏུ་འབར་བའི་མདོ}ལེའུ་དྲུག་ཅུ་རྩ་གཅིག་པ་ལས{ལེགས་སྤྱོད་རྣམ་པར་དག་པའི་སྨོན་ལམ་མཐའ་ཡས་ཀྱི་མདོ}ལེའུ་སོ་ལྔ་པ་དེའི་གཞུང་གི་ཁོག་དབུབ་དགོས། གཞུང་དེ་དང་སྦྲེལ་ནས་བར་མཚམས་སུ་ཕྱག་བཤགས་སོགས་རིམ་བཞིན་དུ༧དཔལ་ཀུན་མཁྱེན་ཤར་རྫ་པས་མཛད་པའི{བདེ་ཆེན་ཞིང་གི་སྨོན་ལམ་རྣམ་མཁྱེན་གྲོང་འཇུག}དང{བདེ་ཆེན་ཞིང་གི་སྨོན་ལམ་ཐུགས་རྗེའི་ཉག་ཐག}གི་རྩ་བ་གཉིས་མཉམ་བཟླས་མཚམས་སུ{བདེ་ཆེན་ཞིང་གི་སྨོན་ལམ་གྱི་དོན་གསལ་བར་བྱེད་པའི་འགྲེལ་པ་ཉི་མའི་སྙིང་པོ}དང{ལོངས་སྐུའི་ཞིང་སྨོན་གྱི་རྣམ་འགྲེལ་ཟླ་འོད་ཀུནྡའི་འཛུམ་འབྱེད}གཉིས་ཀྱི་སྒོ་ནས་ཞིང་ཁམས་ཀྱི་བཀོད་པ་ཡིད་ལ་བྱེད་པ་དང་། དགེ་བའི་ལས་སྒོ་དུ་མ་བསགས་པ། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ། བདེ་བ་ཅན་དུ་སྐྱེ་བའི་སྨོན་ལམ་གདབ་པ་དང་བཞི་སོགས་ཀྱི་སྒོ་ནས་འཆད་ཁྲིད་རྒྱས་པ་མཛད་སྲོལ་བཞིན་ངེད་རྫ་སྟེང་ཆེན་དགོན་གྱི་དབུ་ཁྲིད་བླ་ན་མེད་པ་ཡེ་ཤེས་དབྱིངས་ཀྱི་ཀློང་ལས་སྒྱུ་མའི་གཟུགས་སྐུ་མངོན་པར་བཞེངས་པའི་སྐྱབས་མཆོག་དབྲ་སྟོན་ཉེར་གཉིས་པ་ཚུལ་ཁྲིམས་དྲི་མེད་རྣམ་རྒྱལ་སྐུ་ཉིད་ཀྱི་ཐུགས་བསྐྱེད་ཉམས་པ་མེད་པར་ལ་བསྟེན་ནས་སྔར་སྲོལ་བཞིན་ཉིན་བདུན་གྱི་རིང་དུ་འཆད་ཁྲིད་རྒྱས་པར་མཛད་ནས་མཇུག་མཐར་སྐུ་གསུམ་སྙིང་པོ་བྱེ་བ་འདོན་གྲུབ་མཁན་ཡོངས་ལ་སྐྱེས་བཟང་བསྩལ་ནས་ཁྲོམ་དབང་བསྐུར་ཏེ་ཐེངས་འདིའི་འཚོགས་པ་མཇུག་ལེགས་པར་གྲུབ།

དཔྱད་མཆན་སྤེལ།

གློག་འཕྲིན་ཀུན་པོར་མི་བསྒྲགས། རྟགས * ཅན་ངེས་པར་དུ་བླུགས་དགོས།