སྤྱི་རྟིང་བཀྲ་ཤིས་ཀུན་ཁྱབ་གཡུང་དྲུང་གླིང་དུ་སྤྱི་ཁ་གསུམ་གྱི་སྔགས་འཆང་བ་རྣམས་ཀྱིས་ཚོགས་འཁོར་བསྐོར།

བཀྲ་ཤིས་ཀུན་ཁྱབ་གཡུང་དྲུང་གླིང་དུ་གྲུབ་ཐོབ་ཆེན་པོ་སྤྱི་རྟིང་འཁོར་ལོའི་བསྒྱུར་བའི་བརྒྱུད་འཛིན་སྔགས་འཆང་རྣམས་ཀྱིས་སྔོན་བྱོན་གོང་མ་རྣམས་ཀྱི་ཕྱག་ལེན་མ་མཉམ་པར་ལོ་སར་ཀྱི་ཚེས་ཉེར་གསུམ་ཉིན་ཚེ་དབང་བོད་ཡུལ་མའི་ཚོགས་འཁོར་བསྐོར་བ།

སྤྱི་རྟིང་ཞེས་པ་ནི་རེབ་གོང་གྲུབ་ཐོབ་རྣམ་གསུམ་གྱིས་སྤྱིའི་རྟིང་མ་བཅའ་སའི་གནས་ཡིན་པས་ན་སྤྱི་རྟིང་ཞེས་འབོད་ལ་སྐྱིད་གཤོང་ངམ་སྤྱི་ཚང་ཡང་ཟེར་བ་ཡིན། སྒྲུབ་སྡེ་འདི་ནི་སྔགས་འཆང་གི་སྡེ་ཡིན་པས་གྲོང་བ་དང་བར་ཐག་མི་རིང་བའི་གནས་ཞིག་ན་ཆགས་ཡོད།  ཡོངས་གྲགས་སུ་ཀུན་ཁྱབ་དགོན་ཞེས་པ་འདི་ནས་སྔོན་བྱོན་མཁས་པ་དམ་པ་རྩེ་ཞིག་ཆོས་རྗེ་རྒྱལ་བ་ཚུལ་ཁྲིམས་དང་བོན་བརྒྱ་གཡུང་དྲུང་ཕུན་ཚོགས་མཁར་ནག་ཚང་བོན་བརྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ་སོགས་བླ་མ་དམ་པ་རྣམས་ཀྱིས་སློབ་བུ་མང་དུ་བསྐྱངས་ཏེ་རིག་འཛིན་སྔགས་འཆང་གི་སྡེ་འདི་གྲུབ་ཐོབ་རྣམ་གསུམ་གྱི་ཐུགས་སྨོན་དང་རྟེན་འབྲེལ་བཞིན་སྔགས་འཆང་སྟོང་ཕྲག་ལྷག་ལ་འཕེལ་རྒྱས་སུ་བཏང་ཡོད་པ་དང་། བླ་མ་རྣམ་པ་དག་གིས་ཕྱག་རྒྱུན་བཞིན་ལོ་སར་ཚེས་ཉེར་གསུམ་ཉིན་བཀྲ་ཤིས་ཀུན་ཁྱབ་གཡུང་དྲུང་གླིང་ནས་སྤྱི་རྟིང་ཁ་གསུམ་གྱི་བོན་གཤེན་རྣམས་འཚོགས་ཏེ་བླ་མ་ཚེ་དབང་རིག་འཛིན་གྱི་གཞུང་བསྲིངས་ནས་ཚོགས་འཁོར་བསྐོར་བ་ཡིན་པས།  དུས་ད་ལྟའི་བར་ཕྱག་ལེན་གྱི་རྒྱུན་མ་ཉམས་པར་འཚོགས་བཞིན་ཡོད་ལ། ད་ལོ་སྤྱི་ལོ་༢༠༡༨ལོའི་ལོ་སར་ཚེས་༢༣ཉིན་ཡང་སྤྱི་ཁ་གསུམ་གྱི་བོན་གཤེན་དག་གིས་ཚོགས་འཁོར་བསྐོར་བའི་རྣམ་པ་འདི་ནི་ངེད་དྲ་ཚིགས་ལས་སྒྲུབ་པ་རེབ་སྐྱིད་ཡར་འཕེལ་ནས།

 

སྤྱི་རྟིང་བཀྲ་ཤིས་ཀུན་ཁྱབ་གཡུང་དྲུང་གླིང་དུ་སྤྱི་ཁ་གསུམ་གྱི་སྔགས་འཆང་བ་རྣམས་ཀྱིས་ཚོགས་འཁོར་བསྐོར།” སྟེང་དུ་དཔྱད་མཆན 1 ཡོད།

དཔྱད་མཆན་སྤེལ།

གློག་འཕྲིན་ཀུན་པོར་མི་བསྒྲགས། རྟགས * ཅན་ངེས་པར་དུ་བླུགས་དགོས།