རེབ་གོང་བོན་མང་གི་དབྱར་ཆོས་ཡི་དམ་ཀུན་འདུས་ཀྱི་ཆོས་ཐོགས་འཚོགས་པ།

སྤྱི་ལོ་༢༠༡༨ལོའི་དབྱར་ཟླ་༥བའི་ཚེས་༡༣ཉིན་ནས་༡༥བར་རེབ་གོང་བོན་མང་གི་དབྱར་གྱི་ཆོས་ཐོགས་ཡིན་ལ། ད་ལོ་ནི་རེབ་གོང་གྲུབ་ཐོབ་རྣམ་གསུམ་གྱི་སྤྱིའི་རྟིང་མ་བཅའ་ས་སྤྱི་རྟིང་འཁོར་ལོའི་གདན་ས་ཁྱད་པར་ཅན་ནས་ཡི་དམ་ཀུན་འདུས་ཀྱི་ཆོས་ཐོགས་འཚོགས་པ་དང་དགེ་བསྐོས་རྣམ་པ་གཉིས་ཚོགས་མང་ཇ་འགྱེད་གཏོང་སོགས་དགེ་བའི་རིམ་པ་གྱ་ནོམ་པ་བཏང་བ་དང་། ཚེས་༡༥ཞོགས་པ་ཉི་ཤར་གྱི་རྩེ་མོ་ལ་བོན་མང་འདུས་པ་རྒྱ་མཚོའི་བཀྲ་ཤིས་གཡང་ཇ་དང་ལྷན་དབྱར་ཆོས་ཡོངས་སུ་འཇུག་གྲུབ་པའོ། །

དགེ་བསྐོས་ཀླུ་རྒྱལ་ཚེ་རིང་དང་གཅོད་པ་སྐྱབས་གཉིས།

དཔྱད་མཆན་སྤེལ།

གློག་འཕྲིན་ཀུན་པོར་མི་བསྒྲགས། རྟགས * ཅན་ངེས་པར་དུ་བླུགས་དགོས།