༄༅།།གལ་ཆེའི་དབང་བརྡ།

དེ་ཡང་ས་གསུམ་ན་འགྲན་ཟླ་མ་མཆིས་པའི་རྗེ་བཙུན་བླ་མ་དམ་པ་༧དཔལ་སྐྱང་སྤྲུལ་སྨྲ་བའི་དབང་བོ་ནམ་མཁའ་ཚུལ་ཁྲིམས་བསྟན་འཛིན་རིན་པོ་ཆེ་མཆོག་གིས། སྤྱིར་ལུས་ཅན་འགྲོ་བ་སེམས་ཅན་ཐམས་ཅད་དང་ནང་སྒོས་སུ་ཕྱོགས་དང་རིས་སུ་མ་ཆད་པའི་མདོ་སྨད་བྱང་བརྒྱུད་ཀྱི་དད་ལྡན་བོན་འབངས་ཡོངས་ལ། དབང་ཆོག་བདུད་རྩིའི་གྲུ་ཆར་འཛད་མེད་དུ་སྤེལ་ཕྱིར། ཉིས་སྟོང་བཅོ་བརྒྱད་ལོའི་ཧོར་ཟླ7པའི་ཚེས་1ནས་ཉིན་གཉིས་ཀྱི་རིང་ལ་སྐྱེ་སྒོ་གཅོད་པའི་དབང་མཆོག་བསྐུར་རྒྱུའི་ཉེར་བསྡོགས་རྩོམ་པ་ལགས་ན། ཕྱོགས་ཡོངས་ཀྱི་དད་ལྡན་སྐྱ་སེར་ཀུན་གྱིས་བོན་སྐལ་བཟང་པོ་འདི་ཐོབ་པའི་སླད་དུ། ངེད་ཨ་དཀར་ས་ལེ་དུང་སྒྲུབ་ཚོགས་པས་ཨ་དཀར་ས་ལེ་དུང་ཕྱུར་ཕྲག་གཅིག་བསགས་གྲངས་ལོངས་པའི་དགེ་བསྔོ་དང་འབྲེལ་ཏེ། དབང་བརྡ་འདི་བཏང་བ་ལགས་པས། ཀུན་གྱིས་ཐུགས་འཇགས་དགོངས་འཁྲོལ་ཡོད་པར་ཞུ།

ཐེངས་འདིའི་འགན་ཁུར་བ། ཨ་དཀར་ས་ལེ་དུང་སྒྲུབ་ཚོགས་པ།
དབང་བསྐུར་ས་གནས། གསེར་ཆེན་རྫོང་དུང་དཀར་དགོན།

2018-7-28ཉིན་སྤེལ།


请 柬 基于大家不懈努力下,已圆满完成诵一个亿的“阿嘎萨勒”,为反馈信众们福报,我们有幸请了淮•姜智郎卡旦增活佛于公历2018年8月11日至12日,农历2018年7月1日至2日在共和县东科寺举办“觉巴”法会,现诚邀各位前来授受。 时间: 公历2018年8月11日至12日,农历2018年7月1日至2日 地址:共和县东科寺

དཔྱད་མཆན་སྤེལ།

གློག་འཕྲིན་ཀུན་པོར་མི་བསྒྲགས། རྟགས * ཅན་ངེས་པར་དུ་བླུགས་དགོས།