གཡུང་དྲུང་བོན་གྱི་བསྟན་པའི་གཙུག་རྒྱན་དམ་པ་སྐྱབས་རྗེ་བོན་བརྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་ཕུལ་བ།

སྐྱབས་རྗེ་བོན་བརྒྱ་རིན་པོ་ཆེ་མཆོག་གི་ཐུགས་སློབ་དམ་པ་ཤར་རྫའི་རྒྱལ་ཚབ་བླ་མ་ཨ་འཇུག་རིན་པོ་ཆེ་མཆོག་དང་སྐྱང་སྤྲུལ་རྒྱལ་པོའི་དབང་པོ་ནམ་མཁའ་བསྟན་འཛིན་རིན་པོ་ཆེ་སོགས་བླ་མ་དང་དགེ་བའི་བཤེས་རྣམས་བོན་བརྒྱ་སྨན་རི་བཤད་སྒྲུབ་སྨིན་གྲོལ་གླིང་ལ་ཕེབས་ཏེ་རྩ་བའི་བླ་མ་རིན་པོ་ཆེ་མཆོག་ལ་འཇལ་ཁ་ཞུས་པ་དང་བླ་མ་ཨ་འཇིག་རིན་པོ་ཆེ་མཆོག་གིས་སྣང་སྲིད་ཞི་བ་ཆེན་མོའི་སྦྱིན་སྲེག་གི་དབུ་བླ་མཛད་དེ། བོན་བརྒྱ་དགོན་པའི་བླ་གྲྭ་ཡོངས་དང་ལྷན་དུ་ཟླ་༦པའི་ཚེས༢༥ཉིན། རྩ་བའི་བླ་མ་རིན་པོ་ཆེའི་སྐུའི་ཞབས་བརྟན་དུ་སྦྱིན་སྲེག་ཆེན་མོ་འདི་འབུལ་ཡིན་ལ། རེབ་གོང་བོན་མང་གི་སྔགས་འཆང་རྣམས་དང་དད་ལྡན་མང་པོས་ཡང་བསྲེགས་རྫས་དང་མར་མེ་བསང་མཆོད་ཕྱག་དང་བསྐོར་བ་སོགས་ཀྱིས་མཆོད་པ་མང་དུ་ཕུལ་བའོ། །

རྩོམ་འདིའི་རྩ་གཉིས་ཨང་།

དཔྱད་མཆན་སྤེལ།

གློག་འཕྲིན་ཀུན་པོར་མི་བསྒྲགས། རྟགས * ཅན་ངེས་པར་དུ་བླུགས་དགོས།