ཁྱུང་མོ་སྤྲུལ་སྐུས་བོན་བརྒྱ་དགོན་ནས་གདུང་མཆོད་ཕུལ་བའི་རིམ་པ།

གདུང་མཆོད་མར་མེ་འོད་གསལ་གླིང་།

གདུང་མཆོད་དུ་མར་མེ་སྟོང་ཕྲག་གཅིག་ཕུལ་བ།

ཁྱུང་མོ་སྤྲུལ་སྐུ་སྟོབས་ལྡན་དབང་ཕྱུག་མཆོག་༧རྗེ་བོན་བརྒྱ་བླ་མའི་གདན་སར་ཕེབས་ནས་གདུང་མཆོད་ལ་མར་མེ་སྟོང་ཕྲག་གཅིག་དང་མཚན་ཐུབ་ཆེ་ལེགས་ཉི་ཤུ་བཅས་དངོས་འབྱོར་ཡིད་སྤྲུལ་གྱི་མཆོད་པ་རྒྱ་ཆེན་ཕུལ།

    ཕྱི་ཉིན་སྤྲུལ་སྐུ་ཁྱུང་མོ་སྟོབས་ལྡན་དབང་ཕྱུག་དང་དགེ་བཤེས་ལུང་རྟོགས་རྒྱ་མཚོ། དགེ་བཤེས་བཟོད་པ་འགྱུར་མེད་སོགས་སྐུ་འཁོར་ལྷན་རྒྱས་ནས་རྗེ་བླ་མའི་གདུང་མདུན་ནས་རྗེ་བླ་མའི་གསོལ་འདེབས་དང་། བསྟན་པ་རྒྱས་པའི་སྨོན་ལམ་སོགས་རྒྱ་ཆེར་གསུངས།

སྤྲུལ་སྐུ་ཁྱུང་མོ་སྟོབས་ལྡན་དབང་ཕྱུག་མཆོག་གི་ཐུགས་བཀོད་ལྟར་ཁྲི་ཀ་ཁྱུང་མོ་དགོན་ནས་གདུང་མཆོད་བྱེད་བཞིན་པའི་ཚུལ། གདུང་མཆོད་སྐབས་ཀྱི་མཆོད་སྒྲིག

འཕྲོ་འདུ་ལོངས་སྤྱོད་ཚོགས་ཀྱི་མཆོད་པ།

ཡན་ལག་བརྒྱད་ལྡན་གྱི་ཡོན་ཆབ།

མར་ཁུའི་རྒྱ་མཚོ་འཁྱིལ་བའི་མར་མེ།

སོག་བཙུན་སྟོན་པ་ཡེ་ཤེས་རྒྱལ་མཚན་གྱི་གདན་ས་ཁྲི་ཀ་སྟོང་ཆེ་གཡུང་དྲུང་ཕུན་ཚོགས་གླིང་གི་འདུས་སྡེ་ཡོངས་ནས་རྗེ་༧ བོན་བརྒྱ་རིན་པོ་ཆེར་གདུང་མཆོད་འབུལ་བཞིན་པ།

ཁྲི་ཀ་སྟོང་ཆེ་ཁྱུང་མོ་གཡུང་དྲུང་ཕུན་ཚོགས་གླིང་ནས་ཚེས་བཅུ་གསུམ་ཉིན་དྲན་པ་ནམ་མཁའི་དཀྱིལ་འཁོར་དང་མཆོད་སྒྲིག་རྒྱ་ཆེར་བཤམས། ཚེས་བཅུ་བཞི་ནས་ཉིན་དུ་མར་དྲན་པའི་འབུམ་ཚོགས་རྒྱས་འབུལ་བྱེད་བཞིན་པའི་རྣམ་པ་ཟུར་ཙམ།

གོང་གི་འདི་དག་སྤྲུལ་སྐུ་ཁྱུང་མོ་སྟོབས་ལྡན་དབང་ཕྱུག་ནས་ཐུགས་ཁུར་ཆེ་བཞེས་གནང་ནས་འདུས་པ་ལྔ་བཅུ་ཙམ་གྱིས་ཉིན་རེར་དྲན་པའི་གསང་སྒྲུབ་གཞུང་ལྔ་བརྒྱ་རེ་དང་ཚོགས་ཁྲི་གཅིག་བཅས་ཉིན་བཅུའི་རིང་དྲན་པའི་གཞུང་སྟོང་ཕྲག་ལྔ་དང་ཚོགས་འབུམ་ཕྲག་གཅིག་འབུལ་བཞིན་པའོ།།

གཞན་གདུང་མཆོད་ལ་ཚེས་བཅུ་བཞི་དང་བཅོ་ལྔའི་ཉིན་ཁྲི་ཀ་སྟོང་ཆེ་ནས་བུད་མེད་རྣམས་ཀྱིས་སྨྱུང་གནས་བསྲུང་བའོ།།

ཁྱུང་མོ་སྤྲུལ་སྐུས་བོན་བརྒྱ་དགོན་ནས་གདུང་མཆོད་ཕུལ་བའི་རིམ་པ།” སྟེང་དུ་དཔྱད་མཆན 1 ཡོད།

  1. ངས་འདིར་གསལ་བྱེད་ཅིག་ཞུ་འདོད་བྱུང་། མཁྱེན་དགོས་རྒྱུ་ཞིག་ལ། མར་མེ་སྤྱན་ལ་ཕུལ་གྱི་ཡོད་པ་རེད། ཅི་ཙམ་གྱི་འོད་གསལ་ན་དེ་ཙམ་གྱི་ཕན་ཡོད་ཆེ་བ་རེད། སྣུམ་ཐམས་ཅད་ནང་ནས་དུད་ཀྱི་མར་མེ་ལ་ཕན་ཡོན་ཆེ་ཟེར་བའང་དུད་ཀྱི་སྣུམ་ནི་འོད་གསལ་ཞིང་དུད་པ་ཉུང་བས་རེད། དེང་དུས་གློག་གི་ཆ་རྐྱེན་ཡག་པོ་ཡོད་སྟབས་གློག་མཆོད་ལས་གསལ་བ་ཞིག་ཡོད་པ་མ་རེད། གློག་མཆོད་ནི་འོད་གསལ་ཞིང་དུད་པ་མེད་པ། མར་མེ་མང་པོ་སྒྲོན་ན་དུད་པ་ཆེ་བས་མིའི་འཕྲོད་བསྟེན་ལའང་གནོད་ཀྱི་འདུག ལྷག་པར་དུ་ཡང་ལའི་རིགས་འདི་ལ་དུད་པ་མང་ཞིང་དྲི་མའང་ཞིམ་པོ་མི་འདུག མ་འོངས་པར་མར་མེའི་ཚབ་ཏུ་གློག་མཆོད་གང་མང་སྒ྄ོན་ན་ལེགས་པར་སྙམ་མོ། སྤོས་ནི་ཤངས་ལ་ཕུལ་གྱི་ཡོད་པས་དྲི་མ་གང་ཞིམ་དགོས་པ་རེད། །

དཔྱད་མཆན་སྤེལ།

གློག་འཕྲིན་ཀུན་པོར་མི་བསྒྲགས། རྟགས * ཅན་ངེས་པར་དུ་བླུགས་དགོས།