གཡུང་དྲུང་བོན་གྱི་ཚོགས་ཆེན་གསུམ་སྣང་ཞིག་དགོན་ཆེན་དུ་ཚོགས་པའི་ཉིན་དྲུག་པ།

རྩོམ་ཁུངས། རེབ་གོང་བོན་མང་དྲ་བ།  རྩོམ་པ་པོ། རེབ་སྐྱིད་ཡར་འཕེལ།

དེ་རིང་ནི་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་འདུ་འཚོགས་ནས་ཉིན་དྲུག་པ་ཡིན་ལ། གཡས་རུའི་འཆད་རྩོད་ཆེན་མོ་སྔར་བཞིན་ཚོགས་ཆེན་འདུ་ཁང་ཐང་ཆེན་ནས་འཚོགས་པ་དང་། གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་གཙོ་རྩེ་ཞིག་ཚང་ཤེས་རབ་བསྟན་པའི་ཟླ་བ་རིན་པོ་ཆེ་དབུ་བཞུགས་ཏེ་ཚོགས་མི་ལྷན་རྒྱས་སློབ་ཆུང་སློབ་གྲྭའི་ཉིས་ཐོག་གི་ཚོགས་རར་བཞུགས་པ་དང་། མཉམ་འབྲེལ་ལྷན་ཚོགས་ཀྱི་དྲུང་ཡིག་ཆེན་མོ་འགོ་བ་དགེ་བཤེས་བསྟན་འཛིན་འབྲུག་གྲགས་མཆོག་ནས་དེ་རིང་གི་ཚོགས་འདུའི་ནང་དོན་ཏེ། ཚོགས་ཞུགས་མི་སྣ་ཚང་མས་བོན་བསྟན་ཇི་ལྟར་འཛིན་སྐྱོང་སྤེལ་གསུམ་དང་ཞང་བོད་ཤེས་རིག་གི་བསམ་བློའི་དཔལ་ཡོན་རྒྱུན་འཛིན་དར་སྤེལ་བྱེད་ཐབས་ཐད་ནས་སོ་སོས་བསམ་ཆར་གྲོས་གཞི་བཏོན་ཆོག་པའི་སྐོར་ནས་གཏམ་བཤད་སྤེལ་བ་དང་། མཉམ་འབྲེལ་ལྷན་ཚོགས་ཀྱི་དྲུང་ཡིག་ཆེན་མོ་གཞོན་པ་རིན་སྤུངས་ཚུལ་བསྟན་ལགས་ནས་དེ་རིང་གི་ཚོགས་འདུ་ཚན་ཆུང་བཞི་རུ་བགོས་ཏེ་ཚན་ཆུང་དང་པོའི་ཚོགས་འདུ་གཙོ་སྐྱོང་མཁན་ནི་ཚོགས་གཞོན་ལི་ཤུ་གཤེན་རྒྱལ་བསྟན་འཛིན། ཚོགས་གཞོན་དབྲ་ཁྱུང་དགེ་བཤེས་སྐལ་བཟང་ནོར་བུ། ཚོགས་གཞོན་པཎ་ཙ་བསྟན་འཛིན་དར་རྒྱས། ཟིན་བྲིས་འགོད་མཁན། དྲུང་ཡིག་པ་མཁན་པོ་ཚེ་རིང་ནོར་བུ། དྲུང་ཡིག་པ་དགེ་བཤེས་བསྟན་འཛིན་རྣམ་རྒྱལ། ཚན་ཆུང་གཉིས་པའི་ཚོགས་འདུ་གཙོ་སྐྱོང་མཁན། ཚོགས་གཞོན་མཁན་པོ་ཤེས་རབ་གཡུང་དྲུང་དབང་རྒྱལ། ཚོགས་གཞོན་དབྲ་སྤྲུལ་ཚུལ་ཁྲིམས་དྲི་མེད་རྣམ་རྒྱལ། ཚོགས་གཞོན་ཨ་གྲགས་ཤེས་རབ་དཔལ་ཆེན། ཟིན་བྲིས་འགོད་མཁན། དྲུང་ཡིག་པ་སྒོ་རིགས་དགེ་བཤེས་ཤེས་རབ་གྲགས་པ། དྲུང་ཡིག་པ་བསོད་ནམས་གཡུང་དྲུང་། ཚན་ཆུང་གསུམ་པའི་ཚོགས་འདུ་གཙོ་སྐྱོང་མཁན། ཚོགས་གཞོན་སྣང་སྤྲུལ་ཤེས་རབ་འོད་ཟེར་རྒྱལ་མཚན། ཚོགས་གཞོན་སེང་སྤྲུལ་རིག་འཛིན་ཉི་མ། ཚོགས་གཞོན་སྤྲུལ་པད་མ་རིན་ཆེན། ཟིན་བྲིས་འགོད་མཁན། དྲུང་ཡིག་པ་མཁན་པོ་ཚེ་དབང་རིག་འཛིན། ཚན་ཆུང་བཞི་བའི་ཚོགས་འདུ་གཙོ་སྐྱོང་མཁན། ཚོགས་གཞོན་རག་ཞིག་ཀུན་གསལ་སྙིང་པོ། ཚོགས་གཞོན་བོན་མཁར་སྐལ་བཟང་རིན་ཆེན། ཚོགས་གཞོན་ཉག་སྤྲུལ་བསོད་ནམས་རྒྱ་མཚོ། ཟིན་བྲིས་འགོད་མཁན། དྲུང་ཡིག་པ་ལི་ཐང་དགེ་བཤེས་ཚེ་རིང་འགྱུར་མེད། དྲུང་ཡིག་པ་འཁོར་ལྡན་ཚུལ་ཁྲིམས་བྱམས་མ་བཅས་འགན་འཛིན་པ་རྣམས་ལ་ཚོགས་མི་དག་བགོས་རྗེས་ཚན་ཆུང་སོ་སོ་ཚོགས་འདུ་འཚོགས་ནས་རང་རང་གི་ལྟ་ཚུལ་བརྗོད།ཆུ་ཚོད༡༡-༣༠སྟེང་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་མི་ཡོངས་རྔ་ཡུལ་རྟོགས་ལྡན་དགོན་དུ་ཕེབས་པ་དང་རྟོགས་ལྡན་དགོན་པའི་བླ་གྲྭ་ཡོངས་སེར་ཕྲེང་བསྒྲིགས་པ་དང་དད་ལྡན་མང་ཚོགས་རྣམས་ཀྱིས་ལག་ཏུ་ཁ་བཏགས་བཟུང་ནས་བསུ་མ་རྒྱ་ཆེན་པོ་བྱས། ཚོགས་མི་ཡོངས་རྟོགས་ལྡན་དགོན་ཆེན་གྱི་སྣེ་ལེན་ཁང་དུ་ཕེབས་ནས་གུང་ཚིགས་བཞེས། རྟོགས་ལྡན་དགོན་པའི་ཚུལ་ཆེན་རིན་པོ་ཆེ་མཆོག་ནས་ཚོགས་གཙོ་རྩེ་ཞིག་ཚང་དང་སྣང་ཞིག་སྐྱབས་མགོན་རིན་པོ་ཆེ་མཆོག་རྣམ་གཉིས་ལ་སྐུ་གསུང་ཐུགས་རྟེན་ཕུལ་བ་དང་ཚོགས་མི་ཡོངས་ལ་ལྷ་དར་དང་གསུང་དེབ་དམངས་སྒོར་བརྒྱ་རེ་བཅས་ཕུལ།ཚོགས་མི་ཡོངས་ཚོགས་ཆེན་འདུ་ཁང་གི་མདུན་དུ་ཕེབས་ཏེ་སྐུ་གདུང་མཐོང་བ་རང་གྲོལ་ལ་རབ་གནས་མཛད་པ་དང་ཚོགས་གཙོ་རྩེ་ཞིག་ཚང་གིས་གཏམ་བཤད་གནང་བ་དང་ཚུལ་ཆེན་མཆོག་ལ་བཀའ་དྲིན་ཞུས་པ་དང་དྲན་རྟེན་མཉམ་པར་བརྒྱབ། ཆུ་ཚོད༣-༣༠སྟེང་རྩོད་པ་བ་རྣམས་རྩོད་རར་འཚོགས་པ་དང་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་མི་རྣམས་འཆད་རར་གཟིགས་སྐོར་དུ་ཕེབས། གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་གཞོན་རག་ཞིག་ཀུན་གསལ་སྙིང་པོ་མཆོག་གིས་རྒྱ་ཆེའི་དད་ལྡན་མང་ཚོགས་རྣམས་ལ་མ་ཏྲིའི་གོ་དོན་དང་ཕན་ཡོན་སྐོར་འཆད་ཁྲིད་གནང་། མཉམ་འབྲེལ་མཐུན་ཚོགས་ཀྱི་དྲུང་ཡིག་ཆེན་མོ་འགོ་བ་དགེ་བཤེས་བསྟན་འཛིན་འབྲུག་གྲགས་མཆོག་འཆད་རར་གཟིགས་སྐོར་དུ་ཕེབས། ཆུ་ཚོད༦-༣༠སྟེང་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་ཞུགས་མི་སྣ་ལྷན་རྒྱས་ནས་གོང་གི་གྲོས་གཞི་ཁག་ལ་གྲོས་བསྡུར་བྱས་ཏེ་གྲོས་ཆོད་ཚོགས་འདུ་འཚོགས་པ་དང་། དྲུང་ཡིག་ཆེན་མོ་འགོ་བ་དགེ་བཤེས་བསྟན་འཛིན་འབྲུག་གྲགས་མཆོག་ནས་གོང་གི་གྲོས་གཞི་ཁག་ལ་གྲོས་བསྡུར་བྱས་ཏེ་གྲོས་ཆོད་བྱེད་ཐུབ་པ་དང་མི་ཐུབ་པ་དག་རེ་རེ་བཞིན་གསལ་བཤད་ཡག་པོ་རེ་གནང་། མཇུག་མཐར་ཚོགས་མི་ཡོངས་ནས་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པའི་དོན་ཆེན་ལ་ཐུགས་ཁུར་ཟབ་མོ་བཞེས་ཏེ་བསྟན་དོན་ལ་འབད་དགོས་པའི་བསླབ་བྱ་གནང་བ་དང་ལྷན་དུ་གཡུང་དྲུང་བོན་གྱི་བསྟན་པ་ས་སྟེང་ཀུན་ལ་ཁྱབ་པའི་སྨོན་ལམ་དང་བཅས་ཏེ་ཐེངས་གཉིས་པའི་གཡུང་དྲུང་བོན་མཉམ་འབྲེལ་མཐུན་ཚོགས་ཀྱི་རྒྱས་འཛོམས་ཚོགས་འདུ་མཇུག་གྲོལ།།

དཔྱད་མཆན་སྤེལ།

གློག་འཕྲིན་ཀུན་པོར་མི་བསྒྲགས། རྟགས * ཅན་ངེས་པར་དུ་བླུགས་དགོས།