གཡུང་དྲུང་བོན་གྱི་ཚོགས་ཆེན་གསུམ་སྣང་ཞིག་དགོན་ཆེན་དུ་འཚོགས་པའི་ཉིན་བདུན་པ།

རྩོམ་ཁུངས། རེབ་གོང་བོན་མང་དྲ་བ།  རྩོམ་པ་པོ། རེབ་སྐྱིད་ཡར་འཕེལ།

དེ་རིང་ནི་སངས་རྒྱས་གཡུང་དྲུང་བོན་གྱི་ཚོགས་ཆེན་གསུམ་ལྷན་གཅིག་ཏུ་ས་གནས་གཅིག་ཏུ་འཚོགས་པའི་ཉིན་བདུན་པ་ཡིན་ལ་ཆེས་མཇུག་མཐའི་ཉིན་མོའང་ཡིན། ད་ནངས་སྔ་དྲོའི་ཆུ་ཚོད༨ཀྱིས་སྟེང་ཐེངས་འདིའི་ཚོགས་ཞུགས་པ་ཡོངས་འཆད་རར་འཚོགས་ཏེ་བཀྲ་ཤིས་འཁོར་གསུམ་དམིགས་མེད་པའི་དམ་བཅའ་འཚོག་པ་དང་། གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་གཙོ་རྩེ་ཞིག་ཚང་ཤེས་རབ་བསྟན་པའི་ཟླ་བ་མཆོག་དང་སྣང་ཞིག་སྐྱབས་རིན་པོ་ཆེ་རྣམ་གཉིས་དབུ་བཞུགས་ཏེ་ཚོགས་མི་ཡོངས་ཆོས་རར་བཞུགས། གཡུང་དྲུང་བོན་གཡས་རུའི་འཆད་རྩོད་ཆེན་མོ་ཐེངས་གཉིས་པའི་དྲུང་ཡིག་པ་ལི་ཐང་དགེ་བཤེས་ཚེ་རིང་འགྱུར་མེད་ཀྱི་མདོ་འཛིན་བྱས་པ་དང་། གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་གཙོ་གཞོན་པ། གཡུང་དྲུང་བོན་གཡས་རུའི་འཆད་རྩོད་ཆེན་མོ་ཐེངས་གཉིས་པའི་འགན་འཛིན་ཚན་གཙོ་མང་སྤྲུལ་བསོད་ནམས་གཡུང་དྲུང་མཆོག་གིས་གཡས་རུའི་འཆད་རྩོད་ཆེན་མོ་ཐེངས་གཉིས་པའི་མཇུག་བསྡོམས་གསུང་བཤད་གལ་ཆེན་གནང་།ཆུ་ཚོད་༩སྟེང་གཡུང་དྲུང་བོན་མཉམ་འབྲེལ་མཐུན་ཚོགས་ཀྱི་དྲུང་ཡིག་པ་དགེ་བཤེས་བསྟན་འཛིན་རྣམ་རྒྱལ་གྱིས་འགོ་འཛིན་བྱས་པ་དང་། ཐེངས་འདིའི་ཚོགས་ཞུགས་པ་ཡོངས་ཚོགས་ཆེན་གསུམ་གཙོས་པའི་ཐེངས་འདིའི་ཚོགས་འདུ་ཁག་གི་མཇུག་བསྡོམས་ཚོགས་འདུ་འཚོགས། 1. བསྟན་དང་འགྲོ་བའི་དོན་དུ་མཛད་རྗེས་གཟེངས་སུ་ཐོན་པའི་འདིར་ཕེབས་ཀྱི་ཚོགས་པའམ་མི་སྒེར་སྐོར་ཞིག་ལ་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་ངོས་ནས་ཆེ་མཐོང་ལེགས་གསོལ་གྱི་གཟི་བརྗིད་ཕྱག་རྟགས་དང་དཔང་ཡིག་གནང་།   2.ཐེངས་འདིའི་ཚོགས་འདུར་ཕེབས་པའི་བཤད་སྒྲུབ་འདུས་སྡེ་ཁག་གི་དགེ་རྒན་རྣམས་ལ་གཟེངས་བསྟོད་དཔང་ཡིག་གནང་། 3.ཐེངས་འདིའི་ཚོགས་ཆེད་དུ་གདན་ཞུའི་ཆེད་མཁས་མི་སྣ་ཁག་ལ་བཀའ་དྲིན་ལེགས་མཚོན་གྱི་གཟེངས་བསྟོད་ལེགས་སྐྱེས་གནང་བ། 4.ཐེང་འདིའི་ཚོགས་འདུར་ཕེབས་པའི་བཤད་གྲྭ་དང་སྒྲུབ་གྲྭ་གང་རུང་ཡོད་པའི་དགོན་སྡེ་ཁག་ལ་ལེགས་མཚོན་གཟེངས་རྟགས་གནང་། 5.ཐེངས་འདིའི་ཚོགས་འདུར་ཕེབས་པའི་དགོན་སྡེ་ཡོངས་ལ་དྲན་རྟེན་ལེགས་སྐྱེས་གནང་། 6.དྲུང་གཞོན་རིན་སྤུངས་ཚུལ་བསྟན་གྱིས་མདོ་འཛིན་བྱས་ཏེ། ཚོགས་གཙོ་རྩེ་ཞིག་ཚང་མཆོག་ལ། ༼ གཡུང་དྲུང་ཆག་ཤིང་། ཁ་བཏགས ༽ སྣང་ཞིག་སྐྱབས་མགོན་ཚང་ལ། ༼   གཡུང་དྲུང་ཆག་ཤིང་། ཁ་བཏགས  ༽ མཁས་པའི་དབང་པོ་སྐྱང་སྤྲུལ་དྲི་མེད་འོད་ཟེར་ཚང་ལ། ༼   གཡུང་དྲུང་ཆག་ཤིང་། ཁ་བཏགས ༽ བཅས་ལ་ལེགས་སྐྱེས་ཕུལ། བློ་འདྲི་མི་སྣ་གྲུབ་ཆེན་ནམ་མཁའ་རྒྱལ་མཚན་ལ། ༼   ཤར་རྫའི་གསུང་འབུམ། ཁ་བཏགས  ༽   བློ་འདྲི་མི་སྣ་མཁས་དབང་སྤྱང་སྤྲུལ་དྲི་མེད་འོད་ཟེར་ལ། ༼   ཤར་རྫའི་གསུང་འབུམ། ཁ་བཏགས  ༽   མཚན་འཛིན་ཚོགས་གཙོ་ཚུལ་ཆེན་ཐེག་མཆོག་བསྟན་པའི་ཉི་མ་ལ། ༼   ཤར་རྫའི་གསུང་འབུམ། ཁ་བཏགས  ༽  ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་མོ་དགེ་བཤེས་ནམ་མཁའ་ཚུལ་ཁྲིམས་ལ། ༼   ཤར་རྫའི་གསུང་འབུམ། ཁ་བཏགས  ༽ ཚོགས་གཙོ་གཞོན་པ་མཆོག་སྤྲུལ་ཀུན་གསལ་སྙིང་པོ་ལ། ༼   ཤར་རྫའི་གསུང་འབུམ། ཁ་བཏགས  ༽ ལེགས་སྐྱེས་ཕུལ། གཡང་གི་ཕྱུག་མོའི་སྦྱིན་བདག་ཀུན་ཐར་མཚོ། རེབ་གོང་བོན་མང་དྲྭ་ཚིགས་ཀྱི་གཙོ་སྒྲུབ་པ་རེབ་སྐྱིད་ཡར་འཕེལ། སྦྲ་ཆེན་གཞས་པ་ཕུར་བུ་ཚེ་རིང་།  ཤར་པའི་གཞས་པ་ཨ་སྟོང་འཆི་མེད་གཡུང་དྲུང་། རྔ་ཡུལ་གླུ་བ་གྲགས་བྷེ་བཅས་ལ་ཐེངས་འདིའི་ཚོགས་འདུའི་སྐབས་སུ་སོ་སོར་སྤྲད་པའི་ལས་འགན་སྒྲུབ་མཁན་མི་སྣ་ཁག་ལ་ཕུལ་བྱུང་གཟེངས་བསྟོད་དཔང་ཡིག་གནང་བ།7.དྲུང་ཡིག་ཆེན་མོ་འགོ་བ་དགེ་བཤེས་བསྟན་འཛིན་འབྲུག་གྲགས་ནས་ཚོགས་འདུའི་གྲོས་ཚོད་གསལ་བསྒྲགས་གནང་། 8.མཚན་འཛིན་ཚོགས་གཙོ་སྣང་ཞིག་སྐྱབས་མགོན་མཆོག་གིས་ཐེངས་འདིའི་མཛད་རིམ་ཁག་དང་འབྲེལ་ཏེ་གལ་ཆེན་གསུང་བཤད་གནང་། 9.གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱིས་སྣང་ཞིག་དགོན་ཆེན་ལ་དྲན་རྟེན་ལེགས་སྐྱེས་གནང་། 10.ཐེངས་འདིའི་འགན་བ་སྣང་ཞིག་དགོན་ཆེན་ནས་ཐེངས་རྗེས་མའི་ཚོགས་འདུའི་འགན་ཁུར་བ་རིན་སྤུངས་དགོན་ལ་མཉམ་འབྲེལ་ལྷན་ཚོགས་ཀྱི་མཚོན་རྟགས་སོགས་བརྒྱུད་སྤྲོད་གནང་། 11.ཚོགས་གཙོ་རྩེ་ཞིག་ཚང་ཤེས་རབ་བསྟན་པའི་ཟླ་བ་མཆོག་གིས་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་སྐབས་གཉིས་པའི་རྒྱས་འཛོམས་ཚོགས་ཆེན་ཐེངས་གཉིས་པ་དང་། གཡུང་དྲུང་བོན་གཡས་རུའི་འཆད་རྩོད་ཆེན་མོ་ཐེངས་གཉིས་པ། ཞང་བོད་ཤེས་རིག་གཞུང་བརྒྱའི་བགྲོ་གླེང་ཆེན་མོ་ཐེངས་གཉིས་པ་བཅས་ཚོགས་ཆེན་གསུམ་གྱི་མཇུག་བསྡོམས་གསུང་བཤད་གལ་ཆེན་གནང་བ། 12.མཐར་ཚོགས་ཞུགས་མི་སྣ་ཡོངས་ནས་གཡུང་དྲུང་བསྟན་པ་རྒྱས་པའི་སྨོན་ལམ་གསུངས་ཏེ་ཐེངས་འདིའི་ཚོགས་འདུ་རྒྱལ་ཁ་དང་བདེ་ལེགས་ངང་མཇུག་སྒྲིལ་བའོ།།

དཔྱད་མཆན་སྤེལ།

གློག་འཕྲིན་ཀུན་པོར་མི་བསྒྲགས། རྟགས * ཅན་ངེས་པར་དུ་བླུགས་དགོས།